ཞང་ཀང་དང་ཨའོ་མོན་ཕྱིར་ལོག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱིས་ཞང་ཀང་གནད་དོན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གཉིས་ཀྱིས་ཨའོ་མོན་གནད་དོན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དེས། ཀྲུང་གོའི་ཞང་ཀང་དང་ཨའོ་མོན་གཉིས་ལ་བདག་དབང་སྤྱོད་པ་སླར་གསོ་བྱེད་པའི་གནད་དོན་དེ་ལེགས་པར་ཐག་བཅད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香港和澳门回归
ཕྱི་ཡིག་གི་མིང་།
The return of Hongkong and Macao
དུས་ཚོད།
སྤྱི་ལོ1997ལོའི་ཟླ7པའི་ཚེས1ཉིན། སྤྱི་ལོ1999ལོའི་ཟླ12པའི་ཚེས20ཉིན།
1 ​བརྒྱུད་རིམ།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བས། ཞང་ཀང་ཕྱིར་ལོག་པ་མཐུན་རྐྱེན་བསྐྲུན། ཡིན་ནའང་། ཞི་བས་ཐབས་ཀྱིས་ཞང་ཀང་གི་བདག་དབང་ཕྱིར་ལེན་དགོས་ན། ངེས་པར་དུ་ཀྲུང་གོ་དང་དབྱིན་ཇི། ཞང་ཀང་བཅས་ཕྱོགས་གསུམ་ཚང་མས་ཁས་ལེན་ཐུབ་པའི་འཆར་གཞི་ཞིག་ལག་ལེན་དུ་བསྟར་བ་རེད། སྤྱི་ལོ1982ལོར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཏེ་ལྕམ་མོ་ས་ཆིར་གྱིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཏེང་ཞའོ་ཕིང་གིས་ཞང་ཀང་གི་མདུན་ལམ་གྱི་གནད་དོན་ཁོ་མོ་དང་གྲོས་མོལ་གནང་སྟེ། ཞང་ཀང་གི་བདག་དབང་ཕྱིར་ལེན་པའི་སྐོར་གྱི་གནད་དོན་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འཆར་འགོད་སྤྱད་ནས་ཐག་བཅད་ཆོག་པ་ལས། དབྱིན་ཇིའི་བདག་དབང་དེ་སྐྱོང་དབང་དང་བརྗེ་བར་མི་འཐད་པ་བསྟན། མཇུག་མཐར་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་ཞང་ཀང་གི་གནད་དོན་ཐག་གཅོད་པར་གྲོས་བསྡུར་བྱེད་རྒྱུར་འཆམ་མཐུན་བྱུང་། སྤྱི་ལོ1984ལོའི་ཟླ12པར། ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་པེ་ཅིན་ནས་ཞང་ཀང་གི་གནད་དོན་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྟེང་དངོས་སུ་མིང་རྟགས་བཀོད། མཉམ་འབྲེལ་གསལ་བསྒྲགས་ལས་ཀྲུང་གོ་སྲིད་གཞུང་གིས་སྤྱི་ལོ1997ལོའི་ཟླ7པའི་ཚེས1ཉིན་ནས་བཟུང་ཞང་ཀང་དུ་བདག་དབང་སྤྱོད་པ་སླར་གསོ་བྱེད་པ་གཏན་ལ་ཕབ་པ་དང་། དབྱིན་ཇི་སྲིད་གཞུང་གིས་དུས་ཐོག་ཏུ་ཞང་ཀང་ཀྲུང་གོར་སྤྲོད་པ་གསལ་བསྒྲགས་བྱེད་རྒྱུ་ཁྱབ་བསྒྲགས་བྱས། མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དེས། མེས་རྒྱལ་གཅིག་གྱུར་མངོན་འགྱུར་ལས་དོན་ཆེན་པོ་དེ་མདུན་དུ་གོམ་ཆེན་ཞིག་སྤོས་པ་མཚོན།

2 མཇུག་འབྲས།

སྤྱི་ལོ1997ལོའི་ཟླ7པའི་ཚེས1ཉིན། ཀྲུང་གོའི་དངོས་སུ་ཞང་ཀང་ལ་བདག་དབང་སྤྱོད་པ་སླར་གསོ་བྱས་ཤིང་། མཐར་ཐུག་ཞང་ཀང་རླབས་ཆེ་བའི་མེས་རྒྱལ་གྱི་པང་དུ་ལོག སྤྱི་ལོ1999ལོའི་ཟླ12པའི་ཚེས20ཉིན། ཀྲུང་གོའི་དངོས་སུ་ཨའོ་མོན་ལ་བདག་དབང་སྤྱོད་པ་སླར་གསོ་བྱས་ནས། ཨའོ་མོན་ཡང་མེས་རྒྱལ་གྱི་པང་དུ་ལོག 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-31

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།