དབྱང་ཅིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱང་ཅིང་།
དབྱང་ཅིང་། ཕོ། སོག་རིགས། 1953ལོའི་ཟླ12པར་ནང་སོག་ཇུན་གར་ཆི་ནས་སྐྱེས། 1970ལོའི་ཟླ་བ12པར་ལས་ཀར་ཞུགས། 1976ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན། ད་ཆ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ། ལས་ཁུངས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨晶
བོད་ཡིག་གི་མིང་།
དབྱང་ཅིང་།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
སོག་རིགས།
སྐྱེས་ཡུལ།
ནང་སོག་ཇུན་གར་ཆི།
སྐྱེས་ལོ།
1953ལོའི་ཟླ12པ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།

དབྱང་ཅིང་། ཕོ། སོག་རིགས། 1953ལོའི་ཟླ12པར་ནང་སོག་ཇུན་གར་ཆི་ནས་སྐྱེས། 1970ལོའི་ཟླ་བ12པར་ལས་ཀར་ཞུགས། 1976ལོའི་ཟླ8པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་ཡོན་ཚད་ལྡན།

ད་ཆ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ། ལས་ཁུངས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་བཞེས་ཡོད།

1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1970ལོ་ནས1977ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཇུན་གར་ཆི་ཞིང་འཕྲུལ་བཟོ་གྲྭའི་བཟོ་བ་དང་ཆི་རིག་གནས་ཁང་གི་འགན་ཁུར་བ་ཡིན།

སྤྱི་ལོ1977ལོ་ནས1980ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཇུན་གར་ཆི་ཨུ་རྩ་འཛུགས་པུའུ་དང་དབྱི་ཁུ་ཀྲའོ་མོང་ཨུ་རྩ་འཛུགས་པུའུ་རུ་ཕྱག་ལས་གནང་།

སྤྱི་ལོ1980ལོ་ནས1982ལོའི་བར། ནང་སོག་སློབ་ཆེན་རྒྱའི་སྐད་ཡིག་སྡེ་ཁག་ཏུ་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་སློབ་སྦྱོང་གནང་།

སྤྱི་ལོ1982ལོ་ནས1983ལོའི་བར། ནང་སོག་རང་སྐྱོང་ལྗོངས་དབྱི་ཁུ་ཀྲའོ་མོང་ཨུ་གཞུང་དོན་ཁང་གི་དྲུང་ཡིག་བྱས།

སྤྱི་ལོ1983ལོ་ནས1985ལོའི་བར། གུང་གཞོན་ཚོགས་པའི་ནང་སོག་རང་སྐྱོང་ལྗོངས་དབྱི་ཁུ་ཀྲའོ་མོང་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ1985ལོ་ནས1988ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏཱ་ལཱ་ཐུ་ཆི་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆི་ཀྲང (1985ལོ་ནས1986ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་དུས་ཐུང་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང) ཡིན།

སྤྱི་ལོ1988ལོ་ནས1991ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏཱ་ལཱ་ཐུ་ཆི་ཨུའི་ཧྲུའུ་ཅི (1988ལོ་ནས1989ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཨུའི་ཏང་གི་སློབ་གྲྭའི་ཏང་འཛུགས་སྐྱོང་འཛིན་གྲྭར་སློབ་སྦྱོང་གནང་བ་དང་། 1990ལོ་ནས1991ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང) ཡིན།

སྤྱི་ལོ1991ལོ་ནས1991ལོའི་བར། ལས་བགོས་ལ་བསྒུགས།

སྤྱི་ལོ1991ལོ་ནས1992ལོའི་བར། ནང་སོག་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུའི་ཅུའུ་ཀྲང་གཞོན་པ་ཡིན།

སྤྱི་ལོ1992ལོ་ནས1993ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཡུལ་སྐོར་ཅུའི་ཅུའུ་ཀྲང་ཡིན།

སྤྱི་ལོ1993ལོ་ནས1996ལོའི་བར། གུང་གཞོན་ཚོགས་པའི་ནང་སོག་རང་སྐྱོང་ལྗོངས་ཨུའི་ཧྲུའུ་ཅི་ཡིན།

སྤྱི་ལོ1996ལོ་ནས1998ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཀྲེ་ལི་མུའུ་མོང་ཨུའི་ཧྲུའུ་ཅི་དང་མོང་དམངས་འཐུས་ཚོགས་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན།

སྤྱི་ལོ1998ལོ་ནས1998ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧུ་ཧའོ་ཐུ་གྲོང་ཨུའི་ཧྲུའུ་ཅི་དང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན (1995ལོ་ནས1998ལོའི་བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སྡེ་ཁག་བཟོ་ལས་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་ལས་ཐོག་སློབ་སྦྱོང་གནང་) ཡིན།

སྤྱི་ལོ1998ལོ་ནས2003ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། ཧུའུ་ཧུ་ཧའོ་ཐུ་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཡིན།

སྤྱི་ལོ2003ལོ་ནས2004ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གཞུང་གི་ལས་ཚབ་ཀྲུའུ་ཞི་ཡིན།

སྤྱི་ལོ2004ལོ་ནས2008ལོའི་བར། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གཞུང་གི་ཀྲུའུ་ཞི (2002ལོ་ནས2005ལོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་རིག་པའི་ཆེད་ལས་སློབ་སྦྱོང་གནང་) ཡིན།

སྤྱི་ལོ2008ལོ་ནས2011ལོའི་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་རྩ་འཛུགས་ཀྱི་ཁོངས་མི་ཡིན།

སྤྱི་ལོ2011ལོ་ནས2012ལོའི་བར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན།

སྤྱི་ལོ2013ལོ་ནས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་སྲིད་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་རྩ་འཛུགས་ཀྱི་ཚོགས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ། ལས་ཁུངས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཡིན།

2 ལས་འགན་ཁུར་བའི་སྐོར།

སྐབས་བཅུ་དྲུག་པའི་ཀྲུང་དབྱང་རྗེས་གྲབས་ཨུ་ཡོན་དང་། སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-30

གསར་སྤེལ་མཁན། :ལྷ་མོ་ཚེ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།