ཀྱོམ་ཀྱོ་ཆུ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྱོམ་ཀྱོ་ཆུ་བོ།
ཀྱོམ་ཀྱོ་ཆུ་བོ་ལ་ཚོ་བདུན་ཆུ་བོ་ཡང་ཟེར།འབར་ཁམས་རྫོང་གི་འབབ་ཆུ་གཙོ་བོ་ཡིན་པ་མ་ཟད་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་ཡང་ཡིན། དེའི་འབྱུང་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་པད་མ་རྫོང་གི་ཁོངས་སུ་ཡོད་ཅིང་། རྔ་བ་རྫོང་ནས་འབར་ཁམས་རྫོང་གི་རྫོང་འབུར་ཡུལ་ཚོ་དང་ཁང་སར། ཚོ་བདུན། གདོང་བརྒྱད། གསར་རྫོང་། ཀྱོམ་ཀྱོ། བྲག་བར་ཡུལ་ཚོ་རྣམས་བརྒྱུད་ནས། ཁྲོ་གཡམ་ནས་རྡོ་ཁོག་ཆུ་དང་འདྲེས་རྗེས་དམ་པ་ཡུལ་ཚོ་བརྒྱུད་ནས་ཆུ་ཆེན་རྫོང་ལ་འབབ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
脚木足河
ལ་ཏིང་གི་མིང་།
kyom kyo chu bo
མིང་གཞན།
ཚོ་བདུན་ཆུ་བོ། འབར་ཁམས་ཀྱོམ་ཀྱོ་ཆུ་བོ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་དབྱིབས།
རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད།
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
གནས་ཡུལ།
འབར་ཁམས་གྲོང་ཁྱེར་གྱི་ཀྱོམ་ཀྱོ་ལུང་ཁོག
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ124ཡོད།
འབབ་ཚད།
ཆེས་ཆེ་བའི་འབབ་ཚད་ནི་སྐར་ཆ་གཅིག་གི་ནང་སྨི1960ཡིན། ཆེས་ཆུང་བའི་འབབ་ཚད་ནི་སྐར་ཆ་གཅིག་གི་ནང་སྨི33ཡིན།
1 ངོ་སྤྲོད་རགས་བསྡུས།

ཀྱོམ་ཀྱོ་ཆུ་བོ་ལ་ཚོ་བདུན་ཆུ་བོ་ཡང་ཟེར།འབར་ཁམས་རྫོང་གི་འབབ་ཆུ་གཙོ་བོ་ཡིན་པ་མ་ཟད་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་ཡང་ཡིན། དེའི་འབྱུང་ཁུངས་ནི་མཚོ་སྔོན་ཞིང་ཆེན་གྱི་པད་མ་རྫོང་གི་ཁོངས་སུ་ཡོད་ཅིང་། རྔ་བ་རྫོང་ནས་འབར་ཁམས་རྫོང་གི་རྫོང་འབུར་ཡུལ་ཚོ་དང་ཁང་སར། ཚོ་བདུན། གདོང་བརྒྱད། གསར་རྫོང་། ཀྱོམ་ཀྱོ། བྲག་བར་ཡུལ་ཚོ་རྣམས་བརྒྱུད་ནས། ཁྲོ་གཡམ་ནས་རྡོ་ཁོག་ཆུ་དང་འདྲེས་རྗེས་དམ་པ་ཡུལ་ཚོ་བརྒྱུད་ནས་ཆུ་ཆེན་རྫོང་ལ་འབབ་བཞིན་ཡོད། རྫོང་ཁོངས་འདིར་ཆུ་རྒྱུན་དེའི་རིང་ཚད་ལ་སྤྱི་ལེ124ཡོད། ཆེས་ཆེ་བའི་འབབ་ཚད་ནི་སྐར་ཆ་གཅིག་གི་ནང་སྨི1960ཡིན། ཆེས་ཆུང་བའི་འབབ་ཚད་ནི་སྐར་ཆ་གཅིག་གི་ནང་སྨི33ཡིན། ལོ་མང་པོའི་ཆ་སྙོམས་འབབ་ཚད་ནི་སྐར་ཆ་གཅིག་གི་ནང་སྨི233ཡིན།  ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པས་ཀྱོམ་ཀྱོའི་ཆུ་དཔྱད་ཁང་དང་གློག་ཁང་ཆུང་གྲས33བཙུགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-21

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།