རྨ་ཆུ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ4ཡོད།

རྨ་ཆུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག )

1.རང་རྒྱལ་གྱི་ཆུ་བོ་ཆེན་པོ་ཞིག 2.རྫོང་ཞིག
1 ལོ་ཙཱ།

རྒྱ་ཡིག 1.黄河;2. 玛曲(县名)

དབྱིན་ཡིག 1.Yellow River; 2.rma chu county

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  རང་རེའི་རྒྱལ་ཁབ་ཀྱི་ཆུ་བོ་ཆེན་པོ་གཉིས་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཨ་ཆེན་གངས་ལའི་རི་རྒྱུད་ཀྱི་གཡག་རྭ་སྟག་རྩེ་ནི་རྨ་ཆུའི་འབྱུང་ཁུངས་ཡིན་ཞིང་། དེ་ནས་ ཀན་སུའུ། སི་ཁྲོན། ཉིང་ཞ། ནང་སོག ཧྲན་ཞི། ཧྲའན་ཞི། ཧོ་ནན། ཧྲན་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱུད་ནས་པོའོ་ཧའེ་རྒྱ་མཚོར་འབབ། མིང་བསྡུས་ན་རྨ་ཞེས་འབྲི་སྟེ། རྨ་ཕ་རོལ་ཚུ་རོལ། རྨ་ལྷོ། རྨ་སྟོད་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  མདོ་སྨད་ཁམས་ཀྱི་ཆུ་ཀླུང་ཞིག  黄河。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ①རང་རྒྱལ་གྱི་ཆུ་བོ་ཆེན་པོ་ཞིག་སྟེ། ཆུ་འགོ་བ་ཡན་ཧ་རིའི་ཤར་ལྡེབས་ནས་བྱུང་སྟེ་རིམ་བཞིན་སི་ཁྲོན་དང་ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་བརྒྱུད་ནས་མཐར་ཧྲན་ཏུང་ཞིང་ཆེན་ནས་པོ་ཧའེ་རྒྱ་མཚོར་འབབ། 黄河。我国第二大河流。源出青海省巴颜喀拉山北麓,东流经四川、甘肃等八省区,在山东省入渤海。②རྫོང་ཞིག ཀན་སུའུ་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་རྒྱུད་ན་ཡོད། རྫོང་མི་དམངས་སྲིད་གཞུང་དེ་མཛོད་དགེ་ཉི་མར་ཡོད། 玛曲。县名。位于甘肃省甘南藏族自治州西南部。县人民政府驻卓格尼玛。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ཨ་ཆེན་གངས་ལའི་རི་རྒྱུད་ཀྱི་གཡག་རྭ་སྟག་རྩེ་ནས་འབབ་པའི་ཆུ་བོ་ཆེན་པོ་ཞིག་སྟེ། མདོ་སྨད་ཀྱི་ས་ཁུལ་མང་པོ་ཞིག་དང་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་བརྒྱུད་ནས་པོ་ཧེ་ཞེས་པའི་རྒྱ་མཚོར་འབབ་ཀྱི་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།