འབར་ཁམས་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབར་ཁམས་གྲོང་རྡལ།
འབར་ཁམས་གྲོང་ཁྱེར་གྱི་ཁོངས་གཏོགས་འབར་ཁམས་གྲོང་རྡལ་ནི་རྔ་བ་ཁུལ་སྲིད་གཞུང་གི་ཁོངས་སུ་གཏོགས་པ་དང་། ས་གནས་འབར་ཁམས་གྲོང་ཁྱེར་སྲིད་གཞུང་གི་མངའ་ཁོངས་ཡིན། སྤྱི་ལོ1953ལོར་འབར་ཁམས་ཁྲོམ་གཞུང་དུ་སྤྱི་དོན་ཁང་བཙུགས། སྤྱི་ལོ1956ལོར་འབར་ཁམས་གྲོང་རྡལ་བཙུགས། སྤྱི་ལོ1984ལོར་པིན་ཅིན་ཡུལ་ཚོ་དང་མཉམ་དུ་དེའི་ཁོངས་སུ་བསྡུས། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ364ཡིན། སྲིད་འཛིན་ཁོངས་དབྱེ་ནི་འབོ་ལ་དང་འོད་འདུས་གྲོང་ཚོ། ཚེ་དཔལ་དང་སྒོ་ཡག་གྲོང་ཚོ། པིན་ཅིན་དང་གཡུ་འབྲུག་གྲོང་ཚོ། ཏིན་ཅབ་པིན་ཅིན་འབྲོག་ར། འབོ་ལ་སྔོ་ཚལ་གྲོང་ཚོ་དང་ཚེ་དཔལ་སྔོ་ཚལ་གྲོང་ཚོ་བཅས10ཡི་ཁོངས་སུ་གཏོགས། མཐུན་སྒྲིལ་དང་ཚོང་ལས། བཅིངས་འགྲོལ་དང་འབར་ཅབ་སོགས་གྲོང་མི་ཨུ་ཡོན་ལྷན་ཁང4ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马尔康镇
ལ་ཏིང་གི་མིང་།
Abar khmas grong rdl
སྲིད་འཛིན་ཁོངས་གཏོགས།
སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
ཁོངས་གཏོགས་ས་ཁུལ།
ཁོངས་གཏོགས་ས་ཁུལ། འབོ་ལ་དང་འོད་འདུས་གྲོང་ཚོ། ཚེ་དཔལ་དང་སྒོ་ཡག་གྲོང་ཚོ། པིན་ཅིན་དང་གཡུ་འབྲུག་གྲོང་ཚོ། ཏིན་ཅབ། པིན་ཅིན་འབྲོག་ར། འབོ་ལ་སྔོ་ཚལ་གྲོང་ཚོ་དང་ཚེ་དཔལ་སྔོ་ཚལ་གྲོང་ཚོ་བཅས10ཡི་ཁོངས་སུ་གཏོགས་པ་དང་། མཐུན་སྒྲིལ་དང་ཚོང་ལས། བཅིངས་གྲོལ་དང་འབར་ཆུ་སོགས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང4ཡོད།
སྲིད་གཞུང་གནས་ཡུལ།
འབར་ཁམས་རྟ་ས་སྲང་ལམ།
ས་ཁོངས་ཀྱི་ཁ་པར་༁ང་རྟགས།
0837
སྦྲག་སྲིད་ཨང་རྟགས།
624000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི364ཡོད།
མི་གྲངས།
ཁྲི2.2ཡོད།
སྐད་རིགས།
བོད་སྐད(རྒྱལ་རོང་སྐད)
གནམ་གཤིས།
སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
འབར་ཁམས་དགོན་པ་དང་ཕུག་ཡུལ་རྒྱལ་ས་མཁར་རྙིང་བཅས་ཡོད།
རླངས་འཁོར་ཨང་རྟགས།
川U
1 ངོ་སྤྲོད་རགས་བསྡུས།

ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་དུ་ཅོག་ཙེ་རྒྱལ་པོའི་མངའ་ཁོངས་ཡིན། སྤྱི་ལོ1938ལོའི་རྗེས་སུ་རྒྱལ་ཁག་བཞིའི་ས་དེ་ག་ནི་སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་བོད་ཧུའེ་རྒྱ་མི་སོགས་ཀྱི་ཉལ་ཐ་དང་མེ་མདའ། ཕྱུགས་རིགས། ཇ་དང་ཚྭ། རིས་དང་འབྲུ་རིགས། སྨན་རྫས་སོགས་རིགས་སྣ་ཚོགས་ཀྱི་ཉིན་མཁོའི་དངོས་རྫས་སྣ་མང་ཉོ་ཚོང་བྱེད་ས་ཞིག་གྲུབ། རྒྱལ་ཁག་བཞིའི་ཅུང་དར་ཞིང་རྒྱས་པའི་ས་ཁུལ་ཞིག་ཀྱང་ཡིན། སྤྱི་ལོ1951ལོའི་ཟླ8པར་བཅིངས་འགྲོལ་བཏང་ཞེས་བསྒྲགས། སྤྱི་ལོ1953ལོར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་འབར་ཁམས་དོན་གཅོད་ཁང་བཙུགས་པ་དང་། འབར་ཁམས་སྲང་ལམ་སྤྱི་དོན་སྣེ་ཁྲིད་བྱེད་ས་བཙུགས། སྤྱི་ལོ1956ལོའི་ཟླ4བར་འབར་ཁམས་གྲོང་རྡལ་སྤྱི་དོན་སྣེ་ཁྲིད་བྱེད་ས་རུ་བསྒྱུར་བས་ཅོག་ཙེ་ཆུས་ཡིས་འོག་སྣེ་ཁྲིད་བྱེད་ས་ཡིན། སྤྱི་ལོ1958ལོར་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནི་ལྷ་རྒྱལ་གླིང་ནས་འབར་ཁམས་སའི་གནས་སུ་སྤོས། ཁུལ་གྱི་གྲོང་རྡལ་ཁོངས་སུ་བསྡུས། སྤྱི་ལོ1962ལོར་འབར་ཁམས་རྫོང་ནི་ཆུས་གྱི་རིམ་པའི་གྲོང་རྡལ་ཁོངས་སུ་སྤྲད།  སྤྱི་ལོ1984ལོར་ཟླ10བར་པིན་ཅིན་ཡུལ་ཚོ་མེད་པར་བཟོ་ནས་འབར་ཁམས་གྲོང་རྡལ་གྱི་ཁོངས་སུ་སྤྲད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་འབར་ཁམས་རྫོང་སྲིད་གཞུང་གི་སྡོད་གནས་ཡིན་ལ་གྲོང་རྡལ་སྲིད་གཞུང་དེ་འབར་ཅབ་སྲང་ལམ་ན་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་ནི་སྨི2599ཡིན།

2 སྲིད་འཛིན་ཁོངས་དབྱེ།

འབར་ཁམས་གྲོང་རྡལ་ནི་འབར་ཁམས་གྲོང་ཁྱེར་གྱི་འབར་ཆུ་སྲང་ལམ་ན་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ364ཡིན། སྲིད་འཛིན་ཁོངས་དབྱེ་ནི་འབོ་ལ་དང་འོད་འདུས་གྲོང་ཚོ། ཚེ་དཔལ་དང་སྒོ་ཡག་གྲོང་ཚོ། པིན་ཅིན་དང་གཡུ་འབྲུག་གྲོང་ཚོ། ཏིན་ཅབ། པིན་ཅིན་འབྲོག་ར། འབོ་ལ་སྔོ་ཚལ་གྲོང་ཚོ་དང་ཚེ་དཔལ་སྔོ་ཚལ་གྲོང་ཚོ་བཅས་ཀྱི10ཡི་ཁོངས་སུ་གཏོགས་པ་དང་། མཐུན་སྒྲིལ་དང་ཚོང་ལས། བཅིངས་གྲོལ་དང་འབར་ཅབ་སོགས་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང4ཡོད་པ་རེད།   

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

སྤྱི་ལོ1983ལོ་ནས་སྤྱི་ལོ1985ལོའི་བར་འབར་ཁམས་གྲོང་ཁྱེར་གྱིས་ས་ཞིང་ཐོན་ཁུངས་ཞིབ་ཕྲའི་བརྟག་དཔྱད་ཀྱི་ལས་དོན་སྤེལ་ཞིང་། འབར་ཁམས་གྲོང་རྡལ་གྱི་གྲོང་ཁྱེར་གྲོང་གསེབ་སྡོད་དམངས་ཀྱི་སྡོད་གནས་ལ་སྤྱི་ཆིང380.6ཡོད་པ་དང0.05%ཟིན་ཡོད། གཞུང་ལམ་ལ་སྤྱི་ཆིང471.6ཡོད་པ་དང0.07%ཟིན་ཡོད། དེ་མིན་བེད་སྤྱོད་དཀའ་བའི་ས་ཞིང་ལ་སྤྱི་ཆིང32481.1ཡོད་པ་དང4.9%ཟིན་ཡོད།

3_2 ཆུ་དང་ནགས་ཀྱི་ཐོན་ཁུངས།

འབར་ཁམས་གྲོང་རྡལ་གྱི་དབུས་སུ་བཞུར་པའི་སོ་མང་ཆུའི་ནུས་ཤུགས་ཐོན་ཁོངས་སྣ་འཛོམས་ཡིན་པས་རྫོང་འགག་དང་མཛའ་ཀྱོ་གློག་འདོན་ཁང་བཅས་པ་མང་བོ་བཙུགས་ཡོད། འབར་ཁམས་གྲོང་རྡལ་མཐའ་སྐོར་ན་ནགས་ཀློང་སྐོར་ཡོད། མངའ་ཁུལ་ནགས་ཚལ་གྱི་ཁེབས་ཚད70%ཡིན། ཤིང་རིགས་གཙོ་བོ་ནི་ཡུན་ཧྲན་གསོམ་ཤིང་། སྟག་པ་དཀར་པོ་དང་བེ་ལོ་བཅས་པ་ཡིན། རིགས་སྣ་ཚོགས་ཀྱི་བཟའ་བྱའི་ཤ་མོའི་རིགས་མང་པོ་སྐྱེས་ཡོད།

3_3 སྐྱེ་དངོས་ཐོན་ཁུངས།

འབར་ཁམས་གྲོང་རྡལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་ཤ་བ་ནོག་ལྡན། ཕག་རྒོད། དོམ་ཁྲ། དོམ་ནག དྲེད་མོང་སོགས་གཅན་གཟན་རི་དྭགས་རིགས31ཡོད་ལ་དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་སྲོག་ཆགས་སུ་གསའ་དང་གཟིག  རྐྱང་། ཤ་སྐྱ། གླ་བ། གནའ་བ་སོགས་ཡོད་པ་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་གཉིས་པའི་གཅན་གཟན་རི་དྭགས་རི་སྤྲེལ་དང་དོམ་ནག འཕར་བ། སྲམ། ཤྭ་བ་སེར་ཆེན་བཅས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་གནས།

འབར་ཁམས་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་གནས་དང་འདྲ་བ་ཡིན། སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ས་རྒྱུད་དང་།རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དབུས་སུ་གནས་ཡོད། ས་ཁམས་རིག་པའི་འཕྲེད་ཐིག་བྱང་མའི་ཏུའུ35′ནས24′བར། འཕྲེད་ཐིག་ཤར་མའི་ཏུའུ17′ནས41′བར་ཡིན། ཤར་དུ་ཧུང་ཡོན་རྫོང་དང་ལིས་རྫོང་ཡིན་ལ། ལྷོ་རུ་ཆུ་ཆེན་རྫོང་དང་བཙན་ལྷ་རྫོང་། ནུབ་ཏུ་འཛམ་ཐང་རྫོང་ཡིན། བྱང་དུ་ཧུང་ཡོན་དང་རྔ་བ་རྫོང་གི་མངའ་ཁོངས་ཡིན། ཁུལ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་གནས་ཡུལ་འབར་ཁམས་གྲོང་རྡལ་ཡིན། མཚོ་ངོས་ལས་མཐོ་ཚད་སྨི2600ཡིན་པ་དང་ཞིང་ཆེན་གྱི་གནས་ཡུལ་ཁྲེང་ཏུའུ་དང་བར་ཐག་སྤྱི་ལེ395ཡོད།

4_2 ས་བབ།

འབར་ཁམས་གྲོང་རྡལ་གྱི་ནུབ་བྱང་རྒྱུད་དུ་གནས་པའི་སི་ཁྲོན་གཤོང་ས་དང་། མཚོ་བོད་ས་མཐོའི་ཤར་རྒྱུད་དང་ཁྱུང་ལ་རི་བོའི་རྩ་ནས་བྱང་རྒྱུད་དང་། ས་མཐོའི་གྲོག་རོང་ཁུལ་ཁོངས།  ས་བབ་ཉིད་ནུབ་ནས་བྱང་ཤར་ལྷོ་ནུབ་ཕྱོགས་སུ་རིམ་བཞིན་ཇེ་དམའ་རུ་སོང་ཡོད། བྱང་དུ་གནས་པའི་ཤར་གྱི་འགྲོ་ཕྱོགས་ལ་ལུང་མིན་ཧྲན་དང་། བྱང་ནུབ་ཀྱི་འགྲོ་ཕྱོགས་ལ་ཕྱག་རུ་ཆུའི་གས་སྲུབས་ས་རྒྱུད་དང་དེ་བཞིན་ས་ཁུལ་ཟུང་ཆུ་ས་ཆ་བརྗེས་རེས་བྱས་ཡོད། ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་ལ། ས་རིམ་མང་ཆེ་བ་ནི་སུམ་བརྩེགས་ས་རྒྱུད་མིག་མངས་རྒྱག་རིས་བྱེད་པའི་ཐད་རྡོ་གཡམ་དང་ངོ་བོ་འགྱུར་བའི་བྲག་རྡོ་སོགས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ཡས་མས་ཀྱི་མངའ་ཁོངས་སུ་རི་བོ་མཐོ་ཤོས་དང་། མ་མཐའི་རོང་སའི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི2300ཡས་མས་ཟིན་གྱི་ཡོད། རི་བོ་རྒྱུན་མི་ཆད་པ་དང་། ལུང་རོང་མཐའི་ལ། འབར་ཁམས་ནི་སི་ཁྲོན་གྱི་ནུབ་བྱང་ས་མཐོར་སྟེང་མ་ལྷོ་ངོས་སུ་གྲོག་རོང་དུ་མཐོ་ཐང་བཟུང་བའི་ཁང་སའི་རྒྱ་ཁྱོན་དེ65%ཙམ་དང་། རི་མཐོ་ཞིང་གྲོག་རོང་དོག་སར35%ཙམ་ཟིན་ཡོད།

4_3 གནམ་གཤིས།

འབར་ཁམས་ཁོངས་ཚ་རྒྱུད་བར་མའི་ས་མཐོར་འཚམ་པའི་གནམ་གཤིས་དང་། སྐམ་སར་དུས་མངོན་གསལ་དོད་པས། དུས་བཞིར་དབྱེ་བ་གསལ་བགདང་། ས་ཁུལ་མང་ཆེ་བར་དབྱར་ཁ་མེད་པ་ཡོད་པ་དང་། ཉི་འོད་ཀྱིས་ཕྱུག་པ་དང་། གཉིས་ཀྱི་དྲོད་ཚད་ཧེ་བག་ཅུང་ཆེ་བ་དང་ཐན་པའི་དུས་ནི་རླུང་ཆེན་ལྡང་བའི་ཉིན་མང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད8℃ནས9℃བར་དང་། ལོ་རེར་ཆར་བ་འབབ་ཚད7537ཧོ་སྨི་ཡས་མས་ཡོད་པ་དང་། ཉི་འོད་དུས་ཚོད1500ཟིན་པ་དང་།བ་མོ་མེད་པའི་ལྟོས་མེད་ཉིན120ཙམ་ཟིན་གྱི་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

《རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་བྱེད་པའི་སྐོར་གྱི་སྲོལ་ཡིག》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལྟར་རང་རྒྱལ་གྱི་ཚད་ལྡན་དུས་ཚད་སྤྱི་ལོ2010ལོའི་ཟླ11ཚེས1ཉིན་གྱི་མཚན་མོའི་ཆུ་ཚོད12ལ་བརྟེན་ནས་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་དྲུག་པ་བྱས། འབར་ཁམས་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ལ་ཁྱོན་བསྡོམས་མི་ཁྲི29535ཡོད།

5_2 མི་རིགས།

འབར་ཁམས་གྲོང་རྡལ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཞིག་ཡིན་ཞིང་། དེར་བོད་རིགས་དང་། ཆའང་རིགས། ཧུའེ་རིགས་དང་། རྒྱ་རིགས་སོགས་མི་རིགས15ཡོད། དེའི་ནང་བོད་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི63%ཟིན་པ་དང་། རྒྱ་རིགས་མི་གྲངས34%ཟིན་ཡོད་པ་དང་། མི་རིགས་གཞན་གྱིས3%ཟིན་པ་རེད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

འབར་ཁམས་གྲོང་རྡལ་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་དང་། འབར་ཁམས་གྲོང་ཁྱེར་གྱི་གནས་ས་དང་། ཁུལ་ཡོངས་སུ་ཆབ་སྲིད་དང་རིག་གནས། དཔལ་འབྱོར་དང་ཆ་འཕྲིན་སོགས་ཀྱི་ལྟེ་གནས་ཡིན་པ་མ་ཟད། སི་ཁྲོན་ནུབ་བྱང་གི་འགྲིམ་འགྲུལ་དང་ཚོང་དོན་ལ་སོགས་པའི་ལྟེ་གནས་འང་ཡིན། རྒྱལ་ལམ317གཞུང་ལམ་ནི་འབར་ཁམས་གྲོང་རྡལ་ལ་འབྲེལ་མཐུད་ནས། ཁྲེང་ཏུའུ་ནས་འབར་ཁམས་གྲོང་ཁྱེར་བར་གཞུང་ལམ་བར་ཐག་སྤྱི་ལེ350ཡས་མས་ཡོད་པ་རེད། བོད་རིགས་ཀྱི་འདུས་སྡོད་ས་ཁུལ་ཡང་ཡིན །

7 དཔལ་འབྱོར།

སྤྱི་ལོ2015ལོར། འབར་ཁམས་གྲོང་རྡལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར22.1ཡིན་པ་དང་། ལོ་སྔོན་མ་ལས9.4%འཕར་ཡོད། ཐོན་ལས་ལྟར་བརྩིས་ན། ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར2.32དང་4.3%འཕར་ཡོད་པ་དང་། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར3.18དང3.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར16.6དང11.3%འཕར་ཡོད།

8 སྤྱི་ཚོགས་འགན་སྲུང་།

འབར་ཁམས་གྲོང་རྡལ་གྱིས་བྱེད་ཐབས་གསུམ་གྱིས་དམངས་བདེ་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་།དམངས་བདེ་ཞབས་ཞུའི་སྣེ་ལེན་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད། འབར་ཁམས་གྲོང་རྡལ་གྱིས་ཏང་ཡོན་དཔེ་སྟོན་ལས་རྐང་ཞེས་པར་དཔེ་སྟོན་སྒེའུ་ཁུང་བྱས་ཏེ། དམངས་བདེ་ཞབས་ཞུ་ལྟེ་གནས་ལ་ནུས་རྩལ་ལེགས་བསྒྱུར་བྱས། དང་བོ་ནི་མཐོང་བདེ་སར་དམིགས་འབེན་བྱང་རྟགས་བཀལ་བ་དང་དམངས་བདེའི་བློ་འདྲིའི་ལས་སྟེགས་བཀོད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་དམངས་བདེ་ཞབས་ཞུ་ལྟེ་གནས་ཀྱི་གཞུང་ལས་ཁང་གི་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ་དང་། དམངས་བདེའི་ལྟེ་གནས་ཀྱི་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་།  གཉིས་པ་ནི་དམངས་བདེ་ཞབས་ཞུའི་དོན་དག་ལ་ལྟ་ཞིབ་བྱེད་ས་བཀོད་པ་དང་། ཞིང་བསྡུ་གནས་སྤོར་དང་འཆར་ལྡན་བུ་བཙའ་སོགས་ཀྱི་སྲིད་ཇུས་དྲིལ་སྒྲོག་དཔྱད་ཡིག་བཞག་ནས། མང་ཚོགས་ཀྱིས་ལྟ་ཞིབ་བྱེད་པར་སྟབས་བདེ་བཟོས་ཡོད། གསུམ་པ་ནི་སྐོར་སྐྱོད་དམངས་བདེ་ཞབས་ཞུ་ལྟེ་གནས་ཞེས་པ་བཙུགས་ནས། སྡེ་དམངས་ཚོགས་ཆེན་དང་རྩ་འཛུགས་བྱེད་སྒོ་སྤེལ་བ་སོགས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ།  ལས་ཡུལ་དངོས་ནས་བློ་འདྲི་འདོན་སྤྲོད་དང་དྲིལ་སྒྲོག་དཔྱད་ཡིག་སྟེར་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ཤུགས་ཆེན་པོས་སྲིད་ཇུས་དྲིལ་སྒྲོག་བྱེད་སྒོ་སྤེལ་བཞིན་ཡོད།

9 མཛེས་ལྗོངས་གྲགས་ཅན།

འབར་ཁམས་གྲོང་ཁྱེར་གྱི་ཁྲོམ་ར་དང་ཁྲོམ་དཀྱིལ་གླིང་ག་ཕུག་ཡུལ་རྒྱལ་སའི་མཁར་རྙིང་། བཙན་མཁར་རི་ཁྲོད་ན་ཡོད་པའི་འབར་ཁམས་དགོན་པ་ལ་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ8ཡོད། ཅོག་ཙེ་རྒྱལ་ས། དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་། སའི་སོ་སྡོད་མི་ཡུལ་ཚོ་བཅས་ལྗོངས་སྐོར་མང་ངོ་། །

10 ཆོས་སྡེ་གྲགས་ཅན།

བཙན་མཁར་རི་ངོས་སུ་ཡོད་པའི་འབར་ཁམས་དགོན་པ་དང་སྒོ་ཡག་ཡུལ་ཚོ་ན་ཡོད་པའི་སྒོ་ཡག་དགོན་པ། འབར་ཁམས་གྲོང་རྡལ་ན་ཡོད་པའི་འོད་འདུས་དགོན་པ་དང་འབོ་ལ་དགོན་པ། པིན་ཅིན་དགོན་པ།ཏིན་ཅབ་དགོན་པ་སོགས་ཆོས་སྡེ་མང་པོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-09-25

གསར་སྤེལ་མཁན། :འབྲུག་རྩེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།