ཕྱི་རོལ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང༌། དེ་ལས་གཞན་པའི་སྐྱབས་གནས་འཆོལ་བའི་གང་ཟག་དེ་ལ་ཕྱི་རོལ་པ་ཞེས་ཟེར།
1 ​ལོ་ཙཱ།

རྒྱ་ཡིག 异教徒,外道

དབྱིན་ཡིག outsider, alien. 

2 རྒྱས་འགྲེལ།

དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང༌། དེ་ལས་གཞན་པའི་སྐྱབས་གནས་འཆོལ་བའི་གང་ཟག་དེ་ལ་ཕྱི་རོལ་པ་ཞེས་པ་དང༌། དེའི་སྒྲ་བཤད་ནི་རང་སྡེ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ལས་ཕྱི་རོལ་ཏུ་ཕྱོགས་ཏེ་འཇིག་རྟེན་པའི་ཤེས་རབ་ཀྱིས་དངོས་པོའི་གནས་ལ་དཔྱོད་ཀྱང་ལུགས་མཐུན་གྱི་ཐར་པའི་རྗེས་སུ་མཐུན་པའི་ལམ་མེད་པས་ན་ཕྱི་རོལ་པ་དང༌། མིང་གི་རྣམ་གྲངས་ལ། རང་སྡེ་ནང་པ་སངས་རྒྱས་པ་ལས་གཞན་གྱི་སྡེ་ཡིན་པས་ན་གཞན་སྡེ་དང༌། རྟག་ཆད་ཀྱི་ལྟ་བ་ངན་པའི་མུའམ་མཐའ་ལ་བརྟེན་ཞིང་གྲུབ་མཐའ་ལོག་པའི་ལམ་ལ་སྟེགས་འཆའ་བས་ན་མུ་སྟེགས་པ་ཞེས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-01

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།