བོད་ཁམས་ཆུས་གང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནའ་རབས་བོད་ཀྱི་ལོ་རྒྱུས་དཔེ་དེབ་མང་ཆེ་བའི་ནང་བོད་ཀྱི་ས་ཆ་འདི་ཐོག་མར་ཆུས་གང་བའི་ས་ཁུལ་ཞིག་ཡིན་པ་དང༌། རྗེས་སུ་ཆུ་དེ་རྣམས་ཀོང་པོ་སྨད་རྒྱ་ལ་སེ་གཏམ་ཟེར་བའི་རིའི་ཁོག་པ་བརྟོལ་ཏེ་རྒྱ་གར་ཨ་སམ་དང་མེང་ཅ་ལ་བརྒྱུད་ཧིན་རྡུ་རྒྱ་མཚོ་ཆེན་པོར་འབབ་པ་ནས་བཟུང་རིམ་གྱིས་སྐམ་ས་དང་ནགས་ཚལ་ཆགས་པ་ཡིན་ཟེར་སྲོལ་ཡོད་ཅིང༌། ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་བོད་ཀྱི་ས་ཆ་ཆུས་གང་བ་ཟེར་བ་ནི་ལྷ་ས་དང་ཡར་ལུང་གཉིས་ཀྱི་ས་ཆ་ཆུས་གང་བ་ལ་ཟེར་བ་ལས་བོད་ཡོངས་རྫོགས་ཀྱི་ས་ཆ་ཆུས་གང་བ་ལ་ཟེར་བ་མིན།
1 རྒྱས་འགྲེལ།

གནའ་རབས་བོད་ཀྱི་ལོ་རྒྱུས་དཔེ་དེབ་མང་ཆེ་བའི་ནང་བོད་ཀྱི་ས་ཆ་འདི་ཐོག་མར་ཆུས་གང་བའི་ས་ཁུལ་ཞིག་ཡིན་པ་དང༌། རྗེས་སུ་ཆུ་དེ་རྣམས་ཀོང་པོ་སྨད་རྒྱ་ལ་སེ་གཏམ་ཟེར་བའི་རིའི་ཁོག་པ་བརྟོལ་ཏེ་རྒྱ་གར་ཨ་སམ་དང་མེང་ཅ་ལ་བརྒྱུད་ཧིན་རྡུ་རྒྱ་མཚོ་ཆེན་པོར་འབབ་པ་ནས་བཟུང་རིམ་གྱིས་སྐམ་ས་དང་ནགས་ཚལ་ཆགས་པ་ཡིན་ཟེར་སྲོལ་ཡོད་ཅིང༌། ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་བོད་ཀྱི་ས་ཆ་ཆུས་གང་བ་ཟེར་བ་ནི་ལྷ་ས་དང་ཡར་ལུང་གཉིས་ཀྱི་ས་ཆ་ཆུས་གང་བ་ལ་ཟེར་བ་ལས་བོད་ཡོངས་རྫོགས་ཀྱི་ས་ཆ་ཆུས་གང་བ་ལ་ཟེར་བ་མིན། བོད་ཀྱི་ས་ཆ་ཡོངས་རྫོགས་ཆུས་གང་ནས་མེད་ན་བོད་ཀྱི་སྐམ་ས་མ་ཆགས་གོང་གི་ཟི་ཁྲོན་དང༌། ཀན་སུའུ། ནང་སོག་མཚོ་སྔོན་སོགས་བོད་ས་གནས་ལས་ས་བབས་ཧ་ཅང་གིས་དམའ་བས་དེ་ཚོ་ཡང་ཆུས་གང་ནས་ཡོད་དགོས། ས་ཁུལ་དེ་ཚོ་ནི་བོད་ཀྱི་སྐམ་ས་མ་ཆགས་གོང་ནས་སྐམ་ས་ཆགས་ཏེ་མི་ཡི་རིགས་བྱུང་ཟིན་པས་གོང་གི་ཤོད་ཚུལ་དེ་མི་འགྲིག་ཟེར་མཁན་ཡོད། 《དེབ་ཐེར་སྔོན་པོ》ཡི་ནང་བོད་དང༌། རྒྱ་གར། རྒྱ་ནག བལ་ཡུལ། སོག་ཡུལ་བཅས་ཚང་མ་སྐམ་ས་ཆགས་པ་དང་མི་བྱུང་བ་སོགས་དུས་སྐབས་ཕལ་ཆེར་གཅིག་པ་ཡིན་ཞེས་བཤད། བོད་ས་གནས་འདི་སྐམ་ས་མ་ཆགས་གོང་ཆུས་གང་ནས་ཡོད་པའི་བཤད་ཚུལ་དེར་བོད་དུ་དམངས་གཙོའི་བཅོས་བསྒྱུར་མ་བྱས་ཕན་ཆད་ཚན་རིག་གི་ཐོག་ནས་ར་སྤྲོད་བྱེད་ཐུབ་པ་བྱུང་མེད་རུང༌། དེང་སྐབས་ཚན་རིག་གིས་བརྟག་དཔྱད་བྱས་པར་ལོ་ངོ་དུང་ཕྱུར་ལྔའི་སྔོན་ནས་ལོ་ངོ་བྱེ་བ་གསུམ་གྱི་སྔོན་བར་མཚོན་བྱེད་ཀྱི་ས་གཤིས་དུས་སྐབས་སོ་སོའི་གཡའ་རྡོའི་ཆགས་རིམ་ནང་དུ་རྒྱ་མཚོའི་གཏིང་དུ་ཡོད་པའི་བྱི་རུ་དང་ཉ། མཚོ་རྩ་སོགས་སྲོག་ཆགས་དང་རྩི་ཤིང་གི་འགྱུར་རྡོ་ཧ་ཅང་མང་པོ་རྙེད་པ་དེས་ལོ་ངོ་དུང་ཕྱུར་ཉི་ཤུ་ལྷག་གི་གོང་དུ་ཧི་མ་ལཱ་ཡའི་ཁུལ་དེ་མཚོ་ཁུལ་ཞིག་ཡིན་པར་ར་སྤྲོད་བྱས་པ་དང་ཆབས་ཅིག་ས་བབས་དེ་ལས་ཧ་ཅང་གིས་དམའ་སར་གནས་པའི་དབུས་གཙང་ཁམས་གསུམ་སོགས་སྐབས་དེར་ཆུས་གང་བའི་ས་ཁུལ་ཞིག་ཡིན་པར་ར་སྤྲོད་བྱེད་ཐུབ་ཀྱི་རེད། ཞིབ་ཆ《དྲི་བ་ཁྲི་བཅུ》(十万个为什么)ཟེར་བའི་རྒྱ་ཡིག་གི་དཔེ་དེབ་ཨང་བརྒྱད་པར་གཟིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-16

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།