བརྒལ་སྒྲ་ངོས་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བརྒལ་སྒྲ་ངོས་འཛིན།
བརྒལ་སྒྲ་ལག་རྩལ་གསོ་རིག་སྟེང་བཀོལ་བའི་ལོ་རྒྱུས་ལ་ལོ་བཅུ་ཕྲག་འགའ་ཙམ་ལས་མེད། འོན་ཀྱང་དམིགས་གསལ་གྱི་ཁྱད་འཕགས་རང་བཞིན་ཡོད་པས་གསོ་རིག་ངོས་འཛིན་དང་གསོ་བཅོས། གསོ་རིག་ཞིབ་འཇུག་ཐད་རྒྱ་ཁྱབ་སྒོས་སྤྱོད་པ་རེད། ལྷག་པར་དུ་བརྒལ་སྒྲ་ངོས་འཛིན་ལག་རྩལ་ནིXའཕྲོ་ཐིག་ངོས་འཛིན་ལག་རྩལ་རྗེས་ཀྱི་འཕེལ་རྒྱས་ཆེས་མགྱོགས་པ་དང་། ཁྱབ་སྤེལ་དང་བེད་སྤྱོད། ཁྱབ་གདལ་དུ་སྤེལ་བ་ཆེས་མགྱོགས་པའི་ལག་རྩལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
超声诊断
ཕྱི་ཡིག་གི་མིང་།
Ultrasonic Diagnosis
བྱེད་ཐབས།
ཚད་བརྒལ་སྒྲ་རླབས།
1 ​མདོར་བསྟན་པ།

བརྒལ་སྒྲ་ལག་རྩལ་གསོ་རིག་སྟེང་བཀོལ་བའི་ལོ་རྒྱུས་ལ་ལོ་བཅུ་ཕྲག་འགའ་ཙམ་ལས་མེད། འོན་ཀྱང་དམིགས་གསལ་གྱི་ཁྱད་འཕགས་རང་བཞིན་ཡོད་པས་གསོ་རིག་ངོས་འཛིན་དང་གསོ་བཅོས། གསོ་རིག་ཞིབ་འཇུག་ཐད་རྒྱ་ཁྱབ་སྒོས་སྤྱོད་པ་རེད། ལྷག་པར་དུ་བརྒལ་སྒྲ་ངོས་འཛིན་ལག་རྩལ་ནིXའཕྲོ་ཐིག་ངོས་འཛིན་ལག་རྩལ་རྗེས་ཀྱི་འཕེལ་རྒྱས་ཆེས་མགྱོགས་པ་དང་། ཁྱབ་སྤེལ་དང་བེད་སྤྱོད། ཁྱབ་གདལ་དུ་སྤེལ་བ་ཆེས་མགྱོགས་པའི་ལག་རྩལ་ཞིག་ཡིན། བརྒལ་སྒྲ་བརྙན་གྲུབ་དེ་སྨན་ཁང་ནངXའཕྲོ་ཐིག་བརྙན་གྲུབ་ལས་ཞན་པ་ཙམ་རེད། བརྒལ་སྒྲ་ངོས་འཛིན་གྱིས་ཚད་བརྒལ་སྒྲ་རླབས་སྤྱད་དེ་མི་ལུས་ནང་རོལ་གྱི་གནས་ཚུལ་འཚོལ་ཞིབ་བྱེད་ཅིང་། Xའཕྲོ་ཐིག་ངོས་འཛིན་དང་བསྡུར་ན། རྨས་སྐྱོན་མེད་པ་དང་སྐྱེན་ཚད་མཐོ་བའི་དགེ་མཚན་ཆེན་པོ་གཉིས་ཡོད། Xའཕྲོ་ཐིག་གིས་མི་ལུས་ལ་གནོད་སྐྱོན་གྱི་བྱེད་ནུས་ཐེབས་སྲིད་པས་ཚད་ལས་བརྒལ་བའིXའཕྲོ་ཐིག་གི་འཕྲོ་སྤྲོས་ཐེབས་ན་མཇུག་འབྲས་ཚབས་ཆེན་བཟོ་བ་རེད། བརྒལ་སྒྲ་ངོས་འཛིན་གྱིས་བེད་སྤྱོད་པའི་ཚད་བརྒལ་སྒྲ་རླབས་ཀྱི་དྲག་ཚད་ཆུང་ཞིང་། ནད་པར་སྡུག་བསྔལ་མེད་ཅིང་གནོད་པ་མི་སྐྱེལ་བས་ཅུང་བདེ་འཇགས་ཡིན། Xའཕྲོ་ཐིག་གིས་མི་ལུས་མཉེན་པའི་ཕུང་གྲུབ་ཀྱི་རྣམ་འབྱེད་ནུས་པ་ཅུང་ཞན་པ་དང་། ཕང་གྲུབ་སྟུག་ཚད་བར་ཁྱད10%ཡན་ཆད་ཡིན་ན་ད་གཟོད་ཁྱད་པར་འབྱེད་ཐུབ། འོན་ཀྱང་ཚད་བརྒལ་སྒྲ་རླབས་མི་ལུས་མཉེན་པའི་ཕུང་གྲུབ་འཚོལ་བཤེར་བྱེད་པར་འཚམ་ལ། ཅུང་མཐོ་བའི་སྐྱེན་ཚད་ཡོད་པ་མ་ཟད། མི་ལུས་དབང་བོའི་འགུལ་རྣམ་ལ་ལྟ་ཞིབ་དང་ཞིབ་འཇུག་བྱེད་པར་འཚམ། བརྒལ་སྒྲ་ངོས་འཛིན་གྱི་མི་འདང་ས་ནི་དབུགས་འདུས་ཕུང་གྲུབ་དང་རུས་སྒྲོམ་མ་ལག་ལ་འཚོལ་བཤེར་བྱེད་དཀའ་བ་དེ་ཡིན། ཚད་བརྒལ་སྒྲ་རླབས་བརྙན་གྲུབ་སྤྱད་དེ་མི་ལུས་ནང་རོལ་གྱི་བརྡ་རྟགས་ལེན་པ་དང་། ངོས་འཛིན་གཞན་པའི་བརྡ་རྟགས་བར་ཕན་ཚུན་ཁ་གསབ་བྱས་ན་ད་གཟོད་ནད་གཞི་གཏན་ཁེལ་བྱེད་ཐུབ། ཚད་བརྒལ་སྒྲ་རླབས་དངXའཕྲོ་ཐིག ཉིང་རྒྱུ་བཤར་ཕབ་བཅས་ནི་དེང་རབས་གསོ་རིག་གིས་མཉམ་དུ་སྤྱོད་པའི་གཟུགས་བརྙན་ངོས་འཛིན་མ་ལག་ཆེན་པོ་གསུམ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-24

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།