ཞི་གློག་བསྐྱར་དཔར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་གློག་བསྐྱར་དཔར།
བསྐྱར་དཔར་འཕྲུལ་འཁོར་གྱི་ལྷུ་ལག་གཙོ་བོ་ནི་སྐྱེ་ལྡན་འོད་འདྲེན་གཟུགས་ཟླུམ་བུ་ཡིན་ཞིང་། དེ་ནི་ལྕགས་རིགས་ཀ་ཟླུམ་གཟུགས་ཤིག་ཡིན། དེའི་ཕྱི་ངོས་སུ་སྐྱེ་ལྡན་འོད་འདྲེན་གཟུགསOPCབྱུགས་ཡོད། འོད་འཕྲོས་མེད་ཚེOPCནི་འབྲེལ་གཅོད་གཟུགས་ཡིན་པ་དང་། འོད་ཕོག་ན་འདྲེན་གཟུགས་སུ་འགྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
静电复印
གསར་གཏོད་མཁན།
ཁཱ་ཨེར་ཞུན
དུས་ཚོད།
དུས་རབས20པའི་ལོ་རབས30
རྩ་བའི་རིགས་པ།
ཞི་གློག་འགུག་འདྲེན།
1 མདོར་བསྟན་པ།

ལག་རྩལ་ཕྱོགས་སུ་ཞི་གློག་སྣང་ཚུལ་ལ་སྤྱོད་སྒོ་མང་པོ་ཡོད། དེའི་དངོས་ལུགས་ཀྱིས་རྩ་བའི་རིགས་པ་མིང་ཆེ་བ་ཞིག་ཞི་གློག་ཤུགས་ཀྱི་བྱེད་ནུས་ལ་རག་ལས་པ་ཡིན། དཔེར་ན་ཞི་གློག་བཀྲག་རྩི་གཏོར་བའི་སྐབས་སུ་གཏོར་བྱའི་ལྕགས་རིགས་ལྷུ་ལག་དང་བཀྲག་རྩི་རིལ་རྡུལ་ལ་ཕན་ཚུན་ལྡོག་པའི་གློག་ཁུར་ལྡན་དུ་བཅུག་ན། ལྕགས་རིགས་ལྷུ་ལག་གི་ཕྱི་ངོས་སུ་བཀྲག་རྩི་དམ་པོར་བསྒོ་ཐུབ། ཡང་དཔེར་ན་ཞི་གློག་ཁུ་ལུ་འཛུགས་སྟངས་ནི་ཞི་གློག་ཤུགས་ཀྱི་བྱེད་ནུས་འོག་ཏུ་རས་གདན་གྱི་ཚི་སྣ་རུ་ཁུ་ལུ་སྙོམས་ཤིང་བརྟན་པོར་འཛུགས་ཐུབ། ཉེ་བའི་ལོ་དུ་མའི་རིང་ལ་གཞུང་ལས་རང་འགུལ་ཅན་དུ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཞི་གློག་བསྐྱར་དཔར་འཕྲུལ་འཁོར་གྱི་སྤྱོད་རྒྱ་ཇེ་ཆེར་གྱུར། བསྐྱར་དཔར་འཕྲུལ་འཁོར་དུ་ཞི་གློག་འགུག་འདྲེན་གྱི་རྩ་བའི་རིགས་པ་བཀོལ་ཡོད།

བསྐྱར་དཔར་འཕྲུལ་འཁོར་གྱི་ལྷུ་ལག་གཙོ་བོ་ནི་སྐྱེ་ལྡན་འོད་འདྲེན་གཟུགས་ཟླུམ་བུ་ཡིན་ཞིང་། དེ་ནི་ལྕགས་རིགས་ཀ་ཟླུམ་གཟུགས་ཤིག་ཡིན། དེའི་ཕྱི་ངོས་སུ་སྐྱེ་ལྡན་འོད་འདྲེན་གཟུགསOPCབྱུགས་ཡོད། འོད་འཕྲོས་མེད་ཚེOPCནི་འབྲེལ་གཅོད་གཟུགས་ཡིན་པ་དང་། འོད་ཕོག་ན་འདྲེན་གཟུགས་སུ་འགྱུར།

.jpg

དཔེ་རིས་དང་པོ།  ཞི་གློག་བསྐྱར་དཔར་འཕྲུལ་འཁོར།

2 ཞི་གློག་བསྐྱར་དཔར་གྱི་བྱ་བའི་གོ་རིམ།

1.བསྐྱར་དཔར་མ་བྱས་གོང་ཐོག་མར་འཕྲུལ་འཁོར་ནང་ཁག་གི་གློག་ལམ་བརྟེན་ནས་སྐྱེ་ལྡན་འོད་འདྲེན་གཟུགས་ཟླུམ་བུའི་མུན་སར་གློག་ལྡན་དུ་འཇུག་དགོས། དཔེ་རིས་གཉིས་པའི་ཀ་པ་ལྟར།

2.བསྐྱར་དཔར་བྱེད་སྐབས་འོད་དྲག་པོ་ཡིག་ཆའི་སྟེང་དུ་འཕྲོས་ན། ཡིག་ཆ་ལས་ལྡོག་འཕྲོ་བྱུང་བའི་འོད་ཟེར་དེ་འོད་རིག་རྒྱུད་ཁོངས་བརྒྱུད་ནས་ཟླུམ་བུའི་སྟེང་དུ་ཡིག་གཟུགས་ཀྱི་བརྙན་གྲུབ། འོད་གསལ་སའིOPCརིམ་པ་འདྲེན་གཟུགས་སུ་གྱུར་ནས་དེར་ལྡོག་པའི་གློག་ཁུར་ཤོར་བ་དང་། མུན་སའི་གློག་ཁུར་སྔར་བཞིན་ལུས་ཡོད། སྐབས་དེར་ཟླུམ་བུའི་སྟེང་དུ་གློག་ཁུར་ལས་གྲུབ་བའི་ཡིབ་བརྙན་ཞིག་ཆགས་ཤིང་། མིག་གིས་མཐོང་མི་ཐུབ། དཔེ་རིས་གཉིས་པའི་ཁ་པ་ལྟར།

3.སྐྱེ་ལྡན་འོད་འདྲེན་གཟུགས་ཟླུམ་བུ་འཁོར་ནས་ཡིབ་བརྙན་དེ་སྣག་ཕྱེ་སྒམ་བརྒྱུད་ཚེ་ལྡོག་པའི་གློག་ཁུར་ལྡན་པའི་སྣག་ཕྱེ་ནི་ཟླུམ་བུའི་ཕྱི་ངོས་ཀྱི་གློག་ལྡན་པའི་གནས་སུ་འཇིབ་ཡོད་པས། ཟླུམ་བུའི་ཕྱི་ངོས་ཀྱི་ཡིབ་བརྙན་དེ་མཐོང་ཐུབ་པའི་བརྙན་དུ་གྱུར། དཔེ་རིས་གཉིས་པའི་ག་པ་ལྟར།

4.སྐྱེ་ལྡན་འོད་འདྲེན་གཟུགས་ཟླུམ་བུ་མུ་མཐུད་དུ་བསྐོར་ནས་བསྐྱར་དཔར་ཤོག་བུར་བརྒྱུད་ཚེ་སྣག་ཕྱེ་ཤོག་ངོས་སུ་དཔར་ནས། ཤོག་དཀར་ནི་མ་ཡིག་གི་བུ་ཡིག་ཏུ་འགྱུར། དཔེ་རིས་གཉིས་པའི་ང་པ་ལྟར།

སྐྱེ་ལྡན་འོད་འདྲེན་གཟུགས་ཟླུམ་བུ་མཚམས་མི་ཆད་པར་འཁོར་ནས། ཡིག་ཆའི་ཤོག་བུ་རེ་རེ་བཞིན་བསྐྱར་དཔར་བྱས་པ་རེད།

སྣག་ཕྱེ་རུ་ཤིང་ཚིལ་བསྲེས་ཡོད་པས། བསྐྱར་དཔར་ཤོག་བུ་ལ་ཚ་སྣོན་བྱས་ན་ད་གཟོད་སྣག་ཕྱེ་ཤོག་ངོས་སུ་ཡུན་རིང་བོར་འབྱར་ཐུབ།

.jpg

དཔེ་རིས་གཉིས་པ། ཞི་གློག་བསྐྱར་དཔར་བྱ་བའི་གོ་རིམ། 


བརྡ་འགྲེལ་གདོང་འཛར།

ཞི་གློག་བསྐྱར་དཔར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-21

གསར་སྤེལ་མཁན། :ཀླུ་འབུམ་ཚེ་རིང་།༷

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།