ཝང་ཏུང་མིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝང་ཏུང་མིན།
ཁོང་ནི་སྤྱི་ལོ1956ལོའི་ཟླ7པར་སྐྱེས་པ། ལུའོ་ཉིན་ཁོན་ཏན་གྱི་མི་ཡིན། སྤྱི་ལོ1975ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1975ལོའི་ཟླ8པར་བྱ་བར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཁྲིམས་ལུགས་ཆེད་ལས་དང་། ལའོ་ཉིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་གི་མཚན་ཉིད་རིག་པའི་ཆེད་ལས་ནས་མཐར་ཕྱིན་པ་བརྒྱུད། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་ཐོབ་དང་མཚན་ཉིད་རིག་པའི་བསླབ་རམས་པ་བཅས་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王东明
སྐྱེས་ལོ།
སྤྱི་ལོ1956ལོའི་ཟླ7པ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ལུའོ་ཉིན་ཁོན་ཏན།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ། ལའོ་ཉིན་སློབ་གྲྭ་ཆེན་མོ།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1956ལོའི་ཟླ7པར་སྐྱེས་པ། ལུའོ་ཉིན་ཁོན་ཏན་གྱི་མི་ཡིན། སྤྱི་ལོ1975ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1975ལོའི་ཟླ8པར་བྱ་བར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཁྲིམས་ལུགས་ཆེད་ལས་དང་། ལའོ་ཉིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་གི་མཚན་ཉིད་རིག་པའི་ཆེད་ལས་ནས་མཐར་ཕྱིན་པ་བརྒྱུད། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་ཐོབ་དང་མཚན་ཉིད་རིག་པའི་བསླབ་རམས་པ་བཅས་ཡིན།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་བཅས་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1975ལོའི་ཟླ8པ་ནས་སྤྱི་ལོ1978ལོའི་ཟླ3པའི་བར། ལུའོ་ཉིན་ཞིང་ཆེན་ཧུན་རིན་རྫོང་ཀུང་ཧྲེ་ཡི་གཞོན་ནུ་ཤེས་ཡོན་ཅན་དང་། ཏུང་པོ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ1978ལོའི་ཟླ3པ་ནས་སྤྱི་ལོ1982ལོའི་ཟླ2པའི་བར། ལུའོ་ཉིན་སློབ་གྲྭ་ཆེན་མོའི་མཚན་ཉིད་རིག་པའི་སྡེ་ཁག་ནས་མཚན་ཉིད་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ2པ་ནས་སྤྱི་ལོ1982ལོའི་ཟླ6པའི་བར། ལའོ་ཉིན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ6པ་ནས་སྤྱི་ལོ1983ལོའི་ཟླ6པའི་བར། ལུའོ་ཉིན་ཞིང་ཆེན་ཅིན་ཀྲུག་གྲོང་ཁྱེར་ཐའེ་ཧེ་ཁུལ་ནུབ་འདབས་ཀུང་ཧྲེ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1983ལོའི་ཟླ6པ་ནས་སྤྱི་ལོ1985ལོའི་ཟླ3པའི་བར། གུང་གཞོན་ཚོགས་པའི་ལའོ་ཉིན་ཞིང་ཆེན་ཅིན་ཀྲུག་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1985ལོའི་ཟླ3པ་ནས་སྤྱི་ལོ1988ལོའི་ཟླ3པའི་བར། ལུའོ་ཉིན་ཞིང་ཆེན་སུའུ་ཀྲུང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། (རྫོང་རིམ་པ།)

སྤྱི་ལོ1988ལོའི་ཟླ3པ་ནས་སྤྱི་ལོ1991ལོའི་ཟླ1པའི་བར། ལུའོ་ཉིན་ཞིངཆེན་སུའུ་ཀྲུང་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1991ལོའི་ཟླ1པ་ནས་སྤྱི་ལོ1993ལོའི་ཟླ2པའི་བར། ལུའོ་ཉིན་ཞིང་ཆེན་ཏིན་ཐ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ2པ་ནས་སྤྱི་ལོ1993ལོའི་ཟླ5པའི་བར། ལུའོ་ཉིན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ5པ་ནས་སྤྱི་ལོ1994ལོའི་ཟླ4པའི་བར། ལུའོ་ཉིན་ཞིང་ཆེན་ལུའོ་དབྱང་གྲོང་ཨུའི་རྒྱུན་ཨུ་དང་། ཧྲི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1994ལོའི་ཟླ4པ་ནས་སྤྱི་ལོ1996ལོའི་ཟླ12པའི་བར། ལུའོ་ཉིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པའི་འགན་བཞེས། (སྤྱི་ལོ1996ལོའི་ཟླ1པོར་རྒྱུན་ལས་བྱ་བའི་མགོ་འཛིན་བྱས།)

སྤྱི་ལོ1996ལོའི་ཟླ12པ་ནས་སྤྱི་ལོ1997ལོའི་ཟླ11པའི་བར། ལུའོ་ཉིན་ཞིང་ཆེན་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས། (སྤྱི་ལོ1996ལོའི་ཟླ9པ་ནས་སྤྱི་ལོ1997ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སྡེ་ཁག་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲར་ཁྲིམས་ལུགས་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས།)

སྤྱི་ལོ2000ལོའི་ཟླ10པ་ནས་སྤྱི་ལོ2002ལོའི་ཟླ8པའི་བར། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་དང་ལས་བྱེད་གཉིས་ཅུས་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ2002ལོའི་ཟླ8པ་ནས་སྤྱི་ལོ2003ལོའི་ཟླ4པའི་བར། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2003ལོའི་ཟླ4པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་། ཀྲུང་དབྱང་ལུས་ཁམས་བདེ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2007ལོའི་ཟླ7པ་ནས་སྤྱི་ལོ2012ལོའི་ཟླ11པའི་བར། ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁྲིད་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུང་དབྱང་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི(སྤྱི་ལོ2001ལོའི་ཟླ8པར་ཀྲུང་དབྱང་སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ཞེས་མིང་བསྒྱུར།)ཨུ་ཡོན། ཀྲུང་དབྱང་ལུས་ཁམས་བདེ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། (སྤྱི་ལོ2008ལོའི་ཟླ1པོ།)རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། (སྤྱི་ལོ2008ལོའི་ཟླ5པ།) ཀྲུང་དབྱང་གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།(སྤྱི་ལོ2007ལོའི་ཟླ10པ།) ཀྲུང་དབྱང་ཞིང་སྡེ་འགོ་ཁྲིད་ལས་དོན་ཚོགས་ཆུང་གི་ཁོངས་མི།(སྤྱི་ལོ2017ལོའི་ཟླ12པ།) རྒྱལ་ཁབ་ཆ་འཕྲིན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི།(སྤྱི་ལོ2007ལོའི་ཟླ12པ།)

སྤྱི་ལོ2012ལོའི་ཟླ11པ་ནས་སྤྱི་ལོ2013ལོའི་ཟླ1པའི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གྱི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སྐབས་བཅུ་བའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཀྱི་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-12-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།