ཧུའུ་ཙེ་ཅུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའུ་ཙེ་ཅུན།
ཁོ་མོ་ནི་སྤྱི་ལོ1955ལོའི་ཟླ3པར་སྐྱེས། ཁྲུང་ཆིང་གི་མི་ཡིན། སྤྱི་ལོ1976ལོའི་ཟླ2བར་ཏང་ནང་དུ་ཞུགས། སྤྱི་ལོ1974ལོའི་ཟླ4བར་བྱ་བར་ཞུགས། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་བཅའ་ཁྲིམས་སྡེ་ཁག་ནས་ཀྲུང་གོའི་བཅའ་ཁྲིམ་བསམ་བློའི་ལོ་རྒྱུས་ཀྱི་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཁྲིམས་རིག་པའི་རབ་འབྱམས་པ་དང་། རིམ་པ་དང་པོའི་ལྟ་ཞིབ་དཔོན། སློབ་དཔོན་ཆེན་མོ་གཞོན་པ་བཅས་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྩིས་བཤེར་ཧྲུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། རྩིས་བཤེར་འགོ་བ་བཅས་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
རྒྱ་ཡིག་གི་མིང་།
胡泽君
སྐྱེས་ཡུལ།
ཁྲུང་ཆིང་།
རྒྱལ་ཁབ།
ཀྲུང་གོ
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ3
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་།
1 ​ངོ་སྤྲོད། 

ཧུའུ་ཙེ་ཅུན།  མོ།  རྒྱ་རིགས།  སྤྱི་ལོ1955ལོའི་ཟླ3པར་སྐྱེས།  ཁྲུང་ཆིང་གི་མི་ཡིན།  སྤྱི་ལོ1976ལོའི་ཟླ2བར་ཏང་ནང་དུ་ཞུགས།  སྤྱི་ལོ1974ལོའི་ཟླ4བར་བྱ་བར་ཞུགས།  ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་བཅའ་ཁྲིམས་སྡེ་ཁག་ནས་ཀྲུང་གོའི་བཅའ་ཁྲིམ་བསམ་བློའི་ལོ་རྒྱུས་ཀྱི་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཁྲིམས་རིག་པའི་རབ་འབྱམས་པ་དང་། རིམ་པ་དང་པོའི་ལྟ་ཞིབ་དཔོན། སློབ་དཔོན་ཆེན་མོ་གཞོན་པ་བཅས་ཡིན།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྩིས་བཤེར་ཧྲུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། རྩིས་བཤེར་འགོ་བ་བཅས་ཡིན། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1974ལོའི་ཟླ4བར། སི་ཁྲོན་ཞིང་ཆེན་ཞི་ཁྲུང་རྫོང་རེན་ཧུ་ཀུང་ཧྲེ་ཡི་ན་གཞོན་ཤེས་ཡོན་ཅན་དང་། རྫོང་ཐོན་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1977ལོའི་ཟླ6པར། སི་ཁྲོན་ཞིང་ཆེན་ཞི་ཁྲུང་ས་གནས་ཏང་ཨུའི་ན་གཞོན་ཤེས་ཡོན་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ1978ལོའི་ཟླ9བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་དགེ་འོས་འཛིན་གྲྭ་ནས་མཚན་ཉིད་རིག་པ་སྦྱངས།

སྤྱི་ལོ1982ལོའི་ཟླ7བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་བཅའ་ཁྲིམས་སྡེ་ཁག་ནས་ཀྲུང་གོའི་བཅའ་ཁྲིམ་བསམ་བློའི་ལོ་རྒྱུས་ཀྱི་ཆེད་ལས་སྦྱངས་ཏེ་རབ་འབྱམས་ཞིབ་འཇུག་སློབ་མ་མཐར་ཕྱིན།

སྤྱི་ལོ1985ལོའི་ཟླ6པར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་བཅའ་ཁྲིམས་སྡེ་ཁག་གི་དགེ་རྒན་རམ་འདེགས་པ་དང་། ཞིབ་འཇུག་ཁྲུའུ་ཡི་ཏང་སྤྱིའི་ཡན་ལག་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1986ལོའི་ཟླ7པར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཐོན་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1988ལོའི་ཟླ12བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1991ལོའི་ཟླ6པར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ2བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ11པར། ཁྲིམས་འཛིན་པུའུ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ11པར། ཁྲིམས་འཛིན་པུའུ་ཏང་ཙུའུ་ཁོངས་མི་དང་། ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ4བར། ཁྲིམས་འཛིན་པུའུ་ཏང་ཙུའུ་ཁོངས་མི་དང་། པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ7པར། ཀོང་ཏུང་ཞིང་ཨུའི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2010ལོའི་ཟླ5བར། ཆེས་མཐོའི་མི་དམངས་ལྟ་ཞིབ་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ6པར། ཆེས་མཐོའི་མི་དམངས་ལྟ་ཞིབ་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ལྟ་ཞིབ་འགོ་བ་གཞོན་པ། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་སྤྱི་ཚོགས་དོ་དམ་སྣ་འཛོམས་བདག་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་གཏན་འཇགས་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ4བར། རྩིས་བཤེར་ཧྲུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་། རྩིས་བཤེར་འགོ་བའི་འགན་བཞེས།

གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་གྲབས་ཨུ་ཡོན་དང་། གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། ཨུ་ཡོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།