བྱེ་བྲག་བཤད་མཚོ་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆོས་མངོན་པ་བྱེ་བྲག་བཤད་མཚོ་ཆེན་མོ་སྟེ། མིང་གཞན་དུ་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང༌། བྱེ་བྲག་བཤད་མཛོད་ཆེན་མོ་ཡང་ཟེར་ཞིང་འདི་ནི་སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་འཕགས་པ་ཉེར་སྦས་ཀྱི་དུས་སུ་ཉེར་སྦས་ཀྱི་སློབ་མ་ཟླ་བ་ནོར་བུ་ལ་སོགས་དགྲ་བཅོམ་པ་ལྔ་བརྒྱས་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ། དགྲ་བཅོམ་པ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡི་གེར་བཀོད་པས་ན་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་མཛད་པའི་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད་པའི་བསྟན་བཅོས་ཆེན་མོ་ཞིག
1 རྒྱས་འགྲེལ།

ཆོས་མངོན་པ་བྱེ་བྲག་བཤད་མཚོ་ཆེན་མོ་སྟེ། མིང་གཞན་དུ་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང༌། བྱེ་བྲག་བཤད་མཛོད་ཆེན་མོ་ཡང་ཟེར་ཞིང་འདི་ནི་སྟོན་པ་མྱ་ངན་ལས་འདས་རྗེས་ཀྱི་འཕགས་པ་ཉེར་སྦས་ཀྱི་དུས་སུ་ཉེར་སྦས་ཀྱི་སློབ་མ་ཟླ་བ་ནོར་བུ་ལ་སོགས་དགྲ་བཅོམ་པ་ལྔ་བརྒྱས་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ། དགྲ་བཅོམ་པ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་ནས་ཡི་གེར་བཀོད་པས་ན་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་མཛད་པའི་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད་པའི་བསྟན་བཅོས་ཆེན་མོ་ཞིག་སྟེ། བྱེ་བྲག་སྨྲ་བ་རྣམས་ཀྱི་ལུགས་ལྟར་ན《མངོན་པ་སྡེ་བདུན》བཀར་འདོད་པས། དགོངས་འགྲེལ་གྱི་བསྟན་བཅོས་རྣམས་ཀྱི་ཐོག་མ་མངོན་པ་སྡེ་བདུན་གྱི་དོན་བསྡུས་པ《བྱེ་བྲག་བཤད་མཚོ་ཆེན་མོ》ཡིན་པར་འདོད་པ་ཡིན། འདིའི་རྒྱ་དཔེ་པོ་ཏི་ཁ་ཤས་གཉལ་ན་བཞུགས་པ་ལས་པོ་ཏི་གཉིས་ཚལ་གུང་ཐང་དུ་ཡོད་ཅེས་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི《དྲུང་ཆེན་སྨོན་ལམ་རྡོ་རྗེའི་རྣམ་ཐར》བྲིས་མ་དབུ་མེད་དཔེ་རིང་ཤོག་གྲངས24པར་གསལ། རྣམ་ཐར་མ་ཡིག་ཤོག་གྲངས69ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-24

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།