ཐིའེ་ཉིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐིའེ་ཉིང་།
ཐིའེ་ཉིང་། མོ། རྒྱ་རིགས། སྤྱི་ལོ1957ལོའི་ཟླ9པར་ཧུའུ་པེ་ཀྲའོ་རྫོང་དུ་སྐྱེས་ཤིང་། དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། བརྩམས་ཆོས་གཙོ་བོར། 《རྒྱ་སེ་མེ་ཏོག་གི་སྒོ》དང《ཆར་བ་མེད་པའི་གྲོང་ཁྱེར》དང་། 《སྦྲུམ་མ་དང་བ་གླང》དེ་བཞིན་ལྷུག་རྩོམ་དང་། གློག་བརྙན་གྱི་རྩོམ་རིག་འཁྲབ་གཞུང་སོགས་རྩོམ་ཡིག་བརྒྱ་ལྷག་ཙམ་དང་། ཁྱོན་བསྡོམས་ཡིག་འབྲུ་ས་ཡ་གསུམ་ལྷག་ཡོད། ལྷུག་རྩོམ་ཕྱོགས་བསྒྲིགས《བུད་མེད་ཀྱི་མཚན་མོའི་སྐྱ་མདངས》ཞེས་པར་ཀྲུང་གོའི་སྐབས་དང་པོའི་ལུའུ་ཤུན་རྩོམ་རིག་བྱ་དགའ་ཐོབ་པ་དང་། གློག་བརྙན《གོས་དམར་གཞོན་ནུ་མ》ཞེས་པར་སྤྱི་ལོ1985ལོའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་བྱ་དགའ་དང་པའེ་ཧྭའི་བྱ་དགའ་ཞེས་པའི་གཏམ་རྒྱུད་གློག་བརྙན་གྱི་ཕུལ་བྱུང་བྱ་དགའ་ཐོབ། བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་ཧྥ་རན་སེ། འཇར་པན། ཨུ་རུ་སུ། ཏན་མག སི་ཕེན་སོགས་ཀྱི་ཡི་གེར་བསྒྱུར་ཡོད་པ་དང་། ཞང་ཀང་དང་ཐའེ་ཝན་དུ་བརྩམས་སྒྲུང་དཔེ་སྐྲུན་ཡང་བྱས་ཡོད་པ་རེད། ད་ལྟ་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
铁凝
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུའུ་པེ་ཀྲའོ་རྫོང་།
སྐྱེས་ལོ།
སྤྱི་ལོ1957ལོའི་ཟླ9པ།
ལས་རིགས།
རྩོམ་པ་པོ།
མཐར་ཕྱིན་སློབ་གྲྭ།
པའོ་ཏིང་མཐོ་འབྲིང་བཅུ་གཅིག་པའི་མཐོ་རིམ་སློབ་འབྲིང་།
གྲུབ་འབྲས་གཙོ་བོ།
ལུའུ་ཤུན་རྩོམ་རིག་བྱ་དགའ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི།
འཐུས་ཚབ་བརྩམས་ཆོས།
《རྒྱ་སེ་མེ་ཏོག་གི་སྒོ》དང《ཨོ། ཞང་ཞུའེ》དང་། 《གྲོ་སོག་ལྕོག་ལྕོག》སོགས་སོ།།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1957ལོའི་ཟླ9པར། པེ་ཅིང་སྐྱེ་ཤིང་རྗེས་སུ་གནའ་མཁར་པའོ་ཏིང་ནས་བྱིས་དུས་དང་ན་གཞོན་གྱི་འཚོ་བ་རོལ་ཏེ་འཚར་ལོངས་བྱུང་། 

སྤྱི་ལོ1975ལོར། པའོ་ཏིང་མཐོ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས། ཧུའུ་པེ་ཞིང་ཆེན་པོ་ཡེ་རྫོང་གི་གྲོང་གསེབ་ཀྱི་རུ་ཁག་ཏུ་ཞུགས་པ་དང་། བརྩམས་ཆོས་སྤེལ་འགོ་ཚུགས།

སྤྱི་ལོ1979-1980ལོར། ཧུའུ་པེ་ཞིང་ཆེན་པའོ་ཏིང་ས་ཁུལ་རིག་གནས་ཅུས་གསར་རྩོམ་ཚོ་ཆུང་གི་གསར་རྩོམ་མི་སྣ་ཡིན།

སྤྱི་ལོ1984ལོའི་ཟླ7པར། ཧུའུ་པེ་ཞིང་ཆེན་པའོ་ཏིང་ས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི《ཧྭ་ཧྲན》རྩོམ་སྒྲིག་པུའི་རྩོམ་སྒྲིག་པའི་འགན་བཞེས།

སྤྱི་ལོ1986ལོའི་ཟླ12པར། ཧུའུ་པེ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་རྩོམ་ཁང་གི་ཆེད་ལས་རྩོམ་པ་པོ་ཡིན།

སྤྱི་ལོ1992ལོའི་ཟླ10པར། ཧུའུ་པེ་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཙུའི་ཁོངས་མི་བཅས་ཡིན།

སྤྱི་ལོ1996ལོའི་ཟླ5པར། ཧུའུ་པེ་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་ཙུའི་ཁོངས་མི། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1996ལོའི་ཟླ12པར། ཧུའུ་པེ་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཏང་ཙུའི་ཁོངས་མི། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་། ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2001ལོར། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཐེངས་དྲུག་པའི་འཐུས་མི་ཚོགས་ཆེན་ཐོག་སླར་ཡང་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

སྤྱི་ལོ2006ལོའི་ཟླ11པར། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་། ཧུའུ་པེ་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ12པར། ཧུའུ་པེ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞིར་བདམས་ཐོན་བྱུང་།

སྤྱི་ལོ2011ལོའི་ཟླ11པར། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་ལས་འགན་བསྟུད་མར་ཁུར།

སྤྱི་ལོ2016ལོའི་ཟླ12པར། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།

ཀྲུང་གུང་སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན།

ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ་བཅས་ཀྱི་འཐུས་མི་ཡིན།

ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་བཅོ་བརྒྱད་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཡིན།

2 མི་སྣའི་བརྩམས་ཆོས།

1.བརྩམས་སྒྲུང་རིང་གྲས《རྒྱ་སེ་མེ་ཏོག་གི་སྒོ》དང《ཆར་བ་མེད་པའི་གྲོང་ཁྱེར》དང《པུན་ཧྭ》

2.བརྩམས་སྒྲུང་འབྲིང་གྲས《གྲོ་སོག་ལྕོག་ལྕོག》དང《གདོང་གཏུག》དང《སྒྲོག་ཁུང་མེད་པའི་སྟོང་ཐུང་དམར་བོ》

3.བརྩམས་སྒྲུང་ཐུང་གྲས《ཨོ། ཞང་ཞུའེ》དང《སྦྲུམ་མ་དང་བ་གླང》དང《ཨན་ཏུ་ལིའེ་ཡི་མཚན་མོ》དེ་བཞིན་ལྷུག་རྩོམ་དང་། གློག་བརྙན་གྱི་རྩོམ་རིག་འཁྲབ་གཞུང་སོགས་རྩོམ་ཡིག་བརྒྱ་ལྷག་ཙམ་དང་། ཁྱོན་བསྡོམས་ཡིག་འབྲུ་ས་ཡ་གསུམ་ལྷག་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-20

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།