ཀྲོའུ་ཆང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲོའུ་ཆང་།
ཁོང་ནི་སྤྱི་ལོ1960ལོའི་ཟླ4བར་སྐྱེས། ཧུའུ་པེ་ཧོང་མེ་ཡི་མི་ཡིན། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཞིབ་འཇུག་གླིང་ནས་དམངས་ཁྲིམས་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་། ཁྲིམས་རིག་པའི་རབ་འབྱམས་པའི་ལག་རྟགས་ལྡན། སྤྱི་ལོ1976ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1978ལོའི་ཟླ9བར་ཏང་ནང་དུ་ཞུགས། སྐབས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ཐོག་དང་པོའི་ཁྲིམས་དཔོན། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་གི་འགོ་བ་བཅས་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
རྒྱ་ཡིག་གི་མིང་།
周强
སྐྱེས་ཡུལ།
ཧུའུ་པེ་ཧོང་མེ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1960ལོའི་ཟླ4
རྒྱལ་ཁབ།
ཀྲུང་གོ
མཐར་ཕྱིན་སློབ་གྲྭ།
ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན།
1 ངོ་སྤྲོད། 

ཀྲོའུ་ཆང་།   ཕོ།   རྒྱ་རིགས།   སྤྱི་ལོ1960ལོའི་ཟླ4བར་སྐྱེས། ཧུའུ་པེ་ཧོང་མེ་ཡི་མི་ཡིན། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཞིབ་འཇུག་གླིང་ནས་དམངས་ཁྲིམས་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་། ཁྲིམས་རིག་པའི་རབ་འབྱམས་པའི་ལག་རྟགས་ལྡན། སྤྱི་ལོ1976ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1978ལོའི་ཟླ9བར་ཏང་ནང་དུ་ཞུགས། སྐབས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་ཡིན།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ཐོག་དང་པོའི་ཁྲིམས་དཔོན། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་གི་འགོ་བ་བཅས་ཡིན། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1976ལོ་ནས་སྤྱི་ལོ1978ལོའི་བར།  ཧུའུ་པེ་ཧོང་མེ་རྫོང་ཏུའུ་ཧྲན་ཀུང་ཧྲེ་ཉེ་འགྲམ་རུ་དཔུང་ལ་ཞུགས་ཏེ་ན་གཞོན་ཤེས་ཡོན་པའི་འགན་བཞེས།

སྤྱི་ལོ1978ལོ་ནས་སྤྱི་ལོ1982ལོའི་བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་བཅའ་ཁྲིམས་སྡེ་ཁག་ནས་སློབ་སྦྱོང་བྱས།

སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར། ལྷོ་ནུབ་སྲིད་ཁྲིམས་སློབ་གླིང་གི་ཞིབ་འཇུག་གླིང་ནས་དམངས་ཁྲིམས་ཆེད་ལས་སྦྱངས་ཏེ་བར་འབྱམས་ཞིབ་འཇུག་སློབ་མ་མཐར་ཕྱིན།

སྤྱི་ལོ1985ལོ་ནས་སྤྱི་ལོ1989ལོའི་བར། ཁྲིམས་འཛིན་པུའུ་སྲིད་ཇུས་ཞིབ་འཇུག་ཁང་གི་ཁྲིམས་སྲོལ་ཁྲུའུ་ཡི་ལས་བྱེད་པ་དང་། ཀྲུའུ་རེན་ཁུ་ཡོན། ཁྲིམས་སྲོལ་ཁང་བཅའ་ཁྲིམས་ཁྲིམས་སྲོལ་ཁྲུའུ་ཡི་ཀྲུའུ་རེན་ཁུ་ཡོན་གྱི་འགན་བཞེས།

སྤྱི་ལོ1989ལོ་ནས་སྤྱི་ལོ1991ལོའི་བར། ཁྲིམས་འཛིན་པུའུ་ཁྲིམས་སྲོལ་ཁང་གི་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1991ལོ་ནས་སྤྱི་ལོ1993ལོའི་བར། ཁྲིམས་འཛིན་པུའུ་ཁྲིམས་སྲོལ་ཁང་གི་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1993ལོ་ནས་སྤྱི་ལོ1995ལོའི་བར། ཁྲིམས་འཛིན་པུའུ་ཡི་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གཞོན་པ་དང་། པུའུ་ཀྲང་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1995ལོ་ནས་སྤྱི་ལོ1995ལོའི་བར། ཁྲིམས་འཛིན་པུའུ་ཁྲིམས་ལུགས་ཟི་ཡི་ཟི་ཀྲང་གི་འགན་བཞེས།

སྤྱི་ལོ1995ལོ་ནས་སྤྱི་ལོ1997ལོའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1997ལོ་ནས་སྤྱི་ལོ1998ལོའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ2006ལོའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོའི་འགན་བཞེས།

སྤྱི་ལོ2006ལོ་ནས་སྤྱི་ལོ2006ལོའི་བར། ཧུའུ་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཚབ་སྒྲུབ་ཧྲེང་ཀྲང་། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2006ལོ་ནས་སྤྱི་ལོ2007ལོའི་བར། ཧུའུ་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཚབ་སྒྲུབ་ཧྲེང་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོ་ནས་སྤྱི་ལོ2010ལོའི་བར། ཧུའུ་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲེང་ཀྲང་གི་འགན་བཞེས།

སྤྱི་ལོ2010ལོ་ནས་སྤྱི་ལོ2010ལོའི་བར། ཧུའུ་ནན་ཞིང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2010ལོ་ནས་སྤྱི་ལོ2013ལོའི་བར། ཧུའུ་ནན་ཞིང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོ་ནས་སྤྱི་ལོ2015ལོའི་བར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ཧུའུ་ནན་ཞིང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོ་ནས་ད་ལྟའི་བར། ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཁང་གི་འགོ་བའི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་བ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅུ་དགུ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། ཨུ་ཡོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-18

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།