འཚོ་བའི་ཁྲོད་ཀྱི་གློག་སྨན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཚོ་བའི་ཁྲོད་ཀྱི་གློག་སྨན།
དེང་རབས་འཚོ་བ་གློག་སྨན་དང་འབྲལ་ཐབས་མེད། གློག་རྡུལ་ཆུ་ཚོད་དང་། པར་ཆས། ལག་ཁྱེར་ཁ་པར། རྩིས་འཁོར། རླངས་འཁོར། དེ་མིན་གློག་རྡུལ་ཐོན་རྫས་མང་པོ་སོགས་ཚང་མར་གློག་སྨན་རྣམ་པ་སྣ་ཚོགས་བཀོལ་དགོས། གློག་སྒུལ་སྟོབས་ནི་གློག་སྨན་གྱི་ཞུགས་གྲངས་གལ་ཆེན་ཞིག་ཡིན་ཞིང་། གློག་སྒུལ་སྟོབས་ནི་གློག་སྨན་གྱི་སྣེ་ཕོ་མོའི་རྒྱུ་ཆ་དང་གློག་འབྱེད་གཤེར་ཁུའི་རྫས་འགྱུར་རང་བཞིན་ལ་རག་ལས་པ་མ་གཏོགས། གློག་སྨན་བོངས་ཚད་ཀྱི་ཆེ་ཆུང་དང་འབྲེལ་བ་མེད། འཚོ་བའི་ཁྲོད་དུ་ཉི་འོད་གློག་སྨན། གློག་སྨན་སྐམ་པོ། ཏི་ཚ་དངུལ་གྱི་གློག་སྨན།ལིས་གློག་སྨན། ཞ་གསོག་གློག་སྨན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生活中的电池
རིགས་དབྱེ།
ཉི་འོད་གློག་སྨན་དང་གློག་སྨན་སྐམ་པོ། ཏི་ཚ་དངུལ་གྱི་གློག་སྨན་དང་ ལིས་གློག་སྨན། ཞ་གསོག་གློག་སྨན་སོགས།
1 མདོར་བསྟན་པ།

དེང་རབས་འཚོ་བ་གློག་སྨན་དང་འབྲལ་ཐབས་མེད། གློག་རྡུལ་ཆུ་ཚོད་དང་། པར་ཆས། ལག་ཁྱེར་ཁ་པར། རྩིས་འཁོར། རླངས་འཁོར། དེ་མིན་གློག་རྡུལ་ཐོན་རྫས་མང་པོ་སོགས་ཚང་མར་གློག་སྨན་རྣམ་པ་སྣ་ཚོགས་བཀོལ་དགོས། གློག་སྒུལ་སྟོབས་ནི་གློག་སྨན་གྱི་ཞུགས་གྲངས་གལ་ཆེན་ཞིག་ཡིན་ཞིང་། གློག་སྒུལ་སྟོབས་ནི་གློག་སྨན་གྱི་སྣེ་ཕོ་མོའི་རྒྱུ་ཆ་དང་གློག་འབྱེད་གཤེར་ཁུའི་རྫས་འགྱུར་རང་བཞིན་ལ་རག་ལས་པ་མ་གཏོགས། གློག་སྨན་བོངས་ཚད་ཀྱི་ཆེ་ཆུང་དང་འབྲེལ་བ་མེད།

གློག་སྨན་གྱི་གལ་ཆེ་བའི་ཞུགས་གྲངས་གཞན་ཞིག་ནི་ཤོང་ཚད་ཡིན། གློག་སྨན་གྱི་ཤོང་ཚད་ནི་གློག་སྨན་ལས་གློག་གཏོང་ཚེ་ཕྱིར་འདྲེན་ཐུབ་པའི་སྤྱིའི་གློག་ཁུར་ཚད་ཡིན། སྤྱིར་བཏང་དུ་ཨམ་ཕེར་ཆུ་ཚོད(A.h)དང་ཡང་ན་ཧའོ་ཨམ་ཆུ་ཚོད(mA.h)འཇལ་བྱེད་དུ་སྦྱོར། དཔེར་ན15A.hཅན་གྱི་གསོག་བྱེད་གློག་སྨན་དུ་གློག་བསགས་རྗེས་གློག་སྤྱོད་ཆས་ལ1.5hཅན་གྱི་གློག་རྒྱུན་ཕལ་ཆེར10hཡི་རིང་ལ་མཁོ་སྤྲོད་བྱེད་ཐུབ། གློག་སྨན་གྱི་ཤོང་ཚད་དེ་གློག་གཏོང་སྟངས་ལའང་འབྲེལ་བ་ཡོད། གློག་སྨན་གཅིག་པ་ལ་ཆ་བཞག་ན།  གློག་རྒྱུན་ཆུང་བ་དང་། མཚམས་མཚམས་སུ་གློག་གཏོང་བ་དེ་གློག་རྒྱུན་ཆེ་བ་དང་བསྟུད་མར་གློག་གཏོང་བ་ལས་ཤོང་ཚད་ཆེ།

གློག་སྨན་གྱི་གལ་ཆེ་བའི་ཞུགས་གྲངས་གཞན་ཞིག་ནི་གློག་སྨན་ནང་གི་གློག་གེགས་ཏེ་གེགས་ཡིན་ལ། བེད་སྤྱོད་པའི་བརྒྱད་རིམ་དུ་གློག་སྨན་གྱི་ནང་གེགས་ལ་འགྱུར་ལྡོག་ཅུང་ཆེ། གློག་སྨན་རིགས་གཅིག་ལ་ཆ་བཞག་ན། བོངས་ཚད་ཇི་ལྟར་ཆེ་ན། གློག་སྨན་གྱི་ཤོང་ཚད་དེ་ལྟར་ཆེ་ཞིང་། ནང་གེགས་དེ་ལྟར་ཆུང་བ་ཡིན།

2 ཉི་འོད་གློག་སྨན།

ཉི་འོད་གློག་སྨན་ནི་འོད་ནུས་ཐད་ཀར་གློག་ནུས་སུ་བསྒྱུར་བའི་གློག་ཁུངས་ཡིན་པ་དང་། སྤྱིར་བཏང་དུ་ཚན་ཁག་མང་པོ་ཚོ་སྒྲིག་བྱས་ཏེ་བེད་སྤྱོད་བྱེད་པ་རེད། ཉི་འོད་གློག་སྨན་ནི་མིས་བཟོས་འཁོར་སྐར་དང་འཇིག་རྟེན་འཕུར་གྲུའི་ནུས་ཁུངས་གཙོ་བོ་ཡིན་ལ། དོ་དམ་མེད་པའི་སྒྲོན་ལྕོག་དང་རི་ཁུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་སོགས་སུའང་སྤྱོད། འདྲ་པར་འདི་ནི་གློག་སྨན་གྱིས་གློག་འདོན་སྤྲོད་བྱེད་པའི་ཚོད་ལྟའི་རིགས་ཀྱི་རླངས་འཁོར་རེད།

.jpg  .jpg   .jpg

      དཔེ་རིས་དང་པོ། ཉི་འོད་གློག་སྨན།                                        དཔེ་རིས་གཉིས་པ། གློག་སྨན་སྐམ་པོ།                                       དཔེ་རིས་གསུམ་པ། ཏི་ཚ་དངུལ་གྱི་གློག་སྨན།


3 གློག་སྨན་སྐམ་པོ།

གློག་སྒུམ་སྟོབས་ཧ་ལམ1.5Vཡིན། སྲབ་ལེབ་དབྱིབས་ཀྱི་གློག་སྨན་སྐམ་པོ་མང་པོ་རིམ་བརྩེགས་གློག་སྨན་དུ་ཕྲེང་སྦྲེལ་བྱས་ན། གློག་སྒུལ་སྟོབས་ཅུང་མཐོན་པོ་ལྡན། མིག་སྔར་རྒྱ་ཆེར་བེད་སྤྱོད་པ་ནི་བུལ་གཤིས་གློག་སྨན་སྐམ་པོ་ཡིན་ཞིང་། དེའི་ཤོང་ཚད་སྲོལ་རྒྱུན་གྱི་ཐཱན་ཏི་ཚ་གློག་སྐམ་པོ་ལས་ཧ་ཅང་ཆེ།

4 ཏི་ཚ་དངུལ་གྱི་གློག་སྨན།

གློག་སྒུལ་སྟོབས་ཧ་ལམ1.2Vཡིན། ཏི་ཚ་དངུལ་གློག་སྨན་གྱི་བོངས་ཚད་ཆུང་བ་དང་། གློག་གནོད་བརྟན་པོ་ཡིན་པས། ནམ་རྒྱུན་དུ་གློག་རྡུལ་ལག་གདུབ་ཆུ་ཚོད་དང་དཔྱད་ཆས་ཆུང་བའི་རིགས་སུ་སྤྱོད་པ་རེད།

5 ལིས་གློག་སྨན།

གློག་སྣེའི་རྒྱུ་ཆ་མི་མཐུན་པའི་རྐྱེན་གྱིས་གློག་སྒུལ་སྟོབས3Vའམ3.6Vསོགས་ཡོད། ལིས་གློག་སྨན་ནི་ད་བར་བོངས་ཚད་གཅིག་མཐུན་གྱི་གློག་སྨན་དག་ལས་ཤོང་ཚད་ཆེས་ཆེ་བའི་གློག་སྨན་རིགས་ཤིག་ཡིན་ཞིང་།  ཨང་ཀིའི་པར་ཆས་དང་ཟིན་དེབ་རྩིས་འཁོར། ལག་འཁྱེར་ཁ་པར་སོགས་གློག་རྡུལ་ཐོན་རྫས་སུ་རྒྱ་ཆེར་སྤྱོད།

6 ཞ་གསོག་གློག་སྨན།

གློག་སྒུལ་སྟོབས་ཧ་ལམ2Vཡིན། ཞ་གསོག་གློག་སྨན་དུ་གློག་ཡང་ཡང་བསོགས་ཏེ་བཀོལ་ཆོག དེའི་གློག་འབྱེད་གཤེར་ཁུ་ནི་མུ་ཟི་ཞུ་ཁུ་ཡིན་པ་དང་། ནག་གེགས་ཧ་ཅང་ཆུང་བས། རླངས་འཁོར་དང་འཕྲུལ་རྟ་རུ་བཀོལ་བ་མང་།

.jpg

དཔེ་རིས་བཞི་པ། ལིས་གློག་སྨན། 


.jpg

དཔེ་རིས་ལྔ་པ། ཞ་གསོག་གློག་སྨན། 



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-21

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།