དྲུང་ཡིག་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་དྲུང་ཡིག་ཆེན་མོ་ཞེས་པར་ཆ་མཚོན་ན། ཡིག་ཚང་གི་འགན་དབང་ལག་བསྟར་བཀོད་འདོམས་ཀྱིས་དགོན་པ་ཁག་དང་གཞུང་ཞབས་སེར་མོ་བ་ཡོངས་ཀྱི་ལས་དོན་བཀོད་སྒྲིག་དང་སྤྱི་འདོམས་བྱེད་ཅིང༌། ཏཱ་ལའི་བླ་མ་སྐུ་སྒེར་གྱི་མཚན་ཐོག་ནས་བཅའ་ཡིག་དང༌། རྩ་ཚིག གཏན་ཚིགས་ཤེ་བམ། བཀོད་རྒྱ། ལམ་ཡིག ཐ་ན་སྤྲིང་ཡིག་དང་བཅས་པའི་ཟིན་བྲིས་བཟོ་འགོད་བྱེད་དགོས་པ་མ་ཟད། ཐམ་ཀ་རྣམས་བདག་གཅེས་ཀྱིས་ཏཱ་ལའི་བླ་མའི་སྐུ་མདུན་དུ་ཕབ་རྒྱག་བྱེད་དགོས། ཕྱོགས་མཚུངས་སྲིད་སྐྱོང་དང་སྲིད་བློན་གཉིས་ཀྱི་རྩ་ཚིག་དང༌། ལག་ཁྱེར། བཀོད་རྒྱ་བཅས་གཏོང་དགོས་རིགས་ཀྱི་མ་ཟིན་ཡང་བཟོ་བཀོད་དང༌། ཐམ་ཀ་ཕབ་རྒྱག ཐམ་ཀ་ཚང་མའི་ཕྱི་སྣོད་ལྡེ་མིག་བདག་གཉེར་བཅས་བྱས་ཏེ་ཕྱི་སྣོད་དམ་སྒམ་ཁར་ཏཱ་ལའི་བླ་མ་རང་གི་མགུལ་ཐམ་ལ་ཐེལ་ཞུ་དགོས། དེ་བཞིན་རྩེ་དྲུང་གསར་བསྐོ་ནས་བཀའ་བློན་བླ་མའི་བར་ལས་ཚན་བསྐོ་འཐེན་གྱི་འཆར་གཞི་དང༌། གྲྭ་ས་ཁག་གི་མཁན་པོ་ལས་སྣེ་བསྐོ་གཞག་སོགས་ཀྱི་འཆར་གཞི་བཟོས་ཏེ་ཏཱ་ལའི་བླ་མར་ཆོག་མཆན་ཞུ་རྒྱུར་འབུལ་དགོས་པ་དང༌། (གོང་གསལ་ཡིག་ཚང་རང་ཉིད་ཀྱི་བྱེད་སྒོའི་ལས་དོན་སྙན་ཞུ་དགོས་རིགས་ཏཱ་ལའི་བླ་མ་དང༌། སྲིད་སྐྱོང༌། སྲིད་བློན་བཅས་ཀྱི་མདུན་དུ་ཐད་ཀར་ཞུ་བ་ལས་བཀའ་ཤག་བརྒྱུད་མི་དགོས་པའི་དམིགས་བསལ་ཡོད) བཀའ་ཤག་གི་བཀོད་གཏོང་ལྟར་གལ་ཆེའི་ཆབ་སྲིད་ཀྱི་ལས་དོན་དྲུང་རྩིས་མཉམ་ཚོགས་གྲོས་སྡུར་ཐོག་ཚོགས་འདུ་རྒྱས་བསྡུས་ཀྱི་འགོ་ཁྲིད་ཀྱང་བྱེད་དགོས། གཞན་ཡང་རྩེ་སློབ་གྲྭ་དང༌། སྙེ་མོ་ཡོན་བདག ཨེ་པ་ཡོན་བདག འདོད་དཔལ་སོགས་བཟོ་རིགས་ཁག་གཅིག་ལ་ཡང་ཡིག་ཚང་གི་འགན་དབང་ལྟར་བཀོད་འདོམས་བྱེད་པ་ཡིན།
1 ལོ་ཙཱ།

རྒྱ་ཡིག 秘书长

དབྱིན་ཡིག Secretary General.

2 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-22

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།