ཀྲང་ཅོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་ཅོན།
ཁོང་ནི་སྤྱི་ལོ1956ལོའི་ཟླ10བར་སྐྱེས། ཧྲན་ཏུང་པའོ་ཞིང་གི་མི་ཡིན། སྤྱི་ལོ1973ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1974ལོའི་ཟླ5བར་ཏང་ནང་དུ་ཞུགས། ཀྲུང་གོ་མི་དམངས་སློབ་ཆེན་གྱི་བཅའ་ཁྲིམས་སྡེ་ཁག་ནས་ཉེས་ཁྲིམས་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་། ཁྲིམས་རིག་པའི་འབུམས་རམས་པའི་ལག་རྟགས་བླངས་པ་དང་། དགེ་རྒན་ཆེན་མོ་གཞོན་པ་བཅས་ཡིན། ད་ལྟ་ཀྲུང་གི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུའི་ཨུ་ཡོན་བཅས་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
རྒྱ་ཡིག་གི་མིང་།
张军
ཕ་ཡུལ།
ཧྲན་ཏུང་པའོ་ཞིང་།
རྒྱལ་ཁབ།
ཀྲུང་གོ
སྐྱེས་ལོ།
སྤྱི་ལོ1956ལོའི་ཟླ10
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཅི་ལིན་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན།


1 ངོ་སྤྲོད།

ཀྲང་ཅོན།   ཕོ།  རྒྱ་རིགས།  སྤྱི་ལོ1956ལོའི་ཟླ10བར་སྐྱེས།  ཧྲན་ཏུང་པའོ་ཞིང་གི་མི་ཡིན། སྤྱི་ལོ1973ལོའི་ཟླ1པོར་བྱ་བར་ཞུགས། སྤྱི་ལོ1974ལོའི་ཟླ5བར་ཏང་ནང་དུ་ཞུགས། ཀྲུང་གོ་མི་དམངས་སློབ་ཆེན་གྱི་བཅའ་ཁྲིམས་སྡེ་ཁག་ནས་ཉེས་ཁྲིམས་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་བསླབ་གནས་དང་། ཁྲིམས་རིག་པའི་འབུམས་རམས་པའི་ལག་རྟགས་བླངས་པ་དང་།   དགེ་རྒན་ཆེན་མོ་གཞོན་པ་བཅས་ཡིན།

ད་ལྟ་ཀྲུང་གི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུའི་ཨུ་ཡོན་བཅས་ཡིན། 

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1973ལོའི་ཟླ1པོ་ནས་སྤྱི་ལོ1975ལོའི་ཟླ10བའི་བར།  ཅི་ལིན་ཞིང་ཆེན་ནུང་ཨན་རྫོང་ཧུ་ལུང་ཀུང་ཧྲེ་ཡི་གཞོན་ནུ་ཤེས་ཡོན་ཅན་དང་། ཀྲུའུ་ཚང་གི་ལྡུམ་རའི་རུ་ཆེན་གྱི་བཅོས་བསྒྱུར་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད།

སྤྱི་ལོ1975ལོའི་ཟླ10པ་ནས་སྤྱི་ལོ1978ལོའི་ཟླ8པའི་བར།  གུང་གཞོན་ཚོགས་པའི་ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཁྱབ་བསྒྲགས་པུའུ་ཡི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ1978ལོའི་ཟླ8པ་ནས་སྤྱི་ལོ1982ལོའི་ཟླ8པའི་བར།  ཅི་ལིན་སློབ་ཆེན་གྱི་བཅའ་ཁྲིམས་སྡེ་ཁག་ནས་བཅའ་ཁྲིམས་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ8པ་ནས་སྤྱི་ལོ1988ལོའི་ཟླ8པའི་བར།   ཀྲུང་གོ་མི་དམངས་སློབ་ཆེན་གྱི་བཅའ་ཁྲིམས་སྡེ་ཁག་ནས་ཉེས་ཁྲིམས་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས།

སྤྱི་ལོ1985ལོའི་ཟླ8པ་ནས་སྤྱི་ལོ1995ལོའི་ཟླ1པོའི་བར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཕྱོགས་བསྡུས་ཁྲུའུ་དང་། ཉེས་དོན་ཁྲུའུ་ཡི་ཧྲུའུ་ཅི། ཉེས་དོན་ཁྲུའུ་ཡི་ཁྲའུ་ཀྲང་གཞོན་པ། འདྲི་གཅོད་ལག་རོགས་པ། ཁྲུའུ་ཀྲང་། འདྲི་གཅོད་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ1པོ་ནས་སྤྱི་ལོ1998ལོའི་ཟླ11པའི་བར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ11པ་ནས་སྤྱི་ལོ2000ལོའི་ཟླ8པའི་བར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་གྱི་ཨུ་ཡོན་དང་། ཐེངས་དང་པོའི་ཉེས་དོན་འདྲི་གཅོད་ཐིང་གི་ཐིང་ཀྲང་གི་འགན་བཞེས།

སྤྱི་ལོ2000ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ12པའི་བར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ལྷན་གྱི་ཨུ་ཡོན་དང་། ཐེངས་གཉིས་པའི་ཉེས་དོན་འདྲི་གཅོད་ཐིང་གི་ཐིང་ཀྲང་གི་འགན་བཞེས།

སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2003ལོའི་ཟླ6པའི་བར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའུ་ཁོངས་མི། འདྲི་གཅོད་ཨུ་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2003ལོའི་ཟླ6པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར།  ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཏང་ཙུའུ་ཁོངས་མིའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ8པ་ནས་སྤྱི་ལོ2007ལོའི་ཟླ10པའི་བར།  ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའུ་ཁོངས་མི། འདྲི་གཅོད་ཨུ་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2007ལོའི་ཟླ10པ་ནས་སྤྱི་ལོ2008ལོའི་ཟླ4པའི་བར།  ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའུ་ཁོངས་མི། འདྲི་གཅོད་ཨུ་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ4པ་ནས་སྤྱི་ལོ2012ལོའི་ཟླ11པའི་བར།  ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ཨུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ་དང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ11པ་ནས་སྤྱི་ལོ2017ལོའི་ཟླ2པའི་བར། ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ2པ་ནས་ད་ལྟའི་བར་དུ། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་དང་།  ཏང་ཙུའུ་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད།

སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། སྤྱི་ལོ2012ལོའི་ཟླ11པར་གསབ་འདེམས་བྱས་པའི་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུའི་ཨུ་ཡོན། རྒྱུན་ཨུ། ཧྲུའུ་ཅི་གཞོན་པ། ཏང་གི་ཚོགས་ཆེན་བཅུ་དགུ་བའི་འཐུས་མི།  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། ཨུ་ཡོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-08

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།