གནམ་ལྕགས་ཐོག་གིས་ཕོ་བྲང་བཙོ་སྦྱང་བྱས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནམ་ལྕགས་ཐོག་གིས་ཕོ་བྲང་བཙོ་སྦྱང་བྱས་པ།
རི་བོ་ཝུའུ་ཏང་ནི་ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་། གནམ་གྱི་ཀ་བ་དང་འདྲ་བའི་རི་རྩེ་མཐོ་ཤོས་སུ་ལེ་དབར་བརྒྱ་ལ་འོད་འཚེར་བའི་ཕོ་བྲང་གསེར་ཏོག་ཅན་ཞིག་བཞེངས་ཡོད། ཕོ་བྲང་གི་མཐོ་ལ་སྨི5.54དང་། ཞེང་ལ་སྨི4.4དང་། གཏིང་ཚད་ལ་སྨི3.15ཡོད། ཚང་མ་ཟངས་ལུགས་སུ་བླུགས་ནས་བཟོ་པ་ཡིན། འབྲུག་སྒྲ་ལྡིར་བཞིན་ཆར་འབབ་སྐབས་ཕོ་བྲང་གི་རྒྱ་ཕིབས་སུ་རྟག་པར་གཞོང་བའི་ཆེ་ཆུང་དང་འདྲ་བའི་མེ་ཟླུམ་ཞིག་ཕར་ཚུར་འགྲིལ་བཞིན་ཡོད། ཆར་ཐག་ཆད་ནས་གནམ་དྭངས་ཚེ་ཕོ་བྲང་ལས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བས་གསར་དུ་བཙོ་སྦྱང་བྱས་པ་དང་གཉིས་སུ་མ་མཆིས། དེ་ནི་མི་རྣམས་ཀྱིས་བཤད་བཞིན་པའི་གནམ་ལྕགས་ཐོག་གིས་ཕོ་བྲང་བཙོ་སྦྱང་བྱས་ཟེར་བའི་སྣང་ཚུལ་ངོ་མཚར་ཅན་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雷火炼殿
1 ​མདོར་བསྟན་པ། 

རི་བོ་ཝུའུ་ཏང་ནི་ཧུའུ་པེ་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་། གནམ་གྱི་ཀ་བ་དང་འདྲ་བའི་རི་རྩེ་མཐོ་ཤོས་སུ་ལེ་དབར་བརྒྱ་ལ་འོད་འཚེར་བའི་ཕོ་བྲང་གསེར་ཏོག་ཅན་ཞིག་བཞེངས་ཡོད།  ཕོ་བྲང་གི་མཐོ་ལ་སྨི5.54དང་། ཞེང་ལ་སྨི4.4དང་། གཏིང་ཚད་ལ་སྨི3.15ཡོད། ཚང་མ་ཟངས་ལུགས་སུ་བླུགས་ནས་བཟོ་པ་ཡིན།

འབྲུག་སྒྲ་ལྡིར་བཞིན་ཆར་འབབ་སྐབས་ཕོ་བྲང་གི་རྒྱ་ཕིབས་སུ་རྟག་པར་གཞོང་བའི་ཆེ་ཆུང་དང་འདྲ་བའི་མེ་ཟླུམ་ཞིག་ཕར་ཚུར་འགྲིལ་བཞིན་ཡོད། ཆར་ཐག་ཆད་ནས་གནམ་དྭངས་ཚེ་ཕོ་བྲང་ལས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བས་གསར་དུ་བཙོ་སྦྱང་བྱས་པ་དང་གཉིས་སུ་མ་མཆིས། དེ་ནི་མི་རྣམས་ཀྱིས་བཤད་བཞིན་པའི་གནམ་ལྕགས་ཐོག་གིས་ཕོ་བྲང་བཙོ་སྦྱང་བྱས་ཟེར་བའི་སྣང་ཚུལ་ངོ་མཚར་ཅན་ཡིན་ནོ།།

རི་བོ་ཝུའུ་ཏང་གི་རི་རྒྱབ་ཏུ་རི་ལངས་ཤིང་། གནམ་གཤིས་ཀྱི་འགྱུར་བག་རྒོད་པས། སྤྲིན་ཕུང་ལ་རྒྱུན་པར་གློག་ཁུར་འབོར་ཆེན་ལྡན་པས། རི་རྩེར་འགྱིངས་པའི་ཕོ་བྲང་ནི་གཏོས་ཆེ་བའི་འདྲེན་གཟུགས་སྤུས་ལེགས་ཤིག་ཡིན། གློག་ལྡན་པའི་ཆར་སྤྲིན་གནས་དེར་རྒྱུ་ཡོང་ཚེ་སྤྲིན་རིམ་དང་ཕོ་བྲང་གི་རྒྱ་ཕིབས་བར་དུ་གློག་སྟོབས་ཁྱད་ཆེན་པོ་ཆགས་ནས་མཁའ་རླུང་ལ་གློག་གྱེས་འབྱུང་བར་བྱས་ཏེ། གློག་གཞུ་བྱུང་ཞིང་གློག་འཁྱུག་པ་རེད། གློག་གཞུ་དྲག་པོ་དེས་མཐའ་འཁོར་གྱི་མཁའ་རླུང་རབ་ཏུ་སྦོས་པར་བྱས་ཏེ་འགད་དུ་འཇུག་སྲིད། རྒྱང་རིང་ནས་བལྟས་ན་མེ་ཟླུམ་དང་འདྲ་ལ། ད་དུང་འབྲུག་སྒྲ་ལྡིར་བ་རེད།

ཕོ་བྲང་གི་རྒྱ་ཕིབས་སུ་མཚོ་རྟ་སོགས་ཀྱི་མཛེས་རྒྱན་མ་གཏོགས་རྩེ་རྣོན་པོ་ཅན་གྱི་སྒྲིག་གཞི་མེད་པས། གློག་གཏོང་དཀའ།  དེའི་རྐྱེན་གྱིས་གློག་སྟོབས་ཁྱད་ཅུང་མཐོན་པོར་འཕར་ཏེ། གནམ་ལྕགས་ཐོག་གིས་ཕོ་བྲང་བཙོ་སྦྱང་བྱེད་པའི་དགོས་མཁོ་སྐོང་ཐུབ། དེ་ལྟར་ལོ་ལྔ་བརྒྱའི་རིང་ལ་འོད་འཚེར་བའི་ཕོ་བྲང་དེ་གནམ་འདེགས་ཀ་བའི་ཡང་རྩེ་རུ་འགྱིངས་ཡོད།

འོན་ཀྱང་ཉེ་བའི་ལོ་འགའི་རིང་ལ་ཕོ་བྲང་གསེར་ཏོག་གི་མཐའ་འཁོར་གྱི་བཟོ་བཀོད་ཁ་ཤས་རྟག་ཐོག་བརྒྱག་པས། ཕོ་བྲང་གི་སྟེང་དུ་ཐོག་གཡོལ་སྒྲིག་ཆས་སྤྲས་ཡོད། དེའི་རྗེས་སུ་གནམ་ལྕགས་ཐོག་གིས་ཕོ་བྲང་གསེར་ཏོག་བཙོ་སྦྱང་བྱེད་པའི་སྣང་ཚུལ་ངོ་མཚར་ཅན་མེད་པར་གྱུར། ཆུ་དང་མེ་ཡིས་དག་གཙང་བྱས་མེད་པས་གསེར་ཏོག་ཕོ་བྲང་ལ་སྔར་བཞིན་འོད་མི་འཚེར་རོ།།


བརྡ་འགྲེལ་གདོང་འཛར།

གནམ་ལྕགས་ཐོག ཕོ་བྲང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-21

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།