བུ་ཆུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོར་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཁྲུངས། བཅིངས་འགྲོལ་ཐོབ་ཚུན་གྱི་ཡིག་སྒྱུར་དང་མི་རིགས་ལས་དོན་ཐད་ལ་འབད་པ་ཧུར་ཐག་བྱེད་མྱོང་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
མི་སྣ།
རིགས་དབྱེ།
ལོ་ཙཱ་བ།
འཁྲུངས་ལོ།
(1934)
འཁྲུངས་ཡུལ།
རྒྱལ་རྩེ་རྫོང་།
ལས་རིགས།
ལོ་ཙཱ་བ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་མི་རིགས་སློབ་ཆེན།
འཐུས་ཚབ་སྒྱུར་རྩོམ།
《བོད་ལྗོངས་ལོ་རྒྱུས་གནད་བསྡུས། 》
1 ​ངོ་སྤྲོད

སྤྱི་ལོ1934ལོར་བོད་ལྗོངས་རྒྱལ་རྩེ་རྫོང་དུ་འཁྲུངས་པ་དང་། སྤྱི་ལོ1954ལོ་ནས་1959ལོའི་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་གཉེར་གནང་། སློབ་མཐར་ཕྱིན་རྗེས་ཀྲུང་གོ་ཚན་རིག་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་གྲངས་ཉུང་མི་རིགས་ལོ་རྒྱུས་བརྟག་དཔྱད་ཚོ་ཆུང་དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་། བོད་ལྗོངས་སྲིད་གཞུང་རྩོམ་གཞུང་རྩོམ་སྒྱུར་ཁྲུའུ། ལྗོངས་རྩོམ་སྒྱུར་ཅུའུ་སོགས་ཀྱི་ཚན་ཁག་ཏུ་ཏང་ཨུ་དང་སྲིད་གཞུང་གི་ཡིག་ཆ། ས་གནས་ཁྲིམས་སྲོལ། བོད་ཀྱི་ལོ་རྒྱུས་དཔྱད་གཞི་སོགས་ཀྱི་ཡིག་སྒྱུར་གནང་བ་མ་ཟད། པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱལ་མཚན་དང་། ང་ཕོད་ངག་དབང་འཇིགས་མེད། བོད་ལྗོངས་ཏང་ཨུའི་ཧྲུའུ་ཅུ་རིམ་བྱུང་ཁག་གི་ཚོགས་ཆེན་གསུང་བཤད་དང་རྒྱུན་ལྡན་ལས་ཀའི་སྐབས་ཀྱི་ཡིག་ཆ་བསྒྱུར་བའི་འགན་བཞེས་མྱོང་།  ད་ལྟ་བོད་ལྗོངས་རྩོམ་སྒྱུར་ཅུའི་ཁྲུའུ་ཀྲང་གཞོན་པ་དང་ལྗོངས་ལོ་ཙཱ་མཐུན་ཚོགས་ཀྱི་ལས་འགན་བཞེས་ཡོད།། སྒྱུར་རྩོམ་གཙོ་གྲས་ནི《བོད་ལྗོངས་ལོ་རྒྱུས་གནད་བསྡུས》《བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་བརྟག་དཔྱད་བྱས་པའི་དཔྱད་གཞིའི་དཔེ་ཚོགས》ལེའུ་དང་བོ་ནས་དྲུག་པའི་བར། 《ཤྭ་ཆུང་སྐལ་བཟང》《སྔོན་བྱོན་པར་བསྟོད་པ》ཞེས་པ་སོགས་དུ་མ་ཡོད་དོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-25

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།