གནམ་མདའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔར་བོད་ས་གནས་སྲིད་གཞུང་སྐབས་བོད་ཟླ1ཚེས27ཉིན་ཏེ་གནམ་མདའ་དང་སྨོན་ལམ་གྱི་གྲོལ་སྟོན་ཆབས་ཅིག་སྐོར། གོང་ཚེས་ཉིན་མཛད་སྒོ་ཚུགས་ཡུལ་རྫོང་རྒྱབ་དབུ་གཡབ་འོག་ཏུ་བཀའ་ཤག་གདན་གཉེར་ནས་བཞུགས་གདན་རྒྱག་ཕྱོགས་གྲ་བཞི་རྩིས་བཤེར་དང་འདྲ་བ་ཡིན། དེ་ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཛད་ཆེན་གྲོལ་སྟོན་ཆེན་མོའི་ཉིན་དེར་སྔ་དྲོ་བཀའ་བློན་དང༌། གུང༌། ཛ་སག ཐའི་ཇེ། རིམ་བཞི་བཅས་ན་བཟའ་ཚོས་གཞི་སེར་པོ་དང༌། མི་དྲག་སྲས་རྣམ་པ་དང་ནང་མའི་ལས་ཚན་བཀའ་ཤག་ཤོད་པ་ཡན་ཏོག་ཞྭ་དང༌། ན་བཟའ་ཚོས་གཞི་སྔོན་པོའམ་གང་རུང༌། རྩིས་པ་དང༌། རྩ་རྩམ། ལས་ཚན་ཆུང་ཁག དམག་དྲུང་བཅས་ན་བཟའ་རྒྱ་སྨུག་ དྲུང་དཀྱུས་རྒྱུན་ཆས་ཁ་གསར་བཅས་བཞེས་དགོས། མཛད་སྒོའི་གོང་གཟིགས་ལམ་དུ་རྟ་པའི་གསོལ་གོ་ཁག་དང༌། འདམ་སོག་འཁོར་བཅས་ཀྱིས་རྟ་རྒྱུགས་མདའ་ཤར་རེ་རྒྱུགས། བླ་ཕྱག་ནས་ཚ་དར་གཡོགས་ཏེ་ཕྱིར་ཕེབས། སྤྲོ་ཁང་དབུ་གཡབ་འོག་མཛད་སྒོ་དངོས་ཚུགས། བཀའ་ཤག་མ་བྱན་གྱིས་གསོལ་བཞེས་རིམ་བསྟར་ཞུས། ཡ་སོར་ཁྲི་པས་སྣེ་ཁྲིད་དབུས་མདའ་གཉིས་དང༌། དམག་དྲུང༌། གོ་མཛོད་གཉེར་པ། གཟིམ་ལྡིང༌། ཟླ་གཅིག་དྲུང་འཁོར་བཅས་གྲལ་བསྒྲིགས་ཟིན་རྗེས་དབུས་མདའ་ནས་བཅས་གདན་ཐོག་འཁོད། རྟ་པའི་གོ་མཚོན་ཟགས་པ་རྣམསབསླུ་བ་དང༌། རྒྱུགས་རིང་ཆེན་མོའི་རྟ་རྒྱུགས། མི་རྒྱུགས། བར་རྒྱུགས་བཅས་པར་གནང་ཆ་གནང༌། བརྒྱང་མའི་དམིགས་ཚད་མི་གོམ་ལྔ་བརྒྱ་ནས་སྟོང་བར་རྒྱང་མདའ་འཕེན་པར་མཚན་གྲངས་བཅས་མཛད་སྒོ་གྲོལ། བླ་ཕྱག་ནས་བཀའ་གུང་ཛ་ཐའི་རྣམ་པར་སྒྲོག་ཙེ(རྒྱ་ལུགས་སྟོན་མོ)དང༌། བྱིངས་ལ་ཤ་འབྲས་འབུལ། དེ་རྗེས་སྨོན་ལམ་ཆེན་མོའི་མཛད་སྒོ་ཐོག་མཐའ་བར་གསུམ་ལེགས་གྲུབ་ཟིན་ཏེ་གྲོལ་སྟོན་སྤྲོ་སེང་འགོ་ཚུགས་སྐབས་དེར་བཀའ་གུང་ཛ་ཐའི་རིམ་བཞི་ཏོག་ཡོད་བཅས་ཀྱིས་ན་བཟའ་རྒྱ་ཟེ་དང་རྒྱ་འདྲ་གང་རུང་བཞེས་ནས་བག་ཡངས་ཚུལ་དུ་འཁོད་ལ་ཛ་ཐའི་ཡན་གྱིས་སོག་ཞྭ་ཆུང་ཆུང་བཞེས་སྲོལ། ཛ་ཐའི་མན་ནས་དྲུང་དཀྱུས་ཡན་ཕོ་རྩལ་གྱི་རྣམ་གྲངས་ལག་ལེན་ཡོད་མི་ནས་ཚ་འཕོག་པར་བླ་ཕྱག་ནས་ཚ་དར་རེ་གཡོག་ཏེ་མདའ་མཇུག་བསྒྲིལ་རྗེས་ཚང་མ་ཏོག་ཞྭ་བཞེས་ནས་བཞུགས་གྲལ་དུ་འཁོད། ས་དབང་རྣམ་པའི་སྐུ་མདུན་དུ་གར་པ་རྣམས་ཀྱིས་གར་པའི་རོལ་ཆ་ཁག་བཏང་བ་དང༌། ཡ་སོར་ཁྲི་པ་གཉིས་ཀྱི་ཕྱག་ཏུ་དངུལ་ཕོར་བསྣམས། ཞབས་གྲས་བཅས་ནས་གཞས་ཆེན་གཏོང་བ་དང༌། སོག་པོ་ཡ་སོར་ནས་སོག་གཞས་བཅས་བཏང་རྗེས་བླ་ཕྱག་ནས་ཁ་བཏགས་ནང་མཛོད། ཨ་ཤེ། ཟུབ་ཤེ་སོགས་གོ་རིམ་གྱིས་བསྩལ། ས་དབང་རྣམ་པར་ཕུད་གཏོར་ཞུས་རྗེས་ཚང་མ་ཡར་བཞེངས་ནས་རྩེ་ཕོ་བྲང་ལ་ཞལ་གཟིགས་ཏེ་གྲལ་བསྒྲིགས། གོ་བབས་མགུལ་དར་སྒྲོན། བསང་མེ་སྤར། བསང་རྩམ་འབོ་ཆེན་བཀྱག་ནས་ཕྱག་རེ་བཞེས། བཀྲ་ཤིས་ཕུད་གཏོར་གྲུབ་པ་དང༌། ལྷ་རྒྱལ་འཐེན་རྗེས་མཛད་སྒོ་གྲོལ་བ་བཅས་ཀྱི་སྲོལ་ཡོད།
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-13

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།