བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་ལམ་གྱི་བཤད་སྲོལ་ལ་རང་ཉིད་གཅིག་པུའི་དོན་དུ་ཞི་བདེ་དོན་གཉེར་གྱི་བསམ་པ་སྤངས་ནས་ནམ་མཁའ་ཁྱབ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཐོག་མར་སྐྱེས་པའི་ཞེ་སའི་ཚིག
1 རྒྱས་འགྲེལ།

སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་ལམ་གྱི་བཤད་སྲོལ་ལ་རང་ཉིད་གཅིག་པུའི་དོན་དུ་ཞི་བདེ་དོན་གཉེར་གྱི་བསམ་པ་སྤངས་ནས་ནམ་མཁའ་ཁྱབ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཐོག་མར་སྐྱེས་པའི་ཞེ་སའི་ཚིག་སྟེ། དཔེར་ན། 《དྲིན་ལན་བསབས་པའི་མདོ》ལས་བྱང་ཆུབ་སེམས་དཔའ་དགའ་བའི་རྒྱལ་པོ་ཞེས་བྱ་བས་བཅོམ་ལྡན་འདས་ལ་ཐོག་མར་སེམས་གང་དུ་བསྐྱེད་ཞུས་པ་ལ། སྔོན་སོ་སོ་སྐྱེ་བོ་འཆིང་བ་ཐམས་ཅད་དང་ལྡན་པའི་དུས་སུ་ལས་ཀྱི་དབང་གིས་དམྱལ་བར་ལྷུངས་ཏེ། མེའི་ཤིང་རྟའི་དམྱལ་བར་དམྱལ་སྲུང་ཨ་ཝང་སྡོད་པའི་མེའི་ཤིང་རྟ་འདྲེན་མཁན་གྱི་གྱད་དུ་འཁྲུངས་པའི་ཚེ་ཉིད་ཀྱི་ཟླ་བོ་དེ་སྟོབས་ཆུང་བས་ཤིང་རྟ་འདྲེན་མི་ནུས་པས་ན། ཨ་ཝང་གིས་ལྕགས་ཀྱི་མདུང་རྩེ་གསུམ་པ་བྲང་ལ་བསྣུན་པས་ཁྲག་གི་ཆར་བབ་ཅིང་སྡུག་བསྔལ་གྱིས་མི་བཟོད་པར་སྨྲེ་སྔགས་འདོན་པ་ན། དེ་ལ་བཟོད་གླགས་མེད་པའི་སྙིང་རྗེ་རབ་ཏུ་རྒྱས་པའི་རྐྱེན་གྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་ཨ་ཝང་ལ་འདི་ལ་སྙིང་རྗེའི་སེམས་ཅུང་ཟད་ཅིག་སྐྱེད་པར་གསོལ་བས། དེ་ཁྲོས་ཏེ་ལྕགས་ཀྱི་མདུང་རྩེ་གསུམ་པ་གཉའ་བར་བཙུགས་པས་བསྐལ་པ་བརྒྱར་བསགས་པའི་སྡིག་པ་དག་ཅིང༌། དམྱལ་ བའི་གནས་ལས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པར་གསུངས་སོ། །འདི་བཅོམ་ལྡན་འདས་ཀྱིས་བྱམས་པའི་ཐུགས་བསྐྱེད་པའི་ཐོག་མ་ཡིན་པ་དང༌། དེ་ནས་བཟུང་མངོན་པར་རྫོགས་པ་སངས་རྒྱས་པའི་བར་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེའི་སེམས་རྒྱུན་མ་ཆད་པར་བསྐྱེད་པར་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་དོ། །འོན་ཀྱང་གདུལ་བྱའི་དུས་སྐབས་ཀྱི་བསམ་པའི་ཁྱད་པར་དང༌། སྟོན་པས་སྔོན་དེ་བཞིན་གཤེགས་པ་བགྲང་ལས་འདས་པའི་སྤྱན་སྔར་ཐུགས་བསྐྱེད་པའི་ཁྱད་པར་སོགས་དགོངས་གཞི་མང་པོས་ཐ་དད་པ་མང་དུ་གསུངས་པས་ཐུགས་བསྐྱེད་ཀྱི་ཐོག་མ་འདི་ཁོ་ནའོ། །ཞེས་ཁ་ཚོན་གཅོད་པར་སྙིང་པོ་མེད་པར་གསུངས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-18

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།