ལྟ་ངན་རེ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྟག་སྨྲའི་བཞི། རྒྱུ་མེད་དུ་སྨྲ་བའི་གཉིས། མཐའ་དང་ལྡན་མི་ལྡན་དུ་སྨྲ་བའི་བཞི། ལྷ་མི་སྤོང་བར་སྨྲ་བའི་བཞི། འདུ་ཤེས་ཡོད་པར་སྨྲ་བའི་བཅུ་དྲུག དེ་མེད་པར་སྨྲ་བའི་བརྒྱད། དེ་གཉིས་མིན་དུ་སྨྲ་བའི་བརྒྱད། ཆད་པར་སྨྲ་བའི་བདུན། ཚེ་འདི་ཉིད་ལ་གྲོལ་བར་སྨྲ་བའི་ལྟ་བ་ལྔ། ཡང་གཟུགས་ཁོ་ན་ལ་བདག་ཡིན། བདག་ལ་གཟུགས་དང་གཟུགས་ལ་བདག་ལྡན་པ་དང་གཟུགས་དང་བདག་མེད་པ་དང་མེ་དང་བུད་ཤིང་བཞིན་དུ་ཐ་མི་དད་པ་དང༌། དེ་བཞིན་དུ་ཚོར་སོགས་བཞི་ལ་སྦྱར་བའི་ཉི་ཤུ། དེ་དུས་གསུམ་ལ་སྦྱར་བས་དྲུག་ཅུ། རྟག་ཆད་ཀྱི་ལྟ་བ་གཉིས་བཅས་རེ་གཉིས་ཟེར། ཡ་མཚན་ཅན་གྱི་ལྟ་བ་གོ་དྲུག་དང་བརྒྱ་རྩ་བཅུ་དང་སུམ་བརྒྱ་ནི་གསུམ་འདོད་སོགས་རྣམ་གྲངས་མང་ངོ༌། །
1 རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-29

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།