བདེ་གཤེགས་མཆོད་རྟེན་བརྒྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

1.པད་སྤུངས་མཆོད་རྟེན། སངས་རྒྱས་ཤཱཀྱ་མུ་ནེ་ཐོག་མར་སྐུ་བལྟམས་པའི་དུས་ལུམ་བིའི་ཚལ་དུ་ཡབ་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་བཞི་ཟླུམ་པོ་ལ་པདྨ་དང་འཁོར་ལོས་སྤྲས་པ། 2.བྱང་ཆུབ་མཆོད་རྟེན། སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་བང་རིམ་བཞི་ཀའི་དབྱིབས་གྲུ་བཞི་བྱས་པ་ཞིག 3.བཀྲ་ཤིས་སྒོ་མངས། ཝ་ར་ནཱ་སིར་ཆོས་འཁོར་ཐོག་མར་བསྐོར་བའི་ཚེ་འཁོར་ལྔ་སྡེ་བཟང་པོས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་བཞི་ཀའི་དབྱིབས་གྲུ་བཞི་ཕྱོགས་བཞིར་གློ་འབུར་དང་བཅས་པ། གློ་འབུར་སོ་སོར་སྒོ་རབ་བརྒྱ་རྩ་བརྒྱད། འབྲིང་ང་དྲུག ཐ་མ་བཅུ་དྲུག་བྱས་པ་ཞིག 4.ཆོ་འཕྲུལ་མཆོད་རྟེན། བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་ནས་མུ་སྟེགས་སྟོན་པ་དྲུག་ཕམ་པར་མཛད་པའི་ཚེ་ལི་ཙ་བྱི་སོགས་ཀྱིས་ཛེ་ཏའི་ཚལ་དུ་བཞེངས་པའི་མཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི། མཆོད་རྟེན་གྱི་བང་རིམ་བཞི་ཀ་གྲུ་བཞི་པ་ཕྱོགས་བཞིར་གློ་འབུར་དང་བཅས་པ་ཞིག 5.ལྷ་བབས་མཆོད་རྟེན། བཅོམ་ལྡན་འདས་ཀྱིས་ཡུམ་ལ་བཀའ་དྲིན་གསབ་ཆེད་ལྷ་ཡུལ་དུ་བྱོན་ནས་ཡུམ་ལྷར་སྐྱེས་པ་ལ་ཆོས་གསུངས། མི་ཡུལ་དུ་སླར་ཕེབས་པའི་ཚེ་གྲོང་ཁྱེར་གསལ་ལྡན་དུ་ཁྱིམ་པ་དད་པ་ཅན་རྣམས་ཀྱིས་བཞེངས་པའིམཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི། མཆོད་རྟེན་གྱི་བང་རིམ་བཞི་ཀ་གྲུ་བཞི་པ་ཕྱོགས་བཞིར་གློ་འབུར་དང་བཅས་པ་གློ་འབུར་གྱི་དབུས་སུ་ཐེམ་སྐས་ཡོད་པ་ཞིག 6.དབྱེན་ཟླུམ་མཆོད་རྟེན། བཅོམ་ལྡན་འདས་ཀྱི་སྐུ་མཆེད་ལྷས་བྱིན་གྱིས་དགེ་འདུན་སྡེ་གཉིས་སུ་ཕྱེ་ནས་དབྱེན་བྱས་པ་ན་མཆོག་ཟུང་གཉིས་ཀྱིས་དབྱེན་བསྡུམས་པར་མཛད་ཅིང༌། དེའི་ཚེ་མ་ག་དྷའི་དད་པ་ཅན་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་བཞིའི་ཟུར་བཞི་ཆ་མཉམ་དུ་བཅད་པ་ཡིན། 7.རྣམ་རྒྱལ་མཆོད་རྟེན། སངས་རྒྱས་སྐུ་མྱ་ངན་ལས་འདའ་བར་ཉེ་བ་ན་ལི་ཙ་བྱིའི་བུ་ཙུན་ཏས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་བར་བྱིན་གྱིས་བརླབས་ཤིང༌། དེའི་ཚེ་ཡངས་པ་ཅན་པ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་གསུམ་ཟླུམ་པོར་ཡོད་པ་ཞིག 8.མྱང་འདས་མཆོད་རྟེན། སངས་རྒྱས་མྱ་ངན་ལས་འདས་པ་ན་གྲོང་ཁྱེར་རྩ་ཅན་པའི་གྱད་མི་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་ནི་གདན་ཁྲིའི་སྟེང་དུ་བང་རིམ་མེད་པར་བུམ་རྟེན་པདྨ་ཡན་ཆད་ཡོད་པ་ཞིག་བཅས་ཡིན།
1 ​རྒྱས་འགྲེལ།

1.པད་སྤུངས་མཆོད་རྟེན། སངས་རྒྱས་ཤཱཀྱ་མུ་ནེ་ཐོག་མར་སྐུ་བལྟམས་པའི་དུས་ལུམ་བིའི་ཚལ་དུ་ཡབ་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་བཞི་ཟླུམ་པོ་ལ་པདྨ་དང་འཁོར་ལོས་སྤྲས་པ། 2.བྱང་ཆུབ་མཆོད་རྟེན། སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་རྒྱལ་པོའི་ཁབ་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་བང་རིམ་བཞི་ཀའི་དབྱིབས་གྲུ་བཞི་བྱས་པ་ཞིག 3.བཀྲ་ཤིས་སྒོ་མངས། ཝ་ར་ནཱ་སིར་ཆོས་འཁོར་ཐོག་མར་བསྐོར་བའི་ཚེ་འཁོར་ལྔ་སྡེ་བཟང་པོས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་བཞི་ཀའི་དབྱིབས་གྲུ་བཞི་ཕྱོགས་བཞིར་གློ་འབུར་དང་བཅས་པ། གློ་འབུར་སོ་སོར་སྒོ་རབ་བརྒྱ་རྩ་བརྒྱད། འབྲིང་ང་དྲུག ཐ་མ་བཅུ་དྲུག་བྱས་པ་ཞིག 4.ཆོ་འཕྲུལ་མཆོད་རྟེན། བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་བསྟན་ནས་མུ་སྟེགས་སྟོན་པ་དྲུག་ཕམ་པར་མཛད་པའི་ཚེ་ལི་ཙ་བྱི་སོགས་ཀྱིས་ཛེ་ཏའི་ཚལ་དུ་བཞེངས་པའི་མཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི། མཆོད་རྟེན་གྱི་བང་རིམ་བཞི་ཀ་གྲུ་བཞི་པ་ཕྱོགས་བཞིར་གློ་འབུར་དང་བཅས་པ་ཞིག  5.ལྷ་བབས་མཆོད་རྟེན། བཅོམ་ལྡན་འདས་ཀྱིས་ཡུམ་ལ་བཀའ་དྲིན་གསབ་ཆེད་ལྷ་ཡུལ་དུ་བྱོན་ནས་ཡུམ་ལྷར་སྐྱེས་པ་ལ་ཆོས་གསུངས། མི་ཡུལ་དུ་སླར་ཕེབས་པའི་ཚེ་གྲོང་ཁྱེར་གསལ་ལྡན་དུ་ཁྱིམ་པ་དད་པ་ཅན་རྣམས་ཀྱིས་བཞེངས་པའིམཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི། མཆོད་རྟེན་གྱི་བང་རིམ་བཞི་ཀ་གྲུ་བཞི་པ་ཕྱོགས་བཞིར་གློ་འབུར་དང་བཅས་པ་གློ་འབུར་གྱི་དབུས་སུ་ཐེམ་སྐས་ཡོད་པ་ཞིག 6.དབྱེན་ཟླུམ་མཆོད་རྟེན། བཅོམ་ལྡན་འདས་ཀྱི་སྐུ་མཆེད་ལྷས་བྱིན་གྱིས་དགེ་འདུན་སྡེ་གཉིས་སུ་ཕྱེ་ནས་དབྱེན་བྱས་པ་ན་མཆོག་ཟུང་གཉིས་ཀྱིས་དབྱེན་བསྡུམས་པར་མཛད་ཅིང༌། དེའི་ཚེ་མ་ག་དྷའི་དད་པ་ཅན་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་སྟེ། དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་བཞིའི་ཟུར་བཞི་ཆ་མཉམ་དུ་བཅད་པ་ཡིན། 7.རྣམ་རྒྱལ་མཆོད་རྟེན། སངས་རྒྱས་སྐུ་མྱ་ངན་ལས་འདའ་བར་ཉེ་བ་ན་ལི་ཙ་བྱིའི་བུ་ཙུན་ཏས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་བར་བྱིན་གྱིས་བརླབས་ཤིང༌། དེའི་ཚེ་ཡངས་པ་ཅན་པ་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་སྟེ།  དེའི་བཟོ་དབྱིབས་ནི་མཆོད་རྟེན་གྱི་བང་རིམ་གསུམ་ཟླུམ་པོར་ཡོད་པ་ཞིག 8.མྱང་འདས་མཆོད་རྟེན། སངས་རྒྱས་མྱ་ངན་ལས་འདས་པ་ན་གྲོང་ཁྱེར་རྩ་ཅན་པའི་གྱད་མི་རྣམས་ཀྱིས་བཞེངས་པའི་མཆོད་རྟེན་སྟེ། དེའི་བཟོ་དབྱིབས་ནི་གདན་ཁྲིའི་སྟེང་དུ་བང་རིམ་མེད་པར་བུམ་རྟེན་པདྨ་ཡན་ཆད་ཡོད་པ་ཞིག་བཅས་ཡིན། མཆོད་རྟེན་བརྒྱད་པོ་དེར་བང་རིམ་གྱི་བཟོ་དབྱིབས་མི་འདྲ་བ་དང་བང་རིམ་མེད་པ་བཅས་ཀྱི་ཁྱད་པར་ཙམ་མ་གཏོགས་དེ་མིན་ས་འཛིན། རྨང་དགེ། གདོང་ཆེན། བད་ཆུང༌། བད་ཆེན། གཟུང་སྣེ། བུམ་གདན། བུམ་པ། བྲེ། ཆོས་འཁོར། གདུགས། ཟ་ར་ཚགས། ཉི་ཟླ། ནོར་བུའི་ཏོག་བཅས་བཟོ་དབྱིབས་འདྲ་ཞིང༌། མཆོད་རྟེན་གྱི་ཐིག་ཚད་སྐོར་བཟོ་དབྱིབས་མིག་ལམ་དུ་མཛེས་མི་མཛེས་སྣ་ཚོགས་ཤིག་ཡོད་ཀྱང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《བེེཌྰུརྱ་གཡའ་སེལ》དང༌། རོང་མཐའ་སྐུ་ཕྲེང་གོང་མ་བློ་བཟང་དམ་ཆོས་རྒྱ་མཚོས་མཛད་པའི《སྐུ་གསུང་ཐུགས་རྟེན་གྱི་ཐིག་དང་ལག་ལེན་བཤད་པ་གསལ་བར་བཀོད་པ་བཟོ་རིག་མཛེས་པའི་ཁ་རྒྱན》གཉིས་ཀྱི་ནང་བཀོད་པའི་ཐིག་ཚད་ནི། སྔོན་བྱོན་བོད་ཀྱི་མཁས་པ་མང་པོའི་ལག་ལེན་གཞིར་བཟུང་ནས་ལེགས་བཅོས་གནང་བ་ཞིག་ཡིན་པས། མཆོད་རྟེན་གྱི་བཟོ་དབྱིབས་མཛེས་ཤིང་ལག་ལེན་བསྟར་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད། དེ་དག་གི་དཔེ་རིས་ནི་རྩེ་པོ་ཏ་ལའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་གཡས་གཡོན་དུ་ཡོད་པའི་མཆོད་རྟེན་བརྒྱད་དང༌། སྐུ་འབུམ་དགོན་པའི་གཤམ་གྱི་མཆོད་རྟེན་བརྒྱད་ལ་གཟིགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-25

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།