སོ་མང་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོ་མང་ཡུལ་ཚོ།
སོ་མང་ནི་རྒྱལ་རོང་སྐད་ཀྱི་སྒྲ་སྒྱུར་ཡིན། དོན་ནི་སོ་པ་མང་པོའི་དོན་ཡིན།སོ་མང་ས་ཡངས་ཤིང་རྒྱ་ཆེ་བས་མིང་དེ་ལྟར་ཐོགས་པ་ཡིན།སོ་མང་ཡུལ་ཚོ་ནི་འབར་ཁམས་རྫོང་གི་ཤར་ཕྱོགས་སུ་ཆགས་ཡོད། ཡུལ་ཚོ་དང་རྫོང་གི་བར་ཐག་ལ་སྤྱི་ལེ32ཡོད། ཤར་བྱང་ཕྱོགས་སུ་ཧུང་ཡོན་རྫོང། ཤར་ཕྱོགས་སུ་ལིས་རྫོང་། ལྷོ་རུ་བཙན་ལྷ་རྫོང་། ནུབ་ཏུ་ཅོག་ཙེ་དང་ད་ཚང་ཡུལ་ཚོ་གཉིས་ལ་འབྲེལ་ཡོད། ཡུལ་ཚོ་སྲིད་གཞུང་ནི་མུར་ཁྱུ་རུ་གནས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཡིན། མངའ་ཁོངས་སུ་མཁར་སྒོ་དང་ཁྭ་འཇོ། སྲེབ་མུ་དང་ཏེའུ་ཤུག མུར་ཁྱུ་དང་ཀུབ་རོ་མགོ མོ་མཚོ་ལ་སོགས་པའི་སྲིད་འཛིན་གྲོང་ཚོ7དང་། གྲོང་གསེབ་ཚོ་ཆུང17ཡོད། མི་གྲངས2515ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梭磨乡
ལ་ཏིང་གི་མིང་།
so mang grong rdl
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
མངའ་ཁོངས་སུ་མཁར་སྒོ་དང་ཁྭ་འཇོ། སྲེབ་མུ་དང་ཏེའུ་ཤུག མུར་ཁྱུ་དང་ཀུབ་རོ་མགོ མོ་མཚོ་ལ་སོགས་པའི་སྲིད་འཛིན་གྲོང་ཚོ7དང་། གྲོང་གསེབ་ཚོ་ཆུང17ཡོད།
སྲིད་གཞུང་གནས་ཡུལ།
སོ་མང་སྲེབ་མུ་ཡུལ་ཚོ་སྲང་ལམ།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624001
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི1079ཡོད།
མི་གྲངས།
2515ཡོད།
སྐད་རིགས།
བོད་སྐད  (རྒྱལ་རོང་སྐད)
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
གནའ་ཤུལ་སོ་མང་རྒྱལ་ས།སོམང་ལོ་མ་དམར་བོའི་མཛེས་ལྗོངས།
རླངས་འཁོར་ཨང་རྟགས།
川U
1 ངོ་སྤྲོད་རགས་བསྡུས།

སོ་མང་ནི་རྒྱལ་རོང་སྐད་ཀྱི་སྒྲ་སྒྱུར་ཡིན། དོན་ནི་སོ་པ་མང་པོའི་དོན་ཡིན།སོ་མང་ས་ཡངས་ཤིང་རྒྱ་ཆེ་བས་མིང་དེ་ཐོགས་པ་ཡིན། སོ་མང་ཡུལ་ཚོ་ནི་འབར་ཁམས་རྫོང་གི་ཤར་ཕྱོགས་སུ་ཆགས་ཡོད། ཡུལ་ཚོ་དང་རྫོང་གི་བར་ཐག་ལ་སྤྱི་ལེ32ཡོད།   མངའ་ཁུངས་སུ་ཁྲོ་ཆུ་རྫོང་གི་རྡོ་ཁ་ས་ཆ་དང་ཧུང་ཡོན་རྫོང་གི་ཟངས་དཀར། ཨ་མཆོག ལུང་ཟི་བཅས་པ་འདུས། ཤར་ནུབ་ཀྱི་བོངས་ཚད་ནི470དང་། ལྷོ་བྱང་གི་བོངས་ཚད550རིང་ལ་རྒྱལ་ཁག་བཞིའི་ཕྱོགས་ཁག་གཅིག་ཡིན། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། སྤྱི་ལོ1953ལོར་སོ་མང་ཆུས་རིམ་གྱི་མི་དམངས་སྲིད་གཞུང་བཙུགས། མངའ་ཁོངས་སུ་སོ་མང་དང་མཁར་སྒོ ཟངས་དཀར་བཅས་གྲོང་རྡལ3དང་། སྤྱི་ལོ1956ལོར་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་ཟངས་དཀར་ས་ཆ་དེ་ལུང་ཟི་ཆུས་ཀྱི་ཁོངས་སུ་སྤྲད། (སྤྱི་ལོ1958ལོར་ལུང་ཟི་ཆུས་ཀྱི་ཁོངས་སུ་གཏོགས་པས་གྲོང་རྡལ་ནི་ཧུང་ཡོན་རྫོང་གི་མངའ་ཁོངས་ཡིན)སོ་མང་དང་མཁར་སྒོ་གྲོང་རྡལ་གཉིས་སོ་མང་ཡུལ་ཚོའི་ནང་དུ་བཙུགས་པས་ཅོག་ཙེ་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1966ལོར་མི་དམངས་ཀུང་ཧྲེ་བཙུགས། སྤྱི་ལོ1984ལོར་ཀུང་ཧྲེ་མེད་པར་བཟོས་ནས་སོ་མང་ཡུལ་ཚོ་བཙུགས།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཡིན། མངའ་ཁོངས་སུ་མཁར་སྒོ་དང་ཁྭ་འཇོ། སྲེབ་མུ་དང་ཏེའུ་ཤུག མུར་ཁྱུ་དང་ཀུབ་རོ་མགོ མོ་མཚོ་ལ་སོགས་སྲིད་འཛིན་གྲོང་ཚོ7དང་། གྲོང་གསེབ་ཚོ་ཆུང17ཡོད། མི་གྲངས2515ལྷག་ཡོད། 

2 སྲིད་འཛིན་ཁོངས་དབྱེ།

སོ་མང་ཡུལ་ཚོ་ནི་འབར་ཁམས་རྫོང་གི་ཤར་ཕྱོགས་སུ་ཆགས་ཡོད། ཡུལ་ཚོ་དང་རྫོང་གི་བར་ཐག་ལ་སྤྱི་ལེ32ཡོད། མངའ་ཁོངས་སུ་མཁར་སྒོ་དང་ཁྭ་འཇོ། སྲེབ་མུ་དང་ཏེའུ་ཤུག མུར་ཁྱུ་དང་ཀུབ་རོ་མགོ མོ་མཚོ་ལ་སོགས་སྲིད་འཛིན་གྲོང་ཚོ7དང་། གྲོང་གསེབ་ཚོ་ཆུང17ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཡིན།

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

སོ་མང་ཡུལ་ཚོའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1079ཡོད། སྤྱི་ལོ1990ལོའི་བར་རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5395ཡོད་ལ། ཞིང་ལས་སྐྱེ་དངོས་ནི་གྲོ་དང་ནས། སྲན་མ་དང་མ་རྨོས་ལོ་ཏོག་ཞོག་ཁོགས་བཅས་ཡིན།

3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

རི་མཐོའི་ལྕུམ་དང་ཆང་ཧོ་ལ་སོགས་སྨན་རྫས་ཐོན་འབོར་ཆེ་ལ།རྩྭ་རའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.33ཡོད། གཙོ་ཆེ་བའི་ཁྱབ་ཁོངས་ནི་མཐོ་རི་ཀླུང་ན་ཡོད།ཆུའི་ནུས་ཤུགས་ཐོན་ཁོངས་སྣ་འཛོམས་ཡིན་པས་ནུབ་ཏུ་ཅོག་ཙེ་གློག་འདོན་ཁང་དང་རྫོང་འགག་གློག་འདོན་ཁང་སོགས་བཙུགས་ཡོད། ནགས་ཚལ་ཐོན་ཁུངས་དང་སྔོ་ཁེབས་སྲུང་སྐྱོང་ཡང་བཟང་། ནགས་ཚལ་ཁེབས་ཚད་བརྒྱ་ཆ85%ཡིན། ཤིང་རིགས་གཙོ་བོ་ནི་ཡུན་ཧྲན་གསོམ་ཤིང་དང་བེ་ལོ་སོགས་ཡིན། རིགས་སྣ་ཚོགས་ཀྱི་བཟའ་བྱའི་ཤ་མོའི་རིགས་མང་པོ་སྐྱེས་ཡོད།

3_3 སྐྱེ་དངོས་ཐོན་ཁུངས།

རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་ཤྭ་བ་ནོག་ལྡན། ཕག་རྒོད། དོམ་ཁྲ། དོམ་ནག དྲེད་མོང་སོགས་གཅན་གཟན་རི་དྭགས་རིགས31ཡོད་ལ་དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་ནི་གསའ་དང་གཟིག  རྐྱང་། ཤ་སྐྱ། གླ་བ། གནའ་བ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་སྲོག་ཆགས་ནི་རི་སྤྲེལ་དང་དོམ་ནག འཕར་བ། སྲམ། ཤྭ་བ་སེར་ཆེན་སོགས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་གནས།

སོ་མང་ཡུལ་ཚོ་ནི་འབར་ཁམས་གྲོང་ཁྱེར་གྱི་ཤར་ངོས་སུ་བར་ཐག་སྤྱི་ལེ32ཀྱི་མཚམས་སུ་ཆགས་ཡོད།  ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ51′ཡིན་པ་དང་། འཕྲེད་ཐིག་ཤར་མའི་ཏུའུ29′བར་ཡིན། ཤར་བྱང་ཕྱོགས་སུ་ཧུང་ཡོན་རྫོང་དང་། ཤར་ཕྱོགས་སུ་ལིས་རྫོང་དང་འབྲེལ་ཡོད།  ལྷོ་རུ་བཙན་ལྷ་རྫོང་ཡིན།  ནུབ་ཏུ་ཅོག་ཙེ་དང་ད་ཚང་ཡུལ་ཚོ་གཉིས་ལ་འབྲེལ་ཡོད། ཤར་དང་ནུབ་ཀྱི་རིང་ཚད་སྤྱི་ལེ46དང་ལྷོ་བྱང་དུ་སྤྱི་ལེ80ཡོད།

4_2 ས་བབ།

སོ་མང་ཡུལ་ཚོ་ས་དེ་གའི་རི་མཐོ་གྲོག་རོང་ས་རྒྱུད་ཡིན་ལ། ཆེས་མཐོ་བའི་རི་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ཡིན།

4_3 གནམ་གཤིས།

ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ9.5℃ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི643.1ཡིན། སད་མེད་པའི་ཉི་མ132-144ཉིན་བར་རེད། སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཡིན།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

《 རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་བྱེད་པའི་སྐོར་གྱི་སྲོལ་ཡིག 》 དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་རང་རྒྱལ་གྱི་ཚད་ལྡན་དུས་ཚད< སྤྱི་ལོ2010ལོ་ཟླ11ཚེས1>གྱི་མཚན་མོའི་ཆུ་ཚོད12ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་དྲུག་པ་བྱས། སོ་མང་ཡུལ་ཚོའི་རྒྱུན་སྡོད་མི་གྲངས 2795ཡིན།

5_2 མི་རིགས།

སོ་མང་ཡུལ་ཚོ་རུ་བོད་རིགས་གཙོ་བོ་བྱས་པའི་ཆའང་རིགས་དང་ཧུའེ་རིགས་རྒྱ་རིགས་སོགས་འདུས་སྡོད་བྱས་ཡོད། མི་རིགས་གཞན་གྱིས 0.2%ཟིན་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

རྒྱལ་ལམ317གཞུང་ལམ་ནི་སོ་མང་ཡུལ་ཚོར་འབྲེལ་ཏེ།  སོ་མང་ནས་ཁྲེང་ཏུའུ་གྲོང་ཁྱེར་བར་གཞུང་ལམ་བར་ཐག་སྤྱི་ལེ318ཡས་མས་ཡོད།

7 དཔལ་འབྱོར།

སོ་མང་ཡུལ་ཚོའི་མོ་མཚོ་གྲོང་ཚོའི་ལོ་རེའི་དཔལ་འབྱོར་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་ཁྲི163ཡིན་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར6582ཡིན། དེས་ཐོན་འབོར་གྱི24%ཟིན།

8 སྤྱི་ཚོགས་འགན་སྲུང་།
8_1 སྨན་བཅོས་ལས་དོན།

སོ་མང་རྒྱལ་ས་གནའ་ཤུལ་སོགས་ཀྱི་གཙོ་གནད་རིག་རྫས་སྲུང་སྐྱོང་བྱེད་པའི་འཆར་གཞིའི་ནང་བཀོད་ཡོད། སོ་མང་ཡུལ་ཚོའི་སྨན་བཅོས་འཕྲོད་བསྟེན་ཁང་ནི་དེའི་ནང་གསེས་ཤིག་ཡིན། སྤྱི་ལོ1970ལོར་སོ་མང་ཡུལ་ཚོ་འཛུག་དུས་སྨན་པ་མི4ཡོད།

8_2 སློབ་གསོའི་ལས་དོན།

སོ་མང་ལྟེ་བའི་སློབ་ཆུང་ནི་སྤྱི་ལོ1956ལོར་བཙུགས། འདི་ནི་རྔ་བ་བོད་ཁུལ་གྱི་ཆེས་སྔ་མོར་བཙུགས་པའི་སློབ་གྲྭ་གཅིག་པུ་ཡིན། ད་ལྟ་སློབ་གྲྭ་དེ་གར་སློབ་མ100དང་དགེ་རྒན24ཡོད། དེའི་ནང་ཆེད་ལས་དགེ་རྒན24ཡོད། དགེ་རྒན་གྱི་ཚད་ལོན་པའི་གྲངས་ནི100%ཟིན་ཡོད། 

9 མཛེས་ལྗོངས་གྲགས་ཅན།

མཛེས་ཤིང་སྲིད་རིང་བའི་སོ་མང་གྲོག་རོང་དོག་པོ་ནི། སྤོ་དཀར་ལའི་རི་རྩའི་ལྷ་འབར་ལམ་མདོ་ནས་འབར་ཁམས་གྲོང་ཁྱེར་གྱི་བྲག་བར་ཡུལ་ཚོའི་མཛའ་ཀྱོ་གྲོང་སྡེའི་བར་དུ་བརྐྱངས་ཡོད།  ལུང་བའི་ངོགས་གཉིས་སུ་གཡང་གཟར་རྩི་ཤིང་སྟུག་པོས་ཁེབས་ཡོད།   སོ་མང་ཆུ་བོ་ལྷུང་ལྷུང་དུ་བབས་ཏེ་ནུབ་ཁུལ་དུ་དྲག་ཏུ་རྒྱུག་པ་དེ་སྤོ་དཀར་ལའི་གཞི་བདག་གིས་ཁ་བཏགས་བཏང་ནས། མཛེས་ལྗོངས་སྣ་ཚོགས་ཕྲག་གཅིག་ཏུ་བརྒྱུས་པ་དང་འདྲའོ།

10 ཆོས་སྡེ་གྲགས་ཅན།

འབར་ཁམས་གྲོང་ཁྱེར་གྱི་སོ་མང་ཡུལ་ཚོར་ཡོད་པའི་ཤིས་བཀྲ་དགོན་པ་དང་། ཀརྨ་མཆོག་དགོན། གཡུང་དྲུང་དགོན་སོགས་ཆོས་སྡེ་མང་པོ་ཡོད །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།