ཁྲང་ཆིང་མཐུན་འབྲེལ་རྡོ་རིང་གི་ཡི་གེའི་ངོ་བཤུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲང་ཆིང་མཐུན་འབྲེལ་རྡོ་རིང་གི་ཡི་གེའི་ངོ་བཤུས།
དབོན་ཞང་གཉིས་ནས་མནའ་གན་གྱི་ཡི་གེ་བཀོད་པའི་རྡོ་རིང་དེ་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་བོད་མི་རིགས་གཉིས་བར་མཛའ་བརྩེ་མཐུན་ལམ་ཆེ་བའི་འབྲེལ་བ་མཚོན་བྱེད་ཀྱི་ལོ་རྒྱུས་ཡིག་རིགས་གནད་ཆེན་ཞིག་ཡིན་ལ། དེ་ད་ལྟའང་ལྷ་སའི་གཙུག་ལག་ཁང་གི་སྒོ་ཁར་བརྗིད་ཆགས་སུ་གནས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ལོ་རྒྱུས།
རིགས་དབྱེ།
ཡིག་རྙིང་།
ནང་དོན།
རྒྱ་བོད་མཇལ་དུམ་མཛད་པ།
རྒྱ་ཡིག་གི་མིང་།
唐番会盟碑
ཕྱི་ཡིག་གི་མིང་།
Stone Tablet Alliance between Tang and Tubo
དུས་སྐབས།
ཁྲི་རལ་བ་ཅན་གྱི་དུས་སྐབས།
རྡོ་རིང་བཙུགས་པའི་ལོ།
སྤྱི་ལོ823
1 ངོ་སྤྲོད། 

《ཁྲང་ཆིང་མཐུན་འབྲེལ་རྡོ་རིང》ཞེས་པ་ནི་ཐང་རྒྱལ་རབས་ཀྱི་ཁྲང་ཆིང་ཁྲི་ལོ་དང་པོར་བོད་ཀྱི་བཙན་པོ་ཁྲི་རལ་པ་ཅན་དང་ཐང་རྒྱལ་རབས་ཀྱི་གོང་མ་མུའུ་ཙུང་གཉིས་མཉམ་དུ་ཆིངས་བསྒྲིགས་ནས་བཙུགས་པ་ཞིག་རེད།   དེར་མི་རྣམས་ཀྱིས《གཙུག་ལག་ཁང་མདུན་གྱི་རྡོ་རིང》ཡང་ཟེར་གྱི་ཡོད་པ་རེད།

རྡོ་རིང་དེའི་མཐོ་ཚད་ལ་སྨི4.78དང་།   ཞེང་ཚད་ལ་སྨི0.95མཐུག་ཚད་ལ་སྨི0.50ཡོད།  རྡོ་རིང་གི་རྩེ་མོར་ཆར་ཁེབས་དང་ཏོག་ཡོད་ཅིང་།  ངོས་བཞིར་ཡི་གེ་བཀོད་ཡོད་པ་སྟེ།  ནུབ་ངོས་སུ་བོད་རྒྱ་ཤན་སྦྱར་གྱི་ཡི་གེ་ཡོད་ཅིང་།   དེའི་གཡོན་ངོས་སུ་བོད་ཡིག་དབུ་ཅན་ཡིག་ཕྲེང77དང་།  གཡས་ངོས་སུ་རྒྱ་ཡིག་ཡིག་ཕྲེང6ཡོད།  བྱང་ངོས་སུ་བོད་ཕྱོགས་ཀྱི་མནའ་གན་འཇོག་པར་གཞུག་མཁན་དཔོན་རིགས་བཅུ་བདུན་གྱི་མིང་ཐོ་དེ་རྒྱ་བོད་ཤན་སྦྱར་གྱི་ཡི་གེར་བཀོད་ཡོད།   ལྷོ་ངོས་སུ་རྒྱ་ཕྱོགས་ཀྱི་མནའ་གན་འཇོག་པར་གཞུག་མཁན་དཔོན་རིགས་བཅོ་བརྒྱད་ཀྱི་མིང་ཐོ་རྒྱ་བོད་ཤན་སྦྱར་གྱི་ཡི་གེར་བཀོད་ཡོད།  ཤར་ངོས་སུ་བོད་ཡིག་རྐྱང་རྐྱང་བཀོད་པ་ལས་རྒྱ་ཡིག་མེད།

དེའང་དང་པོ་སྤྱི་ལོ821ལོར་བོད་རྒྱ་གཉིས་ནས་ཁྲང་ཨན་དུ་མནའ་གན་བཞག་ཅིང་།  དེ་ནས་སྤྱི་ལོ822ལོར་ཡང་བོད་རྒྱ་གཉིས་ནས་ལྷ་སར་མནའ་གན་བཞག་ཐོག    སྤྱི་ལོ823ལོར་རྡོ་རིང་དེ་ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་ཇོ་བོའི་དབུ་སྐྲ་ཟེར་བའི་རྒྱ་ལྕང་གི་འཁྲིས་སུ་བཙུགས་པ་རེད།

རྡོ་རིང་དེའི་ཐོག་ནས་ང་ཚོར་དངོས་ར་གསལ་པོར་འཕྲོད་དོན།  དུས་རབས་བདུན་པའི་སྐབས་སུ(ཐང་རྒྱལ་རབས་ཀྱི་ཐོག་མའི་དུས་སྐབས་སུ)རྒྱ་བོད་མི་རིགས་གཉིས་བར་མཛའ་བརྩེའི་ཐོག་ནས་ཕར་ཚུར་འགྲོ་འོང་གི་བྱ་གཞག་དར་སོ་ཆེ་བས་ཕན་ཚུན་དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱས་པར་མ་ཟད།   ཆབ་སྲིད་ཐོག་ཏུའང་མཛའ་བརྩེའི་འབྲེལ་བ་དམ་ཟབ་བཙུགས་ཡོད།  དཔེར་ན་ཀྲེན་ཀོན་ཁྲི་ལོ་བཅོ་ལྔ་པར(641ལོ)གོང་མ་ཐང་ཐའེ་ཙུང་གིས་ཚ་མོ་འུན་ཤིང་ཀོང་ཇོ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པའི་བཙུན་མོར་གནང་བ་དང་།  གོང་མ་ཀྲུང་ཙུང་གི་ཅིན་ལུང་ཁྲི་ལོ་བཞི་པར(710ལོ)གྱིམ་ཤིང་ཀོང་ཇོ་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན(མེས་ཨོག་ཚོམ)གྱི་བཙུན་མོར་གནང་བ།  ཕན་ཚུན་དམག་འཁྲུག་བྱུང་བའི་སྐབས་སུའང་ཕོ་ཉ་འགྲོ་འོང་གི་འབྲེལ་བ་རྒྱུན་ཆད་མེད་པ་སོགས་ལོ་རྒྱུས་ཀྱི་དོན་གནད་གལ་ཆེ་བ་རྣམས་རྡོ་རིང་དུ་འཁོད་ཡོད།

དབོན་ཞང་གཉིས་ནས་མནའ་གན་གྱི་ཡི་གེ་བཀོད་པའི་རྡོ་རིང་དེ་ནི་ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་བོད་མི་རིགས་གཉིས་བར་མཛའ་བརྩེ་མཐུན་ལམ་ཆེ་བའི་འབྲེལ་བ་མཚོན་བྱེད་ཀྱི་ལོ་རྒྱུས་ཡིག་རིགས་གནད་ཆེན་ཞིག་ཡིན་ལ།  དེ་ད་ལྟའང་ལྷ་སའི་གཙུག་ལག་ཁང་གི་སྒོ་ཁར་བརྗིད་ཆགས་སུ་གནས་ཡོད་པ་རེད། 

རྡོ་རིང་དེའི་ནུབ་ངོས་དང་།  ཤར་ངོས།  བྱང་ངོས།  ལྷོ་ངོས་བཅས་ཕྱོགས་བཞིར་འཁོད་པའི་མ་ཡིག་གཤམ་དུ་གསལ།

2 མ་ཡིག
2_1 ནུབ་ངོས་ཀྱི་གཡོན་ཕྱོགས།

1. ༄།། བོད་ཀྱི་རྒྱལ་པོ་ཆེན་པོ་

2.འཕྲུལ་གྱྀ་ལྷ་བཙན་པོ་དང་། །

3.རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ།

4.དབོན་ཞང་གཉྀས། །  ཆབ་སྲིད་

5.གཅྀག་དུ་མོལ་ནས1། །  མཇལ་དུམ་

6.ཆེན་པོ②མཛད་དེ་གཙྀགས་བཅས་

7.པ③། ། ནམ་ཞར་ཡང་མྱྀ་འགྱུར་པར།

8.ལྷ་མྱྀ་ཀུན་གྱྀས་ཤེས་ཤིང་དཔང་བྱས་

9.ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་

10.དུ་ཡོད་པའྀ་ཕྱིར། །  མཇལ་དུམ་གྱི་གཙིགས་

11.ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ། །

12. ༄།།  འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག

13.ལྡེ་བརྩན་གྱྀ་ཞ་སྔ་ནས④། ། རྒྱ་རྗེ་

14.བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ⑤། ། དབོན

15.ཞང་གཉིས། །  སྒམ་དཀྱེལ་ཆེན་པོས⑥

16.ནི། །  འཕྲལ་ཡུན་ཡུལ་གྱྀ་ལེགས་

17.ཉེས་ཅྀ་ཡང་བསྲང་སྟེ། །  ཐུགས་རྗེ་ཆེན་

18.པོས་ནྀ། །  བཀའ་དྲྀན་གྱིས་དགབ་པ་

19.ལ་ཕྱྀ་ནང་མྱེད་པར། །  མང་པོ་ཀུན་བདེ་

20.སྐྱིད་པར་བྱ་བ་ལ་ནྀ་དགོངས་པ་གཅྀག

21.ཡིན་རྀང་པོར་ལེགས་པའྀ་དོན་ཆེན་པོ་

22.ལ་ནི་བཀའ་གྲོས་མཐུན་ཏེ། །  གཉེན་

23.རྙིང་པའྀ་སྲི་ཞུ⑦ནྀ་དང་སྔའི་ཁྱྀམ་ཚེས་

24.དགྱེས་པའི་ཚུལ་སླར་དུ་བརྩེགས་པར་

25.མོལ་ནས། །  མཇལ་དུམ་ཆེན་པོ་ནི་

26.མཛད་དེ། །  བོད་རྒྱ་གཉིས། །  ད་ལྟར་

27.དུ་མངའ་བའྀ་ཡུལ་དང་མཚམས་སྲུང་

28.ཞིང་། །   དེའི་ཤར་ཕྱོགས་ཐམས་ཅད་ནྀ་

29.རྒྱ་ཆེན་པོའི་ཡུལ། །  ནུབ་ཕྱོགས་ཐམས་

30.ཅད་ནྀ་ཡང་དག་པར་བོད་ཆེན་པོའི་

31.ཡུལ་ཏེ། །  དེ་ལས་ཕན་ཚུན་དགྲར་མྱྀ་

32.འཐབ། །  དམག་མྱྀ་དྲང་། །  ཡུལ་མྱྀ

33.མརྣམ⑧ཡྀད་མ་ཆེས་པ་ཞྀག་ཡོད

34.ན། །  མྱྀ་བཟུང་ཞིང་གཏམ་དྲྀས་ཏེ། །

35.བརྫངས་ནས་ཕྱྀར་གཏང་ངོ་། །

36.ད་ཆབ་སྲྀད་གཅིག་ཅྀང་། །  མཇལ་

37. དུམ་ཆེན་པོ་འདྀ་ལྟར་མཛད་པས། །

38.དབོན་ཞང་དགྱེས་པའི་བཀའ་ཕྲིནད་

39.སྙན་པས་ཀྱང་འདྲུལ⑨དགོས་ཏེ། །

40.ཕན་ཚུན་གྱྀ་ཕོ་ཉ་འདོང⑩དགོས་ཏེ། །

41.རྙིང་པར་བྱུང་ནས། །  སྔ་ལུགས་བཞིན་

42.བོད་རྒྱ་གཉིས་ཀྱྀ་བར། །  ཙང་ཀུན་

43.ཡོག་ཏུ་རྟ་བརྗེས་ལ། །  སྩེ་ཞུང་ཆེག་དུ་

44.རྒྱ་དང་ཕྲད་པ་མན་ཅད་ནྀ་རྒྱས་ཕུ་དུད11

45.བྱ། །  ཙེང་ཤུ་ཧྱཱན་དུ་བོད་དང་ཕྲད་པ་

46.ཡན་ཅད་ནྀ་བོད་ཀྱིས་ཕུ་དུད་བྱ་སྟེ། །

47.དབོན་ཞང་ཉེ་ཞྀང་གཉེན་བའྀ་ཚུལ་བཞིན་

48.དུ་། །  སྲྀ་ཞུ་དང་བཀུར་སྟྀའི་ལུགས་

49.ཡོད་པར་སྦྱར་ཏེ། །  ཡུལ་གཉིས་ཀྱི་

50.བར་ན་དུད་རྡུལ12ནྀ་མྱི་སྣང་། །  གློ་བུར་

51.དུ་སྡང་བ13དང་དགྲའི་མྱྀང་ནྀ་མྱི་གྲག་སྟེ་

52.ས་མཚམས་སྲུང་བའྀ་མྱི་ཡན་ཅད་

53.ཀྱང་དོགས་ཤིང་འཇིགས་པ་མྱེད་པར་

54.ས་ས་མལ་མལ14ན་བག་བརྐྱང་སྟེ། །  བདེ་

55.བར་འཁོད་ཅྀང་། ། སྐྱིད་པའྀ་བཀའ་དྲྀན་

56.ནི་རབས་ཁྲྀའི་བར་དུ་ཐོབ། །  སྙན་པའྀ་

57.སྒྲ་སྐད་ནྀ་གཉི་ཟླས་སླེབས་སོ་ཆོག15ཏུ་

58.ཁྱབ་སྟེ། །  བོད་བོད་ཡུལ་ན་སྐྱིད་

59.རྒྱ་རྒྱ་ཡུལ་ན་སྐྱིད་པའྀ་སྲིད་ཆེན་པོ་

60.སྦྱར་ནས་གཙྀགས་བཅས་པ་འདྀ། །

61.ནམ་ཞར་མྱྀ་འགྱུར་བར། །  དཀོན་མཆོག

62.གསུམ་དང་།  འཕགས་པའྀ་རྣམས་དང་

63.གཉྀ་ཟླ་དང་གཟ་སྐར་ལ་ཡང་དཔང་དུ་

64.གསོལ་ཏེ། །  ཐ་ཚྀག16གྀ་རྣམས་པས་ཀྱང་

65.བཤད། །  སྲོག་ཆགས་བསད་དེ་མནའ

66.ཡང་བོར་ནས17། ། གཙིགས་བཅས་སོ། །

67.གཙིགས་འདྀ་བཞིན་དུ་མ་བྱས་སམ། །

68.བཤྀག་ན། །  བོད་རྒྱ་གཉིས་གང་གིས་སྔར་ཉེས་

69.པ་ལ་སྡྀག་ཅིང་། ། ལན་དུ་དཀུ་སྒྱུ18ཅྀ་བྱས་ཀྱང་

70.གཙྀགས་བཤྀག་པ་ལ་མ་གཏོགས་སོ། །

71.འདྀ་ལྟར་བོད་རྒྱ་གཉིས་གྱྀ་རྗེ་བློན་གྱིས་ཞལ་

72.གྱྀས་བཤགས་མནའ19བོར་ཏེ། ། གཙྀགས་

73.ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས། །  རྒྱལ་པོ་ཆེན་

74.པོ་གཉྀས་གྱྀ་ནི་ཕྱག་རྒྱས20བཏབ།  བློན་པོ་

75.གཙྀགས་འཛིན་པ་ལ་གཏོགས་པ་རྣམས་

76.ཀྱྀ་ནི་ལག་ཡྀག་ཏུ་བྲིས་ཏེ། གཙྀགས་ཀྱི་

77.ཡྀ་གེ་ཡང་སོ་སོའྀ་ཕྱག་སྦལ21དུ་བཞག་གོ །

2_2 ནུབ་ངོས་ཀྱི་གཡས་ཕྱོགས།

1. 大唐文武孝德皇帝与 大蕃圣神赞普

舅甥二主商议社稷如一结立大和盟约永无沦替神人俱以证知世世代代使其称赞是以盟文节目题之于碑也

2.文武孝德皇帝与圣神赞普××猎赞陛下二圣舅甥浚哲鸿被晓今永之屯亨矜愍之情恩覆其无内外商议叶同务令万姓安泰所思如一成就远大喜再续慈亲之情重申邻好之义为此大好矣今

3.蕃汉二国所守见管本界××以东悉为大唐国境已西尽是大蕃境土彼此不为寇敌不觉兵革不相侵谋封境或有猜阻捉生问事讫给衣粮放归今社稷叶同如一为此大和然舅甥相好之义善谊

4.每须通传彼此驿骑一往一来悉遵曩昔旧路蕃汉并于将军谷交马其绥戎栅已东大唐袛应清水县已西大蕃供应须合舅甥亲近之礼使其两界烟尘不杨  闻寇之名复无惊恐之患封人撤备乡土俱

5.安如斯乐业之恩垂于万代称美之声遍于日月所照矣蕃于蕃国受安汉亦汉国受乐兹乃合其大业耳依此盟誓永久不得移易然三宝及诸贤圣日月星辰请为知证如此盟约各自契陈刑牲为盟设此大

6.约倘不依此誓蕃汉君臣任何一方先为祸也仍须仇及为阴谋者不在破盟之限蕃汉君臣并稽告立誓周细为文二君之验证以官印登坛之臣亲署姓名  如斯誓文藏于玉府焉

2_3 ཤར་ངོས་སུ།

1༄ ། ། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་དང་། ། རྒྱ་རྗེ་བཱུན་བཱུ་ཧེའུ

2 ཏིག་ཧྭང་ཏེ་གཉྀས། །  ཆབ་སྲིད་གཅྀག་དུ་མོལ་ཏེ་མཇལ་དུམ་མཛད་པའི་

3 དབོན་ཞང་གཉྀས་ཀྱི་ཚུལ་ཅི་འདྲ་བ་དང་། །  མཇལ་དུམ་མཛད་པའི་

4.གཏན་ཚིགས་རྡོ་རིངས་ལ་བྲིས་པའོ། །

5 ༄།། འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ22།། ཡུལ་བྱུང་ས་དོད23ཚུན་ཅད་

6.འུང་ནས24མྱིའི་རྗེར། །  བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་། །  གངས་རི་

7 མཐོན་པོའི་ནི་དབུས། ། ཆུ་བོ་ཆེན་པོའི་ནི་མགོ ། ཡུལ་མཐོ་ས་གཙང་

8 བ་ལ་གནམ་གྱྀ་ལྷ་ལས། །  མྱྀའི་རྒྱལ་པོར་གཤེགས་ཏེ། ། གཙུག་ལག་

9 ཆེན་པོས་ནྀ་ཡུནད་ཀྱི་སྲིད་བཙུགས། །  ཆོས་ཁྲིམས་བཟང་པོས་ནྀ་

10 ཚུལ་གནང་།  བྱངས་པའྀ་བཀའ་དྲིན་གྱྀས་ནྀ་ནང་གྀ་ཚིས25སྦྱརད།

11 དགྲ་ཐབས་མཁས་ནས། །  ཕྱྀའི་དགྲ་བཏུལ་ཏེ། །  ཆབ་སྲིད་ནྀ་ཕྱིར་ཞིང་ཆེ་

12 དབུ་རྨོག26ནྀ་སླར་ཞིང་བརྩན་པ(ཡང་ནམ)ནམ་ཞར(ཞར)མྱི་འགྱུར། །  བྱིན་མྱི་

13.ཉམས་པའི་གཡུང་དྲུང27གི་རྒྱལ་པོ་ཆེན་པོ་ནྀ་ཆེ། །  དེའྀ་ཕྱིར། ། ལྷོ་ཕྱོགས་

14 ཀྱྀ་མོན་རྒྱ་གར་དང་། །  ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་།  བྱང་ཕྱོགས་ཀྱྀ་དྲུ་གུ་ནེ་

15 སྨེལ་ལ་སྩོགས་པ། །  གཡུག××རྒྱལ་པོ་སྡོམ་ན××ར་བྱ་བ་ཀུན་ཀྱི(ཀྱིས་ཀྱང)

16 འཕྲུལ་གྱྀ་ལྷ་བཙན་པོའི་དབུ་རྨོག་བརྩན་པོ་དང(བཀའ་དྲང)ང་བོར་ནྀ་

17 ཕྱོགས་མྱྀ་གུས་པ་མྱེད་དེ། །  ཕན་ཚུན་དགྱེས་ཤིང་བཀའ་སྩལད་དོ་ཆོག

18 ཉན་པ་ཡིན།  ཤར་ཕྱོགས་ནྀ་རྒྱ་འདུག་པ།  མཚོ་ཆེན་པོའི(ནང)ཉྀ་མ་

19 ཤར་པ་ལོགས་ཀྱྀ་རྒྱལ་པོ་སྟེ། །  ལྷོ་བལ་གཞན་དང་མྱྀ་འདྲ་བར(ལུགས)

20 ཆོས་བཟང་། །  གཙུག་ལག་ཆེ་བས། ། བོད་དང་ཡང་། ། འཐབ་ཀྱྀ་ཟླ (དང་གྲོགས)

21 ཀྱྀ་དོ་སྟེ། །  དང་པོ་རྒྱ་རྗེ་ལྀ་རྒྱལ་སར་ཞུགས་ནས། །  དེའི་ཏང་གི་སྲིད་ལོ་ཉི་ཤུ་

22 རྩ་གསུམ་ལོན། །  རྒྱལ་རབས་གཅྀག་གི་འོག་ཏུ། །  འཕྲུལ་གྱྀ་ལྷ་བཙན་པོ་

23 ཁྲི་སྲོང་བརྩན་དང་།  རྒྱ་རྗེ་ཐེའི་ཙོང་བཱུན་བུ་ཞེང་ཧྭང་ཏེ28གཉྀས། ཆབ་

24 སྲིད་གཅྀག་དུ་མོལ་ནས། །  ཅེང་ཀྭན29གྱྀ་ལོ་ལ། །  མུན་ཤེང་ཀོང་ཅོ། །

25 བཙན་པོའི་ཁབ་དུ་བླངས། །  ཕྱིས་འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་ལྡེ་གཙུག

26 བརྩན་དང་རྒྱ་རྗེ་སམ་ལང30ཁའེ་འགྭན་ཤེང་བཱུན་ཤྀན་བཱུ་ཧྭང་ཏེ31གཉྀས། །

27 ཆབ་སྲིད་གཅྀག་དུ་མོལ་ཏེ། །  གཉེན་བརྩེགས་ནས། །  ཀེང་ལུང32གྀ་ལོ་ལ་

28 ཀྀམ་ཤེང་ཀོང་ཅོ། །  བཙན་པོའྀ་ཁབ་དུ་བླངས་ནས། ། དབོན་ཞང་དུ་འགྱུར་

29 ཏེ་དགྱེས་པ་ལས།  བར་འགའ་ཕན་ཚུན་གྱྀ་སོའི་བློན་པོས་གནོད་པ་

30 དག་རྡུལ་གྱྀས་ཀྱང་། ། གཉེན་པའྀ་ཚབ་གང་དུ་བྱ་བ་ཐུགས་བྲེལ་ཆེན་

31 པོའྀ་དག་གྀ་ཚེ། །  དམག་སྟོངས33ཀྱིས་ཕན་ཐོགས་པར་བྱས་པ་དང་། །

32 ཐུགས་ནོངས34བྱུང་ངོ་ཆོག་ན། །  དགྱེས་སྣང35དག་ཀྱང་མ་ཆད་པར་བསྲིས(བསྲིང)36ཏེ

33 འདྀ་ལྟར་ཉེ་ཞྀང་གཉེན་བ་ཡྀན་ན། །  དབོན་ཞང་གྀ་ཚུལ་ཁོ་ན་ལྟར། ། ཐུགས་

34 ཡྀ་དམ37ཕབས་པ་ལས། ། བཙན་པོ་ཡབ་ལྷ་འཕྲུལ་ཁྲི་ལྡེ་སྲོང་བརྩན་གྱི་ཞ

35 སྔ་ནས། །  སྒམ་དཀྱེལ་ཆེན་པོས་ནྀ། །  ཆོས་སྲིད་ཅི་ལ་ཡང་མཁས་ཤྀང་གསལ་

36 བྱམས་པའྀ་བཀའ་དྲིན་གྱིས་ནྀ། །  ཕྱི་ནང་མྱེད་པར། །  ཕྱོགས་བརྒྱད་དུ་ཁྱབ་སྟེ་

37 མཐ་བཞྀ་རྒྱལ་པོ་ཀུན་དང་ཡང་མཇལད་ཅྀང་འདུམ་བར་མཛད་ན།  རྒྱ་དང་ལྟ་

38 ཞིག །  གཉེན་རྩེག་མ། །  ཡུལ་ཁྱྀམ་ཚེས་ཡིན་པས། །  ལྷག་པར་ཆབ་སྲིད་

39 གཅྀག་དུ་དགྱེས་ཏེ། །  ཕན་ཚུན་དབོན་ཞང་དགོངས་པ་མཐུན་ནས། ། རྒྱ་རྗེ་ཞེང་

40 ཤྀན་བཱུན་བཱུ་ཧྭང་ཏེ38དང་། །  མཇལ་དུམ་དུ་མོལ་ཏེ། །  བཀའ་ཁོན་རྙིང་པ་ནི།

41 སྤྱངས་ཤིང་གསལད39། །  དགྱེས་པ་གསར་ནྀ་བསླས་ཤྀང་བསྟུད་ནས། ། དེ་ཚུན་

42 ཆད། །  བཙན་པོ་དབོན་ནྀ་སྐུ་ཚེ་གཅྀག ། རྒྱ་རྗེ་ཞང་ནྀ་གདུང་རབས་གསུམ་གྱྀ་

43 བར་དུ། །  བཀའ་ཁོན་གྱི་གཅུགས་ནྀ་མ་བྱུང40། ། དགྱེས་པའི་སྲི་ཞུ་ནྀ་ཕན་ཚུན་

44 ཕྱང་དེ། །  ཕོ་ཉ་གཅེས་པ་ལས། །  བཀའ་ཕྲིན་སྙན་པ་དང་། །  དཀོར་ནོར་

45 བཟང་པོས་ནྀ། །  རྒྱུན་དུ་འདྲུལ་ན། །  མཇལ་དུམ་གྱི་མདོ་ཆེན་པོ་གཙིགས་

46 བཅ་བ་ལྟ་བུ་ཡང་མ་གྲུབ། །  དབོན་ཞང་མོལད་པའྀ་རྗེས་ཀྱང་ཚར་མ་ཕྱིན་པར་

47 ཐུགས་ནོངས་ཀྱིས་བརྩལ་ཏེ། །  བར་གྱི་གཅུགས་རྙིང་པ་ཕྲན་ཚེགས་ཀྱི་

48 དོགས་ཕྲིག་གྀས། །  ལེགས་པ་ཆེན་པོའི་སྐུ་དོན། །  ཕྱི་ལྕིགས་ཤེ་དག་དུ་གྱུར་

49 ནས41།།  དགྲ་ཆོས་ཀྱྀ་ཐབས42དང། །  དམག་བརྩན་པོ་དག་ཀྱང་མྱྀ་རྡུལ་དུ་མ་

50 རུང43སྟེ། །  དགྲ་ཟུན་གྱི་ཚུལ་དུ་གྱུརད་གྱྀས་ཀྱང་། །  ཡོང་ཉེ་ཞིང་གཉེན44ལ་

51 འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས། །  མཁྱེན་པ་ནི། །

52 འཕྲུལ་གྱྀ་ཚུལ་ཆགས། །  མཛད་པ་ནྀ་ལྷའི་ལུགས་དང་མཐུན་ཏེ། །  བཀཱ

53 དྲིན་ཆེན་པོས། །  ཕྱྀ་ནང་གཉིས་སུ་སྙོམས་ཤིང་། །  དབུ་རྨོག་བརྩན། ། བཀའ

54 ལུང་གཉན45ཏེ། །  རྒྱ་རྗེ་བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ་དང་དབོན་ཞང་གཉྀས

55 འཕྲུལ་གྱི་དགོངས་པ་ནྀ་མཐུན་ཏེ། །  བོད་རྒྱའྀ་ཆབ་སྲིད་ནྀ་གཅྀག་སྟེ། །

56 བོད་རྒྱ་གཉྀས། རབས་ཁྲྀར་བདེ་སྐྱིད་པའྀ་མཇལ་དུམ་ཆེན་པོ་མཛད་ནས་

57 རྒྱ་ཡུལ་དུ་ནྀ། །  ཀེང་ཤྀའི46ནུབ་ཕྱོགས་ཤེག་སང་སྀའི་དྲུང་དུ། །  བོད་ཆེན་

58 པོའི་ལོའི་མྱིང་ནྀ་སྐྱིད་རྟག47ལོ་བདུན། ། རྒྱ་ཆེན་པོའི་ལོའི་མྱིང་ནྀ། །

59 ཅང་ཀེང48ལོ་དང་པོ་ལྕགས་མོ་གླང་གྀ་ལོའི49དགུན་སླ་ར་བ50ཚིས་བཅུ་ལ་

60 དཀྱྀལ་འཁོར་ལ་འཛེགས51ནས། ། རྒྱ་ཡིས་གཙྀགས་བཟུང་ངོ་། ། བོད་

61 ཡུལ་དུ་ནྀ། །  ཕོ་བྲང་ལྷ་སའྀ་ཤར་ཕྱོགས་སྦྲ་སྟོད་ཚལ་དུ། །  བོད་ཆེན་པོའི་

62 ལོའི་མྱྀང་སྐྱྀད་རྟག་ལོ་བརྒྱད། །  རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་

63 གཉྀས། །  ཆུ་ཕོ་སྟག་གྀ་ལོའི52དབྱར་སླ་འབྲྀང་པོ53ཚེས་དྲུག་ལ། ། དཀྱྀལ་

64 འཁོར་ལ་འཛེགས་ཏེ། །  བོད་ཀྱྀས་གཙྀགས་བཟུང་ངོ་། །  གཙྀགས་ཀྱི་

65 མདོ་རྡོ་རིངས་ལ་བྲིས་པ་འདི་ཡང་། །  བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟག

66 ལོ་དགུ། །  རྒྱ་ཆེན་པོའི་ལོའྀ་མྱིང་ཅང་ཀེང་ལོ་གསུམ། །  ཆུ་མོ་ཡོས་

67 བུ་ལོའི54དཔྱྀད་སླ་འབྲིང་པོ55ཚེས་བཅུ་བཞྀ་ལ། །  རྡོ་རིངས་ལ་ཡི་གེ་བྲིས་སོ། །

68 རྡོ་རིངས་འདི་འདྲྀ་བའྀ་སྤྱན56ཡང་། །  རྒྱའྀ་ཕོ་ཉ་ཐབས་། །  འགུ་

69 ཤེའུ་ཞང(ཅུང)ཤིང་ཡོད་པ།  དོ་ཙེའོ་དང་། །  ཐབས་ཙན་ཤན་དེ་བཱུ57ཡོད་པ། 

70 ××ཀཱུ་ལསྩོགས་པས་བྱས་སོ། །  གཙིགས་གྱི་མདོ་རྡོ་རིངས་ལ་བྲིས་པ་འདྀ་

71 དང་འདྲ་བ་གཅིག ། རྒྱའྀ་ཡུལ་ཀེང་ཤྀར་ཡང་གཙུགས་སོ། །

2_4 བྱང་ངོས་སུ།

1 ༄།། བོད་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་

2 དུམ་གྱྀ་གཙིགས་འཛྀན་པ་ལ་གཏོགས་

3 པའི་ཐབས་དང་མྱྀང་རུས་ལ། །

大 相 好 立 寮 

蕃 等 登 盟 名

宰 和 坛 官 位

4 ༄།། བོད་ཆེན་པོའྀ་ཆབ་སྲིད་ཀྱྀ་བློན་པོ་ཆེན་

5 པོ་བཀའ་ལ་གཏོགས་པའྀ་ཐབས་དང་མྱྭྀང་

6 རུས་། །

大 宰 同 章 名

蕃 相 平 事 位

7 ༄། ། བཀའ་ཆེན་པོ་ལ་གཏོགས་ཏེ་ཕྱྀ་ནང་

8 གཉིས་ལ་དབང་ཞིང་ཆབས་སྲིད་འཛིན་པ་

9 བན་དེ་ཆེན་པོ་དཔལ་ཆེན་པོ་ཡོན་ཏན

× × 平 × ×

× × 章                                                 ×

× 政 事 阐 ×

× 同 沙 布 ×

10. ××××དམག་གོ་ཆོག་གྀ་བློན་ཞང་ཁྲྀ་སུམ་རྗེ་སྦེག་ལྷ། །

×  × 都  绮

× × 元 章 心

×  ×  帅 事 儿

× 马 同 尚

11. ༄། ། ××བློན་ཆེན་པོ་བློན་ལྷོ××

×  同  章 × 热

×  平  事 × ×

12. ༄།། གུང་བློན་ཆེན་པོ་དཔོན་དམག× ×

13. ××××བཟང×

天 马 帅 章 ×

下 副 同 事 ×

兵 元 平 × ×

14.༄། ། ཆབ་སྲྀད་ཀྱི་བློན་པོ་ཆེན་པོ་བློན་རྒྱལ་

15. ཁྲི་མདོ་གཟིགས། །

×× ×××

×× ×××

×× ×× ×

16.༄། ། ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་བློན(མཆྀམས་ཞང)

17.རྒྱལ་བཙན་བཞེར། །

宰 平 论 叵

相 章 结 热

同 事 赞

18.༄། ། ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཙན་

19. ཁོད་ནེ་སྟང་། །

宰 平 尚 赞 悉

相 章 绮 窟 当

同 事 立 宁

20.༄། ། ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་ཞང་ཁྲྀ་བཞེར་

21.ལྷ་མཐོང་། །

宰 平 论 弩 恭

相 章 绮 贪

同 事 立

22.༄། ། ཆབ་སྲྀད་ཀྱྀ་བློན་པོ་བློན་རྒྱལ་བཟང་

23. འདུས་ཀོང་། །

宰 相 论 弩 恭

相 章 颊 悉

同 事 藏  

24.༄། ། བོད་ཆེན་པོའྀ་བློན་པོ་ཕལ་གྱི་ཐབས་དང་

25. མྱྀང་རུས། །

大 诸 寀 坛 名

蕃 寮 登 者 位

26. ༄། ། ནང་བློན་མཆྀམས་ཞང་རྒྱལ་བཞེར་ཁོད་ནེ་

27. བརྩན། །

曩 琛 颊 窟 赞

论 尚 热 宁

28. ༄། ། ཕྱི་བློན་བཀའ་ལ་གཏོགས་པ་ཅོག་རོ་

29. བློན་བཙན་བཞེར་ལྷོ་གོང་། །

纰 罗 属 赞 公

论 笃 卢 热

伽 波 论 土

30. ༄། ། སྣམ་ཕྱི་པ58མཆྀམས་ཞང་བརྟན་བཞེར་སྟག

31. ཙབ། །

悉 波58旦 诺

南 琛  热 币

纰 尚 悉

32. ༄། ། མངན་པོན་ཁབ་སོ་འོ་ཆོག་གྀ་བླ59འབལ་བློན་

33. ཀླུ་བཟང་མྱེས་རྨ། །

岸 苏 劫 论 藏

奔 户 罗 矩 名

榼 属 末60 立 摩

34.༄། ། བཀའྀ་ཕྲིན་བློན60བྲན་ཀ་བློན་སྟག་བཞེར་ཧབ

35. ཀེན་

给    勃 论 热

事    阑 悉 合

中60伽 诺 乾

36.༄། ། རྩིས་པ་ཆེན་པོ61རྔེགས་བློན་སྟག

37. ཟྀགས་རྒན་ཁོལ། །

资 折 论 昔

悉 逋 悉 乾

波 额 诺 窟

38.༄། ། ཕྱྀ་བློན་འབྲོ་ཞང་ཀླུ་བཟང་ལྷ་བོ་བརྩན་

纰 卢 楼 他

论 尚 勃 谱

没 劫 藏 赞

39.༄། ། ཞལ་ཅེ་པ་ཆེན་པོ62ཞལ་ཅེ་འོ་ཆོག63གྀ་

40.(བློན)། ། མྱང་བློན་རྒྱལ་གེན་ལེགས་ཙན། །

刑 尚 明 结 历

部 书 论 研 赞

2_5 ལྷོ་ངོས་སུ།

1. ༄། ། རྒྱ་ཆེན་པོའྀ་བློན་པོ་ཆེ་ཕྲ་མཇལ་དུམ་གྱྀ་

2.གཙྀགས་འཛྀན་པ་ལ་གཏོགས་པའྀ་ཐབས་

3.དང་མྱྀང་རུས་ལ། །

大 相 好 立 寮

唐 等 登 盟 明

宰 和 坛 官 位

4.༄། ། རྒྱ་ཆེན་པོའྀ་ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་

5.བཀའ་ལ་གཏོགས་པའྀ་ཐབས་དང་མྱྀང་རུས། །

大 宰 同 章 名

唐 相 平 事 位

6.༄། ། ཇེང་འགྀ་དའེ་པུ74ཞྀའུ85མུན་ཧ་ཞི་ལང65གི་ཐབས་

7.ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ×××

8. ×××

正 夫74 侍 平 李

仪 门 郎65 章 逢

大 下 同      事 吉

9.༄།། ×××དའི་པུ་ཞིའུ་ཅུང་ཤུ་ཞི་ལང66གི་ཐབས་

10.ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ××××

正 夫 侍 平 崔

议 中 郎66   章

大 书 同 事 植

11.༄། ། ཐའྀ་ཅཱུང་དའེ་པུ74ཅུང་ཤུ་ཞི་ལང་གྀ་ཐབས་

12.ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་འྭང་ཕ། །

太 夫74 侍 平 王

中 中       郎 章 播

大 书       同 事

13.༄། ། ཅཱུང་དའྀ་པཱུ74ཞྀའུ་ཞང་ཤུ་ཧོ་བཱོ་ཞི་ལང68གི་ཐབས་

14. ཡོད་པ་བཀའ་ཆེན་པོ་ལ་གཏོགས་པ་དཱོ་འགྭན

15.ཡྭེང་། །

中  书  侍  平  杜

大  户  郎68 章   元

夫74 部  同  事    颖

16.༄། ། ཇེང་འགྀ་དའེ་པུ་པེང་བོ་ཞང་ཤུ70ཐབས་ཡོད་

17.པ་བཀའ་ཆེན་པོ་ལ་གཏོགས་པ་སེའུ་འབཱེན། །

正 大 兵 尚  箫

仪 夫 部 书70俛

18.༄། ། རྒྱ་ཆེན་པོའི་བློན་པོ་ཕལ་གྱྀ་ཐབས་དང་མྱྀང་

19.རུས། །

大 诸 寀 坛 名

唐 寮 登 者 位

20.༄། ། ཀྀམ་ཙཱྀ་ཀྭང་ལོག་དའེ་ཕུ73ཞང་ཤུ་ཛ་བཱོག་ཡ་འི64

21.ཐབས་ཡོད་པ་ཧན་ཀའུ། །

金 禄  尚 仆 皋

紫 大  书 射64

光 夫73左 韩

22.༄།། ཇེའུ་འགྀ་ལང76འགུ་ཤི་ཅུང་ཤྀང81གི་ཐབས་ཡོད་པ་

23.འགྀའུ་སིང་ཞུ། །

朝 郎76 史 丞81 僧

仪 御  中 牛  孺

24.༄།། ཐའི་ཅུང་དའྀ་པུ་ཀཱེམ་ཀེའུ86ཞང་ཤུ་ཙ་བོག་ཡ་ལི་བོ་ཞང་ཤུ67ཐབས་ཡོད་པ་ལི་ཀཱང་། །

太 尚 仆 吏 书67

中 书 射 部 李

大 右 兼 尚 绛

26.༄། ། འགྀན་ཚེང་ཀྭང་ལོག་དའྀ་ཕཱུ73ཧོ་བོ་ཞང་ཤུ68

27.ཐབས་ཡོད་པ་ཡང་ཨུ་ལིང་། །

银 禄 户 书68于

青 大 部 杨  陵

光 夫73尚

28.༄། ། ཐོང་འགཱྀ་དའེ་པཱུ74ཤཱྀའུ་ལཱེའི་བོ69ཞང་ཤུ་ཐབས་

29.ཡོད་པ་འུའྀ་ཞྀའུ་། །

通 大     礼 尚 韦

议 夫74部  书 绶

30.༄། །  འགྀན་ཚེང་ཀྭང་ལོག་དའེ་པུ་ཀེམ་ཀེའུ་ཞང་

31.ཤུ་ཙ་བཱོག་ཡ་ཀྱམ87ཐའི་ཤང་ཀེང77གྀ་ཐབས་ཡོད་པ་

32.ཅའུ་ཙོང་ཞུ། །

银 大 右  太 宗

青 夫 仆  常 儒

光 尚 射  卿77

禄 书 兼87赵

33.༄། །  ཐའི་ཅུང་དའྀ་པཱུ་ལེའི་བཱོ་ཞང་ཤུ་ཀྱམ་

34.(སྀ་ནོང)ཀེང78གི་ཐབས་ཡོད་པ་བཱེའི་བུ། །

太 夫 尚 司 裴

中 礼 书 农 武

大 部 兼 卿78

35.༄། ། ཇེང་འགྀ་དའེ་པཱུ་ཞྀའུ་ཀེང་ཅེའུ་ཡུན82ཀྱམ་འགུ་ཤི་

36.དའེ་པཱུ80ཐབས་ཡོད་པ་ལྀའུ་ཀོང་ཅག །

正 夫 尹82史 柳

议 京 兼  大  公

大 兆 御  夫80绰

37.༄། ། འགིན་ཚེང་ཀྭང་ལོག་དའི་པཱུ་ཀེམ་ཀེའུ་ཀོང་བོ72ཞང་

38.ཤུ་ཀྱམ་ཙ་ཀྀམ་འགོ་འྭེའྀདའྀ་ཙང་ཀུན83གྱི་ཐབས་ཡོད་

39.པ་ཀྭག་ཚུང་། །

银 大  尚  金  将

青 夫  书  吾  军83

光 工  兼  卫  郭

禄 部72右  大 

40.ཛེའུ་ཅིང་དའེ་པུ75ཤཱྀའུ་དའྀ་ལི་ཀེང79ཀྱམ་འགུ་ཤི་དའི་

41.པཱུ་ཐབས་ཡོད་པ་ལིའུ་འགྭན་ཏེང་། །

韩 夫75卿79  史 刘

请 大  兼   大 元

大 理  御   夫 鼎

42.༄། ། ཇེའུ་འགི་ལང76ཞིའུ་ཞང་ཤུ་ཛ་སཱྀ་ལང་ཅུང84ཀྱམ་འགུ་

43.ཤི་ཅུང་ཤིང་གི་ཐབས་ཡོད་པ་ལྀའུ་ཤི་ལའུ། །

朝   尚  郎    史 师

议  书  中84 中 老

郎76 左 兼  丞

司 御  刘

44.༄། །  ཅྀང་ཞྀ་དེའེ་ཅུང་ཀེང་ཞང་ཤུ་ཀྭག་ལོང××ཞྀ××

45.ཅང××དེའི་པཱུ་་་་་་ཐབས་ཡོད་པ་ལི་་་་་་

46.   ×××××། །

× × × 监 骁

× × × 察 骑

郎 × × 御 蔚

× × × 史 李

47༄། །  ཇེའུ་སན་ལང88ཀེང་ཅེའུ××ཞེང×××

48. ×××ཀོ××ཀྱམ××

49. ××། །

朝   × × × × ×

散  × × × × ×

郎88× ×   ×    ×   ×

3 མ་ཡིག་གི་འབྲུ་འགྲེལ།
3_1 ནུབ་ངོས་ཀྱི་གཡོན་ཕྱོགས་སུ།

བོད་ཀྱི་རྒྱལ་པོ་ཆེན་པོ་བཙན་པོ་ཁྲི་གཙུག་ལྡེ་བཙན(ཁྲི་རལ་བ་ཅན)དང་།  རྒྱའི་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི(ཐང་མུའུ་ཙུང)དབོན་ཞང་གཉིས་ཀྱིས་མངའ་ཁུངས་ཐད་ཀྱི་ལྟ་བ་གཅིག་ཏུ་གྱུར་བར་བརྟེན་འདུམ་འགྲིག་ཆེན་པོ་མཛད་དེ་མནའ་འབྲེལ་གྱི་ཆིངས་ཡིག་བཞག་པ་འདི་ཡུན་ནས་ཡུན་དུ་མི་འགྱུར་བར་ལྷ་དང་མི་ཚང་མས་ཤེས་ཤིང་དཔང་པོ་བྱས་ནས་མི་རབས་ནས་མི་རབས་བར་གཏམ་གླེང་བྱེད་རྒྱུ་ཡོང་བའི་ཆེད་དུ་འདུམ་འགྲིག་མནའ་ཡིག་གི་རྩ་གནད་རྡོ་རིང་ལ་བཀོད་པ་ཡིན།

སྤྲུལ་པའི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐུ་ངོ་མས་རྒྱ་རྗེ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི་དབོན་ཞང་གཉིས་དགོངས་པ་ཟབ་མོ་དང་རྒྱ་ཆེན་པོའི་སྒོ་ནས་དེང་སྐབས་དང་ཕྱིས་འབྱུང་དུས་གང་དང་ཡུལ་གྱི་གནས་ཚུལ་བཟང་ངན་གང་འདྲ་བྱུང་ཡང་དེ་དང་མཐུན་པ་མཛད་དེ་ཐུགས་རྗེ་ཆེན་པོའི་སྒོ་ནས་བཀའ་དྲིན་གྱིས་ཁེབས་པ་ལ་ཕྱི་ནང་མེད་པར་མི་ཀུན་གྱི་བདེ་སྐྱིད་ཡོང་བ་མཛད་རྒྱུར་དགོངས་པ་མཐུན་ཞིང་།  ཡུན་རིང་པོར་ཕན་པའི་དོན་ཆེན་པོ་ལ་གྲོས་མཐུན་ནས་གཉེན་རྙིང་པའི་བརྩེ་དུང་དང་སྔོན་གྱི་ཁྱིམ་མཚེས་དགའ་མཐུན་གྱི་ལུགས་སྔར་ལས་ལྷག་པར་གོང་འཕེལ་གཏོང་རྒྱུར་གྲོས་མོལ་མཛད་ནས་འདུམ་འགྲིག་ཆེན་པོ་མཛད་དེ་བོད་རྒྱ་གཉིས་ཀས་ད་ལྟ་སོ་སོས་དབང་བའི་ཡུལ་དང་ས་མཚམས་སྲུང་ཞིང་།  དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ས་ཆ་ཡིན་པ་དང་།  ནུབ་ཕྱོགས་ཐམས་ཅད་ནི་བོད་ཆེན་པོའི་ས་ཆ་ཡིན།  དེ་ལས་ཕན་ཚུན་དགྲར་མི་ལངས་པ་དང་།  དམག་མི་འདྲེན་པ།  ས་ཆ་མི་འཕྲོག་པ།  གལ་ཏེ་དོགས་པ་སྐྱེ་བའི་གནས་ཚུལ་བྱུང་ན་ཕར་ཕྱོགས་ཀྱི་མི་བཟུང་བའི་ཐོག་སྐད་ཆ་དྲིས་ཏེ་རྫོང་བ་སྤྲད་ནས་ཕྱིར་གཏོང་རྒྱུ།  ད་སོ་སོར་དབང་བའི་མངའ་ཁུངས་ཐད་ལྟ་བ་གཅིག་ཅིང་།  འདུམ་འགྲིག་ཆེན་པོ་འདི་ལྟར་མཛད་པས་དབོན་ཞང་གཉིས་ཕན་ཚུན་དགའ་བའི་འཕྲིན་བཟང་ཡང་ཕར་ཚུར་གཏོང་རེས་བྱེད་དགོས།

ཕན་ཚུན་གྱི་ཕོ་ཉ་སྔར་རྒྱུན་གྱི་ལམ་རྙིང་བརྒྱུད་ནས་འོངས་ཏེ་སྔར་སྲོལ་ནང་བཞིན་བོད་རྒྱ་གཉིས་ཀྱི་བར་ཅང་ཅུན་ཡུས(将军谷)སུ་རྟ་བརྗེས་ལ།  ཧྲའེ་རུང་ཧྲན(绥戎栅)དུ་རྒྱའི་ས་མཚམས་དང་ཐུག་པ་མན་ཆད་རྒྱས་སྣེ་ལེན་བྱེད་དགོས་ལ།  ཆིང་ཧྲུའེ་ཞན(清水县)དུ་བོད་ཡུལ་དང་ཐུག་པ་ཡན་ཆད་བོད་ཀྱིས་སྣེ་ལེན་བྱེད་དགོས།  དབོན་ཞང་གཉིས་ཉེ་ཐོག་གཉེན་བརྩེགས་ཀྱི་འདུ་ཤེས་བཟུང་བ་བཞིན་དུ་ལྷག་བསམ་དང་བརྩི་བཀུར་བྱེད་དགོས་པའི་ལུགས་སྲོལ་ཡོད་པར་བྱས་ཏེ་ཡུལ་གཉིས་ཀྱི་བར་ལ་འཁྲུག་ཟིང་མི་ཡོང་བ་དང་།  གློ་བུར་དུ་འཇབ་རྒོལ་དང་དགྲར་འཛིན་པའི་གནས་ཚུལ་གོ་རྒྱུ་མེད་པ།  ས་མཚམས་སྲུང་བའི་མི་ཡན་ཆད་ཀྱང་དོགས་པ་དང་འཇིགས་སྣང་སྐྱེ་མི་དགོས་པར་རང་ས་རང་གནས་ཐོག་བློ་བདེ་བག་ཕེབས་ཀྱིས་བདེ་བར་འཁོད་པ་བཅས་བྱེད་དགོས་ཤིང་།  བདེ་སྐྱིད་ཐོབ་པའི་བཀའ་དྲིན་ནི་མི་རབས་ནས་མི་རབས་བར་དུ་ཐོབ་ཅིང་།  སྙན་གྲགས་ནི་ཉི་ཟླའི་འོད་ཀྱིས་གར་སླེབས་སར་ཁྱབ་སྟེ།  བོད་ནི་བོད་ཀྱི་ས་ཆ་ན་སྐྱིད་པ་དང་།  རྒྱ་ནི་རྒྱའི་ས་ཆ་ན་སྐྱིད་པའི་བྱ་བ་ཆེན་པོ་གཞིར་བཟུང་ནས་མནའ་འབྲེལ་ཆིངས་ཡིག་བཞག་པ་འདི་དུས་ནམ་ཡང་མི་འགྱུར་བར་དཀོན་མཆོག་གསུམ་དང་།  འཕགས་པ་རྣམས་དང་།  ཉི་ཟླ་དང་གཟའ་སྐར་ཡང་དཔང་དུ་བཞག་སྟེ་མནའ་ཚིག་གི་རྣམ་པའི་ཐོག་ནས་བཤད་ཅིང་།  སྲོག་ཆགས་བསད་དེ་མནའ་ཡང་བསྐྱལ་ནས་མནའ་འབྲེལ་གྱི་ཆིངས་ཡིག་འདི་བཞག་པ་ཡིན།

མནའ་འབྲེལ་གྱི་ཆིངས་ཡིག་འདི་བཞིན་དུ་མ་བྱས་པའམ།  གཏོར་བཤིག་བཏང་ན་བོད་རྒྱ་གཉིས་སུ་ཞིག་གིས་སྔོན་ལ་མནའ་ཡིག་གཏོར་བཤིག་བཏང་བ་དེར་འཇིགས་སྐུལ་བྱེད་ཅིང་།  དེའི་ལན་དུ་འཁོན་འཛིན་དང་གཡོ་སྒྱུ་གང་འདྲ་བྱས་ཀྱང་དེ་ནི་མནའ་ཡིག་གཏོར་བཤིག་བཏང་བར་བརྩི་རྒྱུ་མེད། འདི་ལྟར་བོད་རྒྱ་གཉིས་ཀྱི་རྒྱལ་པོ་དང་བློན་པོ་བཅས་ཀྱིས་མནའ་བསྐྱལ་ཏེ་མནའ་ཡིག་ཞིབ་ཕྲ་བྲིས་ནས་རྒྱལ་པོ་ཆེན་པོ་གཉིས་ཀྱིས་བཀའ་ཐམ་བརྒྱབ། བློན་པོ་མནའ་ཡིག་འགོད་པར་གཞུག་མཁན་རྣམས་ཀྱིས་མིང་རྟགས་བཀོད་ནས་མནའ་ཡིག་ཀྱང་སོ་སོའི་བང་མཛོད་དུ་བཞག་པ་ཡིན།

3_2 ཤར་ངོས་སུ།

སྤྲུལ་པའི་རྒྱལ་པོ་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་།  རྒྱ་རྗེ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི་གཉིས་ཀྱིས་མངའ་ཁུངས་ཐད་ཀྱི་ལྟ་བ་གཅིག་ཏུ་གྱུར་བར་བརྟེན། འདུམ་འགྲིག་མཛད་པའི་དབོན་ཞང་གཉིས་ཀྱི་གནས་ཚུལ་གང་འདྲ་ཡིན་དང་། མནའ་གན་བཞག་པའི་གཏན་ཚིགས་རྣམས་རྡོ་རིང་ལ་བཀོད་པ་ཡིན།

སྤྲུལ་པའི་རྒྱལ་པོ་བཙན་པོ་འོ་ལྡེ་སྤུ་རྒྱལ(གཉའ་ཁྲི་བཙན་པོ)ཡུལ་སྡེ་ཐོག་མར་ཆགས་པའི་ཚུན་ཆད་ནས་མིའི་རྒྱལ་པོའི་ཚུལ་དུ་བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་དེ་ཡང་གངས་རི་མཐོན་པོའི་དབུས་དང་།  ཆུ་བོ་ཆེན་པོའི་མགོ ། ཡུལ་བབ་མཐོ་ཞིང་ས་ཆུ་གཙང་བའི་ས་ཆ་དེར་གནམ་གྱི་ལྷ་ལས་མིའི་རྒྱལ་པོར་ཕེབས་ཏེ་ལུགས་སྲོལ་ཆེན་པོར་བརྟེན་ནས་ཡུན་རིང་གནས་པའི་ཆབ་སྲིད་བཙུགས།  ཆོས་ཁྲིམས་བཟང་པོར་བརྟེན་ནས་འབངས་སྐྱོང་།  བྱམས་པའི་བཀའ་དྲིན་གྱིས་ནང་སྲིད་སྤེལ།  ཐབས་བྱུས་མཁས་པས་ཕྱིའི་དགྲ་བོ་བཏུལ་ཏེ་མངའ་ཁུངས་ནི་སྔར་ལས་དར་ཁྱབ་ཆེ།  མགོ་འཕང་ནི་མཐོ་ཞིང་ཡུན་ནས་ཡུན་དུ་བརྟན།  གཟི་བརྗིད་མི་ཉམས་པའི་རྟག་བརྟན་གྱི་རྒྱལ་པོ་ཆེན་པོ་ནི་དབང་ཆ་དང་སྟོབས་ཤུགས་ཆེ།  དེའི་ཕྱིར་ལྷོ་ཕྱོགས་ཀྱི་མོན་དང་རྒྱ་གར།  ནུབ་ཕྱོགས་ཀྱི་སྟག་ཟིག་དང་།  བྱང་ཕྱོགས་ཀྱི་དྲུ་གུ་ནེ་སྨལ་ལ་སོགས་པ།  བློ་ཟབ་ཅིང་ནན་པོར་བརྩི་བ་ཀུན་གྱིས་སྤྲུལ་པའི་ལྷ་བཙན་པོའི་དབུ་འཕང་སྲ་ཞིང་བརྟན་ལ་བཀའ་དྲང་པོར་མི་བཀུར་བ་མེད།  ཕན་ཚུན་དགའ་ཞིང་བཀའ་སྩལ་པ་ཡོད་ཚད་ཉན་གྱི་ཡོད་པ་རེད།  ཤར་ཕྱོགས་སུ་རྒྱ་ཡོད་པ་དེ་མཚོ་ཆེན་པོའི་ནང་ཉི་མ་ཤར་བའི་ཕྱོགས་ཀྱི་རྒྱལ་པོ་ཡིན་ཞིང་།  ལྷོ་བལ་གཞན་དང་མི་འདྲ་བར་ལུགས་སྲོལ་བཟང་ཞིང་རིག་གནས་དར་རྒྱས་ཆེ་བས་བོད་དང་ཡང་འཐབ་ན་འགྲན་པའི་དགྲ་ཡ་དང་མཐུན་ན་འགྲོགས་པའི་ཁ་ཡ་ཡིན།   ཐོག་མར་རྒྱ་རྗེ་ལི་ཧྲི་རྨིན་རྒྱལ་སར་བཞུགས་ནས།  ཐང་རྒྱལ་རབས་ཀྱི་སྲིད་ལོ་ཉི་ཤུ་རྩ་གསུམ་ལོན།  རྒྱལ་རབས་གཅིག་གི་འོག་ཏུ་སྤྲུལ་པའི་རྒྱལ་པོ་བཙན་པོ་སྲོང་བཙན་སྒམ་པོ་དང་།  རྒྱ་རྗེ་ཐའེ་ཙུང་ཝུན་ཝུའུ་ཧྲེང་ཧོང་ཏི(ཐང་ཐའེ་ཙུང)གཉིས་ཀྱིས་གཉེན་འབྲེལ་བྱ་རྒྱུའི་འདོད་མོལ་བྱུང་ནས།  ཀྲེན་ཀོན་གྱི་ལོ་ལ(སྤྱི་ལོ641ལོར)ཚ་མོ་འུན་ཤིང་ཀོང་ཇོ་བཙན་པོའི་བཙུན་མོར་བླངས།  དེའི་རྗེས་ལ་སྤྲུལ་པའི་རྒྱལ་པོ་བཙན་པོ་ཁྲི་ལྡེ་གཙུག་བཙན་དང་རྒྱ་རྗེ་སན་ལང་ཁའེ་ཡོན་ཧྲེང་ཝུན་ཧྲེན་ཝུའུ་ཧོང་ཏི(ཐང་ཞོན་ཙུང)གཉིས་ཀྱིས་གཉེན་འབྲེལ་བྱ་རྒྱུའི་འདོད་མོལ་བྱུང་ནས།  གཉེན་ཐོག་གཉེན་བརྩེགས་ཏེ་ཁྲི་ལོ་ཅིང་ལུང་གི་ལོར་གྱིམ་ཤིང་ཀོང་ཇོ་བཙན་པོའི་བཙུན་མོར་བླངས་ནས་དབོན་ཞང་དུ་གྱུར་ཏེ་དགའ་བའི་གནས་ལ་འཁོད་ཡོད་པ་ལས། (རྒྱ་ཡིག་གི་དེབ་ཐེར《སྐྱོང་རོགས་ཀུན་གསལ་མེ་ལོང》ལྟར་ན།  ཅིང་ལུང་ལོ་བཞི་པ་སྟེ་སྤྱི་ལོ710ལོར་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་གྱིམ་ཤིང་ཀོང་ཇོ་བཙུན་མོར་བཞེས་སྐབས་ཀྱི་རྒྱ་རྗེ་དངོས་ནི་ཐང་ཞོན་ཙུང་གི་ཨ་ཁུ་ཐང་ཀྲུང་ཙུང་ཡིན་པ་ལས། སྤྱི་ལོ712ལོར་གཞི་ནས་གོང་མའི་ཁྲི་ལ་བཞུགས་པའི་ཐང་ཞོན་ཙུང་རང་ཉིད་མ་ཡིན)སྐབས་རེ་རྒྱ་བོད་ས་མཚམས་ཀྱི་སོ་བློན་གྱིས་འཁྲུག་རྐྱེན་བསླངས་པས་དམག་འཐབ་ཕྲན་བུ་བྱུང་ཡང་རྒྱལ་ནང་གི་ཆབ་སྲིད་ཐོག་གནས་ཚུལ་ཛ་དྲག་ཆེན་པོ་བྱུང་དུས་དམག་གྲོགས་བཏང་ནས་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་།  ཕན་ཚུན་ཐུགས་མ་མཐུན་པ་བྱུང་བའི་སྐབས་ཡོད་ཚད་ན་ལག་རྟགས་དེ་འདྲ་དང་འདི་འདྲ་མ་ཆད་པར་བསྐུར་ཏེ་འདི་ལྟ་བུར་ཉེ་ཞིང་གཉེན་པ་ཡིན་ན་དབོན་ཞང་གི་འདུ་ཤེས་ཁོ་ན་ལྟར་ཐུགས་ཀྱིས་དམ་བཅའ་ཕབ་པ་ལས།  བཙན་པོ་ཡབ་ལྷའི་སྤྲུལ་པ་ཁྲི་ལྡེ་སྲོང་བཙན་སྐུ་ངོ་མ་ནི་དགོངས་པ་ཟབ་ཅིང་རྒྱ་ཆེ་ལ་ཆོས་སྲིད་ཅི་ལ་ཡང་མཁས་ཤིང་གསལ།  བྱམས་པའི་བཀའ་དྲིན་གྱིས་ནི་ཕྱི་ནང་མེད་པར་ཕྱོགས་བརྒྱད་དུ་ཁྱབ་པར་བསྐྱངས་ནས་མཐའ་བཞིའི་རྒྱལ་པོ་ཀུན་དང་ཡང་མཛའ་ཞིང་མཐུན་ཐབས་མཛད་ན།  རྒྱ་དང་མཐུན་ཐབས་མཛད་པ་ནི་སྨོས་མ་དགོས་པར་མ་ཟད།  གཉེན་ཐོག་གཉེན་བརྩེགས་དང་།  ཡུལ་ཁྱིམ་མཚེས་ཡིན་པས་ལྷག་པར་མངའ་ཁུངས་ཐད་ཀྱི་ལྟ་བ་གཅིག་མཐུན་ཡོང་པར་དགའ་ནས།  དབོན་ཞང་ཕན་ཚུན་དགོངས་པ་མཐུན་ནས་རྒྱ་རྗེ་ཧྲེང་ཧྲིན་ཝུན་ཝུའུ་ཧོང་ཏི(ཐང་ཏེ་ཙུང)དང་། འདུམ་འགྲིག་མཛད་པའི་ཡི་གེ་གྲོས་སྡུར་བྱས་ནས།  སྔར་གྱི་འཁོན་འགྲས་རྙིང་པ་ནི་དོར་ཞིང་མེད་པར་བཟོས་པ་དང་།  མཛའ་མཐུན་གསར་པ་ནི་བཙུགས་ཤིང་རྒྱུན་མཐུད་ནས་དེ་ཚུན་ཆད་བཙན་པོ་ཚ་བོ་ཁྲི་ལྡེ་སྲོང་བཙན་སྐུ་ཚེ་གཅིག་དང་།  རྒྱ་རྗེ་ཞང་པོ་གདུང་རབས་གསུམ(ཐང་ཏེ་ཙུང་དང་ཐང་ཧྲུན་ཙུང་ཐང་ཞན་ཙུང་གསུམ། 唐德宗、唐顺宗、唐宪宗)གྱི་བར་དུ་མཛའ་བོ་མ་ཡིན་པའི་འཁོན་འགྲས་ནི་མ་བྱུང་། དགའ་བའི་བཀུར་སྟིའི་བྱ་གཞག་ནི་སྤེལ་རེས་བྱས་ཏེ་གཅེས་པའི་ཕོ་ཉ་ལས་བཀའ་ཕྲིན་སྙན་པོ་དང་།  སྐྱེས་ནོར་བཟང་པོས་རྒྱུན་དུ་འགྲུལ་བཞུད་བྱས་ཀྱང་།  འདུམ་འགྲིག་གི་རྩ་དོན་ཆེན་པོ་མནའ་ཡིག་བཞག་པ་ལྟ་བུ་ཡང་མ་གྲུབ།  དབོན་ཞང་གཉིས་ཀྱི་གྲོས་མོལ་ལ་བྱས་རྗེས་ཀྱང་མཐའ་མ་འཁྱོལ་པའི་ཁར་ཞེ་འགྲས་བྱུང་ནས་བར་གྱི་རྩོད་གཞི་རྙིང་པ་ཕྲན་བུ་ཡི་དོགས་པ་ཟ་བའི་རྐྱེན་གྱིས་མནའ་འབྲེལ་ཆིངས་ཡིག་འཇོག་རྒྱུ་དེའི་ཐད་ལ་འགོག་རྐྱེན་ཤ་སྟག་ཏུ་གྱུར་ནས་ཕན་ཚུན་དགྲར་བཟུང་བའི་བྱེད་ཐབས་དང་།  དྲག་པའི་དམག་ཤུགས་ཀྱང་མི་གཏོང་ཀ་མེད་བྱུང་སྟེ་དགྲ་གཉེན་གོ་ལྡོག་གི་ཚུལ་དུ་འགྱུར་ཉེན་བྱུང་བ་ལ།  སྤྲུལ་པའི་རྒྱལ་པོ་བཙན་པོ་ཁྲི་གཙུག་ལྡེ་བཙན་སྐུ་དངོས་ཀྱི་མཁྱེན་པ་ནི་རྒྱ་ཆེ་བ་སྤྲུལ་པ་ལྟ་བུ་ཆགས་པ་དང་།  མཛད་པ་ནི་ལྷའི་ལུགས་དང་མཐུན་ཏེ་བཀའ་དྲིན་ཆེན་པོའི་སྒོ་ནས་ཕྱི་ནང་གཉིས་སུ་ཉེ་རིང་མེད་པར་ཆ་སྙོམས་ཤིང་། དབུ་འཕང་མཐོ་ལ། བཀའ་ལུང་བཙན་ཞིང་། རྒྱ་རྗེ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི་དང་དབོན་ཞང་གཉིས་རྒྱ་ཆེ་བའི་དགོངས་པ་མཐུན་ནས་བོད་རྒྱ་གཉིས་ཀྱིས་མངའ་ཁུངས་ཐད་ཀྱི་ལྟ་བ་གཅིག་མཐུན་བྱུང་ནས།  བོད་རྒྱ་གཉིས་མི་རབས་ནས་མི་རབས་བར་དུ་བདེ་སྐྱིད་ཀྱི་འདུམ་འགྲིག་ཆེན་པོ་མཛད་ནས་རྒྱ་ཡུལ་དུ་ཅིང་ཧྲི་ཁྲང་ཨན(京师长安)གྱི་ནུབ་ཕྱོགས་ཧྲི་དབྱང་སི(石羊寺)ཞེས་པའི་དགོན་པའི་ཉེ་འཁོར་དུ་བོད་ཆེན་པོའི་ཁྲི་ལོའི་མིང་སྐྱིད་རྟག་ལོ་བདུན་པ་སྟེ།  རྒྱ་ཆེན་པོའི་ཁྲི་ལོའི་མིང་ཁྲང་ཆིང་ལོ་དང་པོ(ལྕགས་མོ་གླང་གི་ལོ་སྟེ་སྤྱི་ལོ821)ཡི་དགུན་ཟླ་བཅུ་པའི་ཚེས་བཅུ་ལ་མནའ་བཞག་སྟེགས་བུར་འཛེགས་ནས་རྒྱ་ཡིས་མནའ་གན་འཇོག་པའི་གཙོ་འགན་བཞེས་པ་རེད།  བོད་ཡུལ་དུ་ཕོ་བྲང་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ་བོད་ཆེན་པོའི་ཁྲི་ལོའི་མིང་སྐྱིད་རྟག་ལོ་བརྒྱད་པ་སྟེ།  རྒྱ་ཆེན་པོའི་ཁྲི་ལོའི་མིང་ཁྲང་ཆིང་ལོ་གཉིས་པ(ཆུ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ822)ཡི་དབྱར་ཟླ་ལྔ་པའི་ཚེས་དྲུག་ལ་མནའ་བཞག་སྟེགས་བུར་འཛེགས་ནས་བོད་ཀྱིས་མནའ་གན་འཇོག་པའི་གཅོ་འགན་བཞེས་པ་རེད།  མནའ་ཡིག་རྩ་དོན་དེ་བོད་ཆེན་པོའི་ཁྲི་ལོའི་མིང་སྐྱིད་རྟག་ལོ་དགུ་པ།  རྒྱ་ཆེན་པོའི་ཁྲི་ལོའི་མིང་ཁྲང་ཆིང་ལོ་གསུམ་པ(ཆུ་མོ་ཡོས་ཀྱི་ལོ་སྟེ་སྤྱི་ལོ823)ཡི་དཔྱིད་ཟླ་གཉིས་པའི་ཚེས་བཅུ་བཞི་ལ་རྡོ་རིང་ཐོག་ལ་བཀོད་ཡོད།

རྡོ་རིང་འདི་འབྲི་བའི་ལྟ་ཞིབ་པ་ཡང་རྒྱའི་ཕོ་ཉ་གོ་གནས་ཡུས་ཧྲི་ཀྲུང་ཁྲེང་ཡོད་པ་ཏུའུ་ཙའེ་དང་།  གོ་གནས་ཙན་ཧྲན་ཏའེ་ཧྥུ་ཡོད་པ་ལ་སོགས་པས་བྱས་ཡོད།  མནའ་ཡིག་རྩ་དོན་གཙོ་བོ་རྡོ་རིང་ལ་བྲིས་པ་འདི་དང་འདྲ་བ་གཅིག་རྒྱ་ཡུལ་ཅིང་ཧྲིར་ཡང་བཙུགས་ཡོད་པ་རེད།

4 མཆན་འགྲེལ།

① ཆབ་སྲིད། སྐབས་དེར་ཆབ་སྲིད་ཅེས་པ་ལ་གོ་དོན་གཉིས་ཡོད་པ་ལས།  གཅིག་ནི་སོ་སོར་དབང་བའི་མངའ་ཁུངས་ཀྱི་དོན་དང་།  གཉིས་ནི་མནའ་འབྲེལ་བྱ་རྒྱུའི་དོན་ཡིན་པ་གསལ།

② མཇལ་དུམ་ཆེན་པོ།  ⑴འདུམ་འགྲིགས་ཆེན་པོ། ⑵མནའ་གན་ཆེན་པོ།

③གཙྀགས་བཅས་པ། མནའ་ཡིག་བཞག་པའི་ཞེ་ས།

④ཞ་སྔ་ནས། ཞལ་སྔ་ནས། སྐུ་ངོ་མས། སྐུ་དངོས་ཀྱིས།

⑤བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ(དེང་སང་གི་རྒྱ་སྐད་དུ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི་ཟེར)འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་མུའུ་ཙུང་ཞེས་པ་དེ་ཡིན་ཞིང་།  སྤྱི་ལོ821ནས་སྤྱི་ལོ824ལོའི་བར་དུ་རྒྱལ་སྲིད་བཟུང་ཡོད་པ་དང་།  སྤྱི་ལོ821ལོ་ལ་བློན་ཆེན་རྣམས་ཀྱིས་རྒྱ་རྗེ་དེ་ལ་ཝུན་ཝུའུ་ཞའོ་ཏེ་ཧོང་ཏི་ཞེས་པའི་མཚན་གསོལ།

(《ཐང་རྒྱལ་རབས་ཀྱི་དེབ་ཐེར་གསར་མ》རྒྱ་ཡིག་པར་གཞིའི་ཤོག་ལྷེ223པར་གསལ)

⑥སྒམ་དཀྱེལ་ཆེན་པོ།  དགོངས་པ་ཟབ་མོ་དང་རྒྱ་ཆེན་པོ།

⑦སྲི་ཞུ། བཀུར་སྟི་དང་ཞབས་འདེགས།

⑧མརྣམ། ཕྲོགས་པ།

⑨འདྲུལ(འགྲུལ)ཕན་ཚུན་འགྲོ་བཞུད་བྱེད་པ།

⑩འདོང་བ།  འཐོན་པའམ། འགྲོ་བ།

11ཕུ་དུད། སྣེ་ལེན་ནམ།  གུས་འདུད། གུས་ཞབས།

12དུད་རྡུལ། དུད་ནི་དགྲ་དམག་ཚུར་རྒོལ་དུ་ཡོང་ཚེ་རང་ཕྱོགས་ཀྱི་སོ་པས་དགྲ་བོ་བྱུང་ཚུལ་གྱི་དམག་བརྡའི་ཆེད་དུ་གཏོང་བའི་བསང་གི་དུད་པ་དང་།  རྡུལ་ནི་རྟ་དམག་གི་རྟའི་རྨིག་པས་བསླངས་པའི་ཐལ་བ་སྟེ་དམག་འཁྲུག་ལངས་པའི་དོན་ལ་གོ་དགོས།

13གློ་བུར་དུ་སྡང་བ། གློ་བུར་དུ་འཇབ་རྒོལ་བྱེད་པ།

14ས་ས་མལ་མལ།  རང་ས་རང་གནས་ཏེ་རང་རང་གི་ས་ཆ་དེ་རང་ལ་གནས་པ།

15གཉི་ཟླས་སླེབས་སོ་ཆོག   ཉི་མ་དང་ཟླ་བའི་འོད་ཀྱིས་གར་སླེབས་ས།

16ཐ་ཚྀག ⑴མནའ་ཚིག་དང་།  དམ་ཚིག་སྟེ།  དམ་བཅས་པའི་ཚིག ⑵ཐ་མའི་བསླབ་བྱ།

17སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། 《དེབ་ཐེར་དཀར་པོ》ཤིང་པར་ཤོག་ལྷེ19པ་ལས། “བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེན་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་ངྷེ་ཞིག་གིས་ཆོ་ག་གཏོང་།  གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ།  ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་།  བསམ་ངན་དང་སེམས་མ་དྲང་བ་བྱེད་ན།  གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས།  ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ།  དུམ་བུར་བྱས་ལ་སོད་ཅིག”ཅེས་པ་འདི《ཐང་ཧྲུའུ་གསར་མའི་ཐུའུ་པོ་ཀྲོན》ཞེས་པའི་བོད་ཀྱི་ལོ་རྒྱུས་སུའང་གསལ།

18དཀུ་སྒྱུ།  གཡོ་སྒྱུ།

19བཤགས་མནའ(ཤགས་མནའ)། ཕན་ཚུན་མནའ་སྐྱེལ་རེས་ཀྱིས་དམ་བཅའ་བཞག་པ།

20ཕྱག་རྒྱ། བཀའ་དམ།  ཕྱག་ཐམ།

21ཕྱག་སྦལ། ⑴བང་མཛོད། ⑵བཙོན་ཁང་།

22འོ་ལྡེ་སྤུ་རྒྱལ། ⑴གཉའ་ཁྲི་བཙན་པོ། ⑵ལྷ་འོ་དེ་གུང་རྒྱལ།

23ཡུལ་བྱུང་ས་དོད། མི་སྡོད་ཉན་པའི་ལུང་པ་ཆགས་པ།

24འུང་ནས།  དེ་ནས།

25ཚིས། ⑴སོ་ཚིས། ⑵བདག་གཉེར།

26དབུ་རྨོག  དབུ་འཕང་།  མགོ་འཕང་། 

27གཡུང་དྲུང་།  མི་འགྱུར་མི་འཇིག་པའི་དོན།

28བཱུན་བུ་ཞེང་ཧྲང་ཏེ(དེང་སང་གི་རྒྱ་སྐད་དུ་ཝུན་ཝུའུ་ཧྲེང་ཧོང་ཏི་ཟེར)། འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་ཞེས་པ་དེ་ཡིན་ཞིང་།  སྤྱི་ལོ626ནས་སྤྱི་ལོ649ལོའི་བར་དུ་རྒྱལ་སྲིད་བཟུང་བ་དང་།  ཁོང་གཤེགས་ནས་སྤྱི་ལོ674ལོར་བློན་ཆེན་རྣམས་ཀྱིས་རྒྱ་རྗེ་དེ་ལ་ཝུན་ཝུའུ་ཧྲེང་ཧོང་ཏི་ཞེས་པའི་མཚན་གསོལ།

(《ཐང་རྒྱལ་རབས་ཀྱི་དེབ་ཐེར་གསར་མ》རྒྱ་ཡིག་པར་གཞིའི་ཤོག་ལྷེ48པར་གསལ)

29ཅེང་ཀྭན། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའེ་ཙུང་གི་ཁྲི་ལོའི་མིང་རྒྱ་སྐད་དུ་ཀྲེང་ཀོན་ཟེར་བ་དེ་བོད་སྐད་དུ་སྒྲ་བསྒྱུར་བྱས་པ་ཞིག  

30སམ་ལང(དེང་སང་གི་རྒྱ་སྐད་དུ་སན་ལང་ཟེར)། འདི་ནི་བུ་གསུམ་པ་ཟེར་བའི་དོན་ཡིན་པས།  སྐབས་འདིར་ཐང་ཞོན་ཙུང་ལ་གོ་དགོས།

31ཁའེ་འགྭན་ཤེང་བཱུན་ཤྀན་བཱུ་ཧྭང་ཏེ(དེང་སང་གི་རྒྱ་སྐད་དུ་ཁའེ་ཡོན་ཧྲེང་ཝུན་ཧྲེན་ཝུའུ་ཧོང་ཏི་ཟེར)། འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཞོན་ཙུང་ཞེས་པ་དེ་ཡིན་ཞིང་།  སྤྱི་ལོ712ལོ་ནས756ལོའི་བར་དུ་རྒྱལ་སྲིད་བཟུང་བ་དང་།  སྤྱི་ལོ739ལོར་བློན་ཆེན་རྣམས་ཀྱིས་རྒྱ་རྗེ་དེ་ལ་ཁའེ་ཡོན་ཧྲེང་ཝུན་ཧྲེན་ཝུའུ་ཧོང་ཏི་ཞེས་པའི་མཚན་གསོལ།

(《ཐང་རྒྱལ་རབས་ཀྱི་དེབ་ཐེར་གསར་མ》རྒྱ་ཡིག་པར་གཞིའི་ཤོག་ལྷེ141པར་གསལ)

32ཀེང་ལུང་།  ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཀྲུང་ཙུང་གི་ཁྲི་ལོའི་མིང་ཅིང་ལུང་ཟེར་བའི་རྒྱ་སྐད་ཀྱི་སྒྲ་བོད་སྐད་དུ་བསྒྱུར་བ་ཞིག །

33དམག་སྟོངས། དམག་རོགས།

34ཐུགས་ནོངས།  སྐབས་འདིར་ཐུགས་མ་མཐུན་པ་ལ་གོ་དགོས།

35དགྱེས་སྣང་།  དགྱེས་གནང་།  ལག་རྟགས།

36བསྲིས(བསྲིང)། ཡི་གེ་དང་ལག་རྟགས་བསྐུར་བའི་དོན་གྱི་བསྲིང་ཡིན།

37ཡྀ་དམ།  ⑴དམ་བཅའ།  ⑵རང་གིས་གཙོ་བོར་དད་པ་བྱེད་ཡུལ་གྱི་ལྷ།

38ཞེང་ཤྀན་བཱུན་བཱུ་ཧྭང་ཏེ(དེང་སང་གི་རྒྱ་སྐད་དུ་ཧྲེང་ཧྲིན་ཝུན་ཝུའུ་ཧོང་ཏི་ཟེར)། འདི་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཏེ་ཙུང་ཞེས་པ་དེ་ཡིན་ཞིང་།  སྤྱི་ལོ780ནས805{བར་དུ་རྒྱལ་སྲིད་བཟུང་བ་དང་།  སྤྱི་ལོ780སོར་བློན་ཆེན་རྣམས་ཀྱིས་རྒྱ་རྗེ་དེ་ལ་ཧྲེང་ཧྲིན་ཝུན་ཝུའུ་ཧོང་ཏི་ཞེས་པའི་མཚན་གསོལ། 

(《ཐང་རྒྱལ་རབས་ཀྱི་དེབ་ཐེར་གསར་མ》རྒྱ་ཡིག་པར་གཞིའི་ཤོག་ལྷེ185པར་གསལ།)

39སྤྱངས་ཤིང་གསལད(སྦྱངས་ཤིང་བསལད)། དོར་བ་དང་མེད་པ་བཟོས་པ།

40ཁོན་གཅུགས།  (འཁོན་གཅུགས)སྡང་སེམས།

41ཕྱི་ལྕིགས་ཤེ་དག་དུ་གྱུར་ནས།  འགོག་རྐྱེན་ཤ་སྟག་ཏུ་གྱུར་ནས།

42དགྲ་ཆོས་ཀྱྀ་ཐབས།  དགྲར་བཟུང་བའི་བྱ་ཐབས།

43དམག་བརྩན་པོ་དག་ཀྱང་མྱྀ་རྡུལ་དུ་མ་རུང(དམག་བརྩན་པོ་དག་ཀྱང་མྱྀ་བརྟུལ་དུ་མ་རུང)། དམག་ཤུགས་ཆེན་པོ་མི་གཏོང་ཀ་མེད་བྱུང་བ།

44གཉེན(ཉེན)། ཉེན་ཀ

45གཉན།  བཀའ་གཉན་པོ།  བཀའ་བཙན་པོ། 

46ཀེང་ཤྀ།  ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་གྱི་མིང་ཡིན་པར《སྦ་བཞེད》ཀྱི་ནང་གསལ།

47 སྐྱིད་རྟག  ཁྲི་གཙུག་ལྡེ་བཙན་གྱི་ཁྲི་ལོའི་མིང་།

48ཅང་ཀེང་།  ཐང་རྒྱལ་རབས་ཀྱི་གོང་མ་ཐང་མུའུ་ཙུང་གི་ཁྲི་ལོའི་མིང་དེང་སང་ཁྲང་ཆིང་ཟེར་བའི་རྒྱ་སྐད་ཀྱི་སྒྲ་བོད་སྐད་དུ་བསྒྱུར་བ།

49ལྕགས་མོ་གླང་གྀ་ལོ།  སྤྱི་ལོ821ལོ།

50དགུན་སླ་ར་བ།  བོད་ཟླ་བཅུ་པ།

51དཀྱྀལ་འཁོར་ལ་འཛེགས་ནས།  མནའ་བཞག་སྟེགས་བུར་འཛེགས་ནས།

52ཆུ་ཕོ་སྟག་གྀ་ལོ།  སྤྱི་ལོ822ལོ།

53དབྱར་སླ་འབྲྀང་པོ།  བོད་ཟླ་ལྔ་པ།

54ཆུ་མོ་ཡོས་བུ་ལོ།  སྤྱི་ལོ823ལོ།

55དཔྱིད་སླ་འབྲིང་པོ།  བོད་ཟླ་གཉིས་པ།

56སྤྱན(པ)། ལྟ་ཞིབ་པ།  ཐང་རྒྱལ་རབས་ཀྱི་དུས་སུ་ཀྲུང་དབྱང་གི་མངགས་གཏོང་ལས་ཁུངས་ཏའོ(道)ཟེར་བའི་འགོ་ཁྲིད་རྒན་པའི་མིང་།

57ཙན་ཤན་དེ་བཱུ(དེང་སང་གི་རྒྱ་སྐད་དུ་ཙན་ཧྲན་ཏའེ་ཧྥུ་ཟེར)། ཐང་རྒྱལ་རབས་ཀྱི་དུས་སུ་རྒྱལ་སྲས་ཀྱི་ཕོ་བྲང་ལས་ཁུངས་ཙོའུ་ཡིའུ་ཁྲུན་ཧྥང་ཟེར་བའི་ནང་གི་དཔོན་རིགས་ཤིག་གི་མིང་ཡིན་ཞིང་།  དེའི་གོ་གནས་ནི་རིམ་པ་ལྔ་པ་གཙོ་བོའི་ནང་གི་རྒན་པ་དང་།  ལས་འགན་ནི་རྒྱལ་སྲས་གྱི་བཀའ་ལུང་བསྒྲག་རྒྱུ་དང་དེར་བླང་དོར་གྱི་བསླབ་བྱ་བྱེད་རྒྱུ་དེ་ཡིན།

58སྣམ་ཕྱི་པ།  དེང་སང་གི་གསོལ་དཔོན་དང་འདྲ་བ། 

59ཁབ་སོ་འོ་ཆོག་གི་བླ།  ནང་སྲིད་སྤྱི་ཁྱབ།  ནང་བློན།

60བཀའྀ་ཕྲིན་བློན།  བཀའ་ཡིག་གམ་ངག་འཕྲིན་རྣམས་བརྒྱུད་བསྒྲགས་བྱེད་མཁན་གྱི་བློན་པོ།

61རྩིས་པ་ཆེན་པོ།  ནོར་སྲིད་སྐོར་གྱི་ལས་དོན་བྱེད་པའི་འགོ་དཔོན།  དཔེར་ན་ཁྲལ་བསྡུ་བ་དང་བུ་ལོན་གཏོང་ལེན་བྱེད་མཁན།

62ཞལ་ཅེ་པ་ཆེན་པོ།  ཞལ་ལྕེ་བ་ཆེན་པོ་ནི་ཁྲིམས་དཔོན་ཆེན་པོ། 

63ཞལ་ཅེ་འོ་ཆོག   ཞལ་ལྕེ་གཅོད་དགོས་པའི་ལས་དོན་ཡོད་ཚད།

(འདིར་བསྟན་པའི་རྒྱ་སྐད་ལས་གཡར་བའི་མིང་ཚིག་རྣམས་ནི་སྔར་ཐང་རྒྱལ་རབས་དུས་ཀྱི་རྒྱལ་ས་ཁྲང་ཨན་གྱི་སྒྲ་གདངས་ལ་བརྟེན་ནས་སྒྲ་སྒྱུར་བྱས་པ་ཞིག་ཡིན་པས།  དེང་སངས་རྒྱ་སྐད་ཀྱི་སྒྲ་གདངས་དང་ཅུང་ཟད་མི་འདྲ།)

64ཐང་རྒྱལ་རབས་ཀྱི་དུས་སུ་ཆེས་མཐོའི་སྲིད་འཛིན་ལས་ཁུངས་ཁག་གསུམ་ཡོད་པ་ལས།

ཐང་རྒྱལ་རབས་ཀྱི་ཆེས་མཐོའི་ལས་ཁུངས།

1.ཞང་ཤུ་ཤིང(尚书省)།   【ཛ་སཱྀ(左司):ལི་བཱོ། 吏部  ཧ་བཱོ། 户部        ལཱེའི་བཱོ།礼部ཙ་སཱྀ(右司):པེང་བཱོ། 兵部     སིང་བཱོ། 刑部  ཀོང་བཱོ། 工部】

2.མུན་ཧ་ཤིང(门下省)

3.ཅུང་ཤུ་ཤིང(中书省)

ཞང་ཤུ་ཤིང་།  དེང་སང་གི་རྒྱ་སྐད་དུ་ཧྲང་ཧྲུའུ་ཧྲེང་ཟེར།  ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་སྲིད་འཛིན་ལས་དོན་དོ་དམ་བྱེད་རྒྱུ་དེ་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པར་ཞང་ཤུ་ལིང(ཧྲང་ཧྲུའུ་ལིང་། 尚书令)ཟེར་བ་དང་། གཞོན་པར་ཛ་ཙ་བློག་ཡ(ཙུའོ་ཡིའུ་ཕུའུ་ཡེ། 左右仆射)ཇེར།

65མུན་ཧ་ཤིང་།  དེང་སང་གི་རྒྱ་སྐད་དུ་མོན་ཞ་ཧྲེང་ཟེར།  ལས་འགན་གཙོ་བོ་ནི་ལས་ཁུངས་ཅུང་ཤུ་ཤིང་ནས(中书省)ཟིན་བྲིས་བཀོད་པའི་ཡིག་ཆ་དང་།  བཀའ་ལུང་། ཞང་ཤུ་ཤིང་ནས (尚书省)ཕུལ་བའི་སྙན་ཞུ་བཅས་ལ་ཞིབ་བཤེར་བྱེད་རྒྱུ་དེ་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པ་ལ་མུན་ཧ་ཞི་ཅཱུང(མོན་ཞ་ཧྲི་ཀྲུང་།  门下侍中)ཟེར་བ་དང་གཞོན་པ་ལ་མུན་ཧ་ཞི་ལང(མོན་ཞ་ཧྲི་ལང་།  门下侍郎)ཟེར།

66ཅུང་ཤུ་ཤིང་།  དེང་སང་གི་རྒྱ་སྐད་དུ་ཀྲུང་ཧྲུའུ་ཧྲེང་ཟེར།  ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་ཡིག་ཆ་དང་བཀའ་ལུང་གི་འཆར་ཟིན་འགོད་རྒྱུ་དེ་ཡིན་ཞིང་། དེའི་འགོ་ཁྲིད་རྒན་པ་ལ་ཅུང་ཤུ་ལིང(ཀྲུང་ཧྲུའུ་ལིང 中书令)ཟེར་བ་དང་གཞོན་པ་ལ་ཅུང་ཤུ་ཞི་ལང(ཀྲུང་ཧྲུའུ་ཧྲི་ལང་། 中书侍郎)ཟེར།

གོང་གསལ་ལས་ཁུངས་གསུམ་གྱི་འགོ་ཁྲིད་རྒན་པ་ཚང་མ་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་པོ་ཆེན་པོས་གཅིག་ལྕོགས་བྱེད་ཀྱི་ཡོད་པ་རེད།

67ལི་བཱོ(ལི་པུའུ)ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་དཔོན་རིགས་ལ་དཔྱད་ཞིབ་བྱེད་རྒྱུ་དང་།  དཔོན་རིགས་ཀྱི་གོ་གནས་བསྐོ་འཐེན་བྱེད་རྒྱུ།  རིམ་པ་སྤར་ཕབ་བྱེད་རྒྱུ་བཅས་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པ་ལ་ལི་བཱོ་ཞི་ལང(ལི་པུའུ་ཧྲང་ཧྲུའུ། 吏部尚书)ཟེར་བ་དང་གཞོན་པ་ལ་ལི་བཱོ་ཞི་ལང(ལི་པུའུ་ཧྲི་ལང་། 礼部侍郎)ཟེར།

68ཧོ་བཱོ(ཧྥུ་པུའུ)ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་དཔྱ་ཁྲལ་བསྡུ་རྒྱུ་དང་།  ནོར་སྲིད་དང་།  ས་ཞིང་།  ཐེམ་ཐོ་བཅས་བདག་གཉེར་བྱེད་རྒྱུ་དེ་ཡིན། དེའི་འགོ་ཁྲིད་རྒན་པ་ལ་ཧོ་བཱོ་ཞང་ཤུ(ཧྥུ་པུའུ་ཧྲང་ཧྲུའུ། 户部尚书)ཟེར་བ་དང་།  གཞོན་པ་ལ་ཧོ་བཱོ་ཞི་ལང(ཧྥུ་པུའུ་ཧྲི་ལང་། 户部侍郎)ཟེར།

69ལཱེའི་བཱོ(ལི་པུའུ)ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་མཆོད་འབུལ་དང་།  སློབ་གསོ།  ཆོ་གའི་མཛད་སྒོ་བཅས་དོ་དམ་བྱེད་རྒྱུ་དེ་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པ་ལ་ལཱེའི་བཱོ་ཞང་ཤུ(ལི་པུའུ་ཧྲང་ཧྲུའུ། 礼部尚书)ཟེར་བ་དང་།  གཞོན་པ་ལ་ལཱེའི་བཱོ་ཞི་ལང(ལི་པུའུ་ཧྲི་ལང་། 礼部侍郎)ཟེར། 

70པེང་བཱོ(པིང་པུའུ)ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་དམག་དོན་དང་།  མཚོན་ཆ།  ས་ཁྲ་བཅས་བདག་གཉེར་བྱེད་རྒྱུ་དེ་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པ་ལ་པེང་བཱོ་ཞང་ཤུ(པིང་པུའུ་ཧྲང་ཧྲུའུ། 兵部尚书)ཟེར་བ་དང་།  གཞོན་པ་ལ་པེང་བཱོ་ཞི་ལང(པིང་པུའུ་ཧྲི་ལང་། 兵部侍郎)ཟེར།

71སིང་བཱོ(ཞིང་པུའུ)ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་བཀའ་ཁྲིམས་བདག་འཛིན་བྱེད་རྒྱུ་དང་།  དའྀ་ལི་སཱི(ཏ་ལི་སི། 大理寺)ཟེར་བའི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་བཅད་པའི་གྱོད་གཞིར་བསྐྱར་དུ་ཞིབ་བཤེར་བྱེད་རྒྱུ་དེ་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པ་ལ་སིང་བཱོ་ཞང་ཤུ(ཞིང་པུའུ་ཧྲང་ཧྲུའུ། 刑部尚书)ཟེར་བ་དང་།  གཞོན་པ་ལ་སིང་བཱོ་ཞི་ལང(ཞིང་པུའུ་ཧྲི་ལང་། 刑部侍郎)ཟེར།

72ཀོང་བཱོ(ཀུང་པུའུ)ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་ཀྱི་ཨར་ལས་བཟོ་སྐྲུན་བྱེད་རྒྱུ་དང་།  དམག་ཆས་བཟོ་རྒྱུ།  ཆུ་གཙང་འདུལ་བ་བྱེད་རྒྱུ་བཅས་ཡིན་ཞིང་།  དེའི་འགོ་ཁྲིད་རྒན་པ་ལ་ཀོང་བཱོ་ཞང་ཤུ(ཀུང་པུའུ་ཧྲང་ཧྲུའུ། 工部尚书)ཟེར་བ་དང་།  གཞོན་པ་ལ་ཀོང་བཱོ་ཞི་ལང(ཀུང་པུའུ་ཧྲི་ལང་། 工部侍郎)ཟེར།

73ཀྀམ་ཙཱྀ་ཀྭང་ལོག་དའེ་ཕུ(ཅིན་ཙི་ཀོང་ལུའུ་ཏའེ་ཧྥུ)ཐང་རྒྱལ་རབས་ཀྱི་གོ་གནས་རིམ་པ་གསུམ་པ་དེ་ལ་ནང་གསེས་གཙོ་བོ་དང་ཕལ་པའི་ཁྱད་པར་དབྱེ་རྒྱུ་ཡོད་པ་ལས།  རིམ་པ་གསུམ་པ་གཙོ་བོ་ལ་ཀྀམ་ཙཱྀ་ཀྭང་ལོག་དའེ་ཕུ་དང་རིམ་པ་གསུམ་པ་ཕལ་པ་ལ་འགྀན་ཚེང་ཀྭང་ལོག་དའེ་པུ(དབྱིང་ཆིང་ཀོང་ལུའུ་ཏའེ་ཧྥུ། 银青光禄大夫)ཟེར་གྱི་ཡོད་པ་རེད།

74ཟེང་འགྀ་དའེ་པུ(ཀྲེང་དབྱི་ཏའི་ཧྥུ)ཐང་རྒྱལ་རབས་ཀྱི་གོ་གནས་རིམ་པ་བཞི་པ་དེ་ལ་ནང་གསེས་གཙོ་བོ་དང་ཕལ་པ།  རྒན་གཞོན་གྱི་ཁྱད་པར་དབྱེ་རྒྱུ་ཡོད་པ་ལས།  རིམ་པ་བཞི་པ་གཙོ་བོའི་ནང་གི་རྒན་པ(正四品上)ལ་ཇེང་འགྀ་དའེ་པུ(正议大夫)དང་།  རིམ་པ་བཞི་པ་གཙོ་བོའི་ནང་གི་གཞོན་པ(正四品下)ལ་ཐོང་འགཱྀ་དའེ་པཱ(ཐང་དབྱི་ཏའེ་ཧྥུ། 通议大夫)། རིམ་པ་བཞི་པ་ཕལ་པའི་ནང་གི་རྒན་པ(从四品上)ལ་ཐེའུ་ཅཱུང་དའྀ་པཱུ(ཐའེ་ཀྲུང་ཏའེ་ཧྥུ། 太中大夫)རིམ་པ་བཞི་པ་ཕལ་པའི་ནང་གི་གཞོན་པ(从四平下)ལ་ཅཱུང་དའྀ་པཱུ(ཀྲུང་ཏའེ་ཧྥུ། 中大夫)བཟེར་གྱི་ཡོད་པ་རེད། 

75ཛའ་ཅེང་དའེ་པུ(ཁྲའོ་ཆིང་ཏའེ་ཧྥུ)ཐང་རྒྱལ་རབས་ཀྱི་གོ་གནས་རིམ་པ་ལྔ་པ་དེ་ལ་ནང་གསེས་གཙོ་བོ་དང་ཕལ་པ།  རྒན་གཞོན་གྱི་ཁྱད་པར་དབྱེ་རྒྱུ་ཡོད་པ་ལས།  ཛའ་ཅེང་དའེ་པུ་ནི་རིམ་པ་ལྔ་པ་ཕལ་པའི་ནང་གི་རྒན་པ(从五品上)ཞེས་པ་དེ་ཡིན།

76ཇེའུ་འགྀ་ལང(ཁྲའོ་དབྱི་ལང)ཐང་རྒྱལ་རབས་ཀྱི་གོ་གནས་རིམ་པ་དྲུག་པ་དེ་ལ་ནང་གསེས་གཙོ་བོ་དང་ཕལ་པ།  རྒན་གཞོན་གྱི་ཁྱད་པར་དབྱེ་རྒྱུ་ཡོད་པ་ལས།  ཇེའུ་འགྀ་ལང་ནི་རིམ་པ་དྲུག་པ་གཙོ་བོའི་ནང་གི་རྒན་པ(正六品上)ཞེས་པ་དེ་ཡིན།

77ཐའི་ཤང་ཀེང(ཐའེ་ཁྲང་ཆིང)འདི་ནི་ཐའེ་ཁྲང་སི(太常寺)ཟེར་བའི་གོང་མའི་ཕོ་བྲང་གི་གུས་ལུགས་དང་།  རོལ་མོ།  མཆོད་འབུལ་བཅས་བདག་གཉེར་བྱེད་པའི་ལས་ཁུངས་ནང་གི་འགོ་ཁྲིད་རྒན་པའི་གོ་གནས་ཀྱི་མིང་།

78སྀ་ནོང་ཀེང(སི་ནུང་ཆིང་། 司农卿)འདི་ནི་སི་ནུང་སི(司农寺)ཟེར་བའི་འབྲུ་རིགས་ཀྱི་སྐོར་ལ་བདག་གཉེར་བྱེད་པའི་ལས་ཁུངས་ནང་གི་འགོ་ཁྲིད་རྒན་པའི་གོ་གནས་ཀྱི་མིང་།

79དའྀ་ལི་ཀེང(ཏ་ལི་ཆིང)འདི་ནི་ཏ་ལི་སི(大理寺)ཟེར་བའི་ཆེས་མཐོའི་ཁྲིམས་ཁང་ནང་གི་འགོ་ཁྲིད་རྒན་པ་དེ་རེད།

80འགུ་ཤི་དའི་པཱུ(ཡུན་ཧྲི་ཏའེ་ཧྥུ)འདི་ནི་ཡུན་ཧྲི་ཐ(御史台)ཟེར་བའི་ཞིབ་དཔྱོད་ལས་ཁུངས་ནང་གི་འགོ་ཁྲིད་རྒན་པའི་གོ་གནས་ཀྱི་མིང་།

81འགུ་ཤི་ཅུང་ཤིང(ཡུན་ཧྲི་ཀྲུང་ཁྲེང)འདི་ནི་ཡུན་ཧྲི་ཐ་ཟེར་བའི་ཞིབ་དཔྱོད་ལས་ཁུངས་ནང་གི་འགོ་ཁྲིད་གཞོན་པའི་མིང་།

82ཀེང་ཅེའུ་ཡུན(ཅིང་ཀྲའོ་དབྱིན)འདི་ནི་རྒྱལ་སའི་གྲོང་ཁྱེར་དོ་དམ་བྱེད་མཁན་དཔོན་རིགས་ཀྱི་གོ་གནས་ཀྱི་མིང་། 

83ཙ་ཀྀམ་འགོ་འྭེའྀ་དའྀ་ཙང་ཀུན།  (ཡིའུ་ཅིན་ཝུའུ་ཝེ་ཏ་ཅང་ཅུན)འདི་ནི་རྒྱལ་ས་ཁྲང་ཨན་གྱི་བདེ་སྲུང་དམག་ཁུལ་ནང་གི་དམག་དཔོན་ཆེན་པོའི་མིང་།

84ཞང་ཤུ་ཛ་སཱི་ལང་ཅུང་།  (ཧྲང་ཧྲུའུ་ཙོའུ་སི་ལང་ཀྲུང)འདི་ནི་ལས་ཁུངས་ཧྲང་ཧྲུའུ་ཧྲེང་ཁོངས་སུ་གཏོགས་པའི་ཙོའུ་སི་ནང་གི་ལང་ཀྲུང་ཟེར་བའི་གོ་གནས་དེ་རེད།

85ཞྀའུ་འམ་ཤཱྀའུ(ཧྲོའུ)འདི་ནི་རིམ་པ་དམའ་ཡང་གོ་གནས་མཐོ་བའི་དོན།

86ཀཱེམ་ཀེའུ། (ཅན་ཅའོ)གོ་གནས་འདི་ནི་མིང་ཙམ་མ་གཏོགས་དབང་ཆ་གང་ཡང་མེད་པ་ཞིག་ཡིན།

87ཀྱམ། (ཅན)ལས་འགན་གཅིགས་ལྕོགས།

88ཇེའུ་སན་ལང(ཁྲའོ་སན་ལང)ཐང་རྒྱལ་རབས་ཀྱི་གོ་གནས་རིམ་པ་བདུན་པ་དེ་ལ་ནང་གསེས་གཙོ་བོ་དང་ཕལ་པ།  རྒན་གཞོན་གྱི་ཁྱད་པར་དབྱེ་རྒྱུ་ཡོད་པ་ལས།  ཇེའུ་སན་ལང་ནི་རིམ་པ་བདུན་པ་ཕལ་པའི་ནང་གི་རྒན་པ(从七品上)ཞེས་པ་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-02-01

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།