ཧོང་ཁུན་མིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོང་ཁུན་མིང་།
ཁོང་ནི་སྤྱི་ལོ1956ལོའི་ཟླ11པར་ཧྥུ་ཅན་ཧྲང་ཧང་དུ་སྐྱེས། སྤྱི་ལོ1974ལོའི་ཟླ12པར་བྱ་བར་ཞུགས། སྤྱི་ལོ1976ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་སྤྱི་པའི་དོ་དམ་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་དང་། དོ་དམ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་པུའུ་ཀྲང་གཞོན་པ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黄坤明
སྐྱེས་ལོ།
སྤྱི་ལོ1956ལོའི་ཟླ11པར།
སྐྱེས་ཡུལ།
ཧྥུ་ཅན་ཧྲང་ཧང་།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཆིང་ཧྭ་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1956ལོའི་ཟླ11པར་ཧྥུ་ཅན་ཧྲང་ཧང་དུ་སྐྱེས། སྤྱི་ལོ1974ལོའི་ཟླ12པར་བྱ་བར་ཞུགས། སྤྱི་ལོ1976ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་སྤྱི་པའི་དོ་དམ་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་ཡོན་ཚད་དང་། དོ་དམ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་པུའུ་ཀྲང་གཞོན་པ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1974ལོ་ནས་སྤྱི་ལོ1977ལོའི་བར། སྐམ་དམག་གསུམ་གཉིས་བརྒྱད་དྲུག་དྲུག་དམག་དཔུང་གི་ཡན་ལག་རུ་ཤོག་བརྒྱད་བཅུ་གྱ་བཞིའི་དམག་མི་དང་། བཅུ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1977ལོ་ནས་སྤྱི་ལོ1978ལོའི་བར། ཧྥུ་ཅན་ཞིང་ཆེན་ཧྲང་ཧང་རྫོང་ཐུང་ཞན་ཀུང་ཧྲེ་ཐུང་ཞན་རུ་ཆེན་གྱི་དྲུང་ཡིག་དང་། ཏང་ཀྲེ་པུའི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར། ཧྥུ་ཅན་དགེ་འོས་སློབ་ཆེན་ཆབ་སྲིད་སློབ་གསོའི་ཚན་ཁག་ཏུ་སློབ་སྦྱོང་གནང་།

སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཨུད་རྩ་འཛུགས་པུའུ་ཡི་ལས་བྱེད་པ་གནང་།

སྤྱི་ལོ1985ལོ་ནས་སྤྱི་ལོ1988ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཨུད་རྩ་འཛུགས་པུའི་གཞོན་ནུ་ལས་བྱེད་པ་ཁོའོ་ཡི་ཁོའོ་ཀྲང་གཞོན་པའི་འགན་བཞེས། (དེའི་རིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་གསོ་སྦྱོང་པུའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་གནང་། )

སྤྱི་ལོ1988ལོ་ནས་སྤྱི་ལོ1990ལོ་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་གནང་།

སྤྱི་ལོ1990ལོ་ནས་སྤྱི་ལོ1991ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1991ལོ་ནས་སྤྱི་ལོ1992ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་སྲིད་འཛིན་ཀྲུང་ཧྲུའུ་ཡི་དྲུང་ཆེ་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གྱི་ལས་རོགས་དང་། དྲུང་ཆེ་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1993ལོ་ནས་སྤྱི་ལོ1995ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གྱི་ལས་རོགས་དང་། ཡུང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1995ལོ་ནས་སྤྱི་ལོ1997ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་ས་ཁུལ་གྱི་ས་ཨུད་ཨུ་ཡོན། ཡུང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཡུང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ1999ལོའི་བར། ཧྥུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱིའི་འགན་བཞེས།

སྤྱི་ལོ1999ལོ་ནས་སྤྱི་ལོ2000ལོའི་བར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱིའི་ལས་ཚབ་བའི་འགན་བཞེས།

སྤྱི་ལོ2000ལོ་ནས་སྤྱི་ལོ2003ལོའི་བར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱིའི་འགན་བཞེས།

སྤྱི་ལོ2003ལོ་ནས་སྤྱི་ལོ2007ལོའི་བར། ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2007ལོ་ནས་སྤྱི་ལོ2010ལོའི་བར། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའི་པུའུ་ཀྲང་གི་འགན་བཞེས། (དེའི་རིང་གི་སྤྱི་ལོ2005ལོ་ནས་སྤྱི་ལོ2008ལོའི་བར། ཆིང་ཧྭ་སློབ་གྲྭ་ཆེན་མོ་སྤྱི་པའི་དོ་དམ་སློབ་གླིང་སྤྱི་པའི་དོ་དམ་ཆེད་ལས་སུ་སློབ་སྦྱོང་གནང་བ་དང་། དོ་དམ་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། )

སྤྱི་ལོ2010ལོ་ནས་སྤྱི་ལོ2012ལོའི་བར། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ཧང་ཀྲུའུ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་བར། ཀྲེ་ཅང་ཞིང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཧང་ཀྲུའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོ་ནས་སྤྱི་ལོ2014ལོའི་བར། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2014ལོ་ནས་སྤྱི་ལོ2017ལོའི་བར། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་གྱི་པུའུ་ཀྲང་གཞོན་པའི་འགན་བཞེས། (པུའུ་རིམ་པ་རྒན་པ། )ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་འཁྲིད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2017ལོ་ནས་ད་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་ལས་དོན་གཙོ་སྐྱོང་གནང་མཁན་པུའུ་ཀྲང་གཞོན་པ། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་འཁྲིད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-24

གསར་སྤེལ་མཁན། :ཁ་སྒང་འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།