ཙུན་དབྱི་གྲོས་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙུན་དབྱི་གྲོས་ཚོགས་ཀྱིས་སྟོབས་ཤུགས་གཅིག་གྱུར་སྒོས་སྐབས་དེར་ཐག་གཅོད་ཀྱི་དོན་སྙིང་ལྡན་པའི་དམག་དོན་དང་རྩ་འཛུགས་ཐད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་པ་ནི་རྦད་དེ་ཡང་དག་པ་ཡིན། ཐེངས་དེའི་གྲོས་ཚོགས་ནས་བཟུང་བློ་མཐུན་མའོ་ཙེ་ཏུང་གཙོ་ཡིན་པས་ཀྲུང་དབྱང་གི་མགོ་ཁྲིད་གསར་བ་བཙུགས་པ་དང་། ཀྲུང་གོའི་ཏང་ནང་གི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འགྱུར་མཚམས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
遵义会议
ཕྱི་ཡིག་གི་མིང་།
Zunyi Conference
དུས་ཚོད།
སྤྱི་ལོ1935ལོའི་ཟླ1པོ།
1 བརྗོད་བྱ།

སྤྱི་ལོ1935ལོའི་ཟླ1པར། ཀྲུང་གུང་ཀྲུང་དབྱང་གིས་ཙུན་དབྱི་ནས་ཆབ་སྲིད་ཅུའུ་ཡི་རྒྱས་འཛོམ་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྟོབས་ཤུགས་གཅིག་བསྡུས་བྱས་ནས་པའོ་ཀུའུ་སོགས་ཀྱི་དམག་དོན་དང་རྩ་འཛུགས་ཐད་ཀྱི་གཡོན་ལྷུང་ནོར་འཁྲུལ་ཡོ་བསྲང་བྱས་པ་དང་། མའོ་ཙེ་ཏུང་གི་ཡང་དག་པའི་དམག་དོན་བཞེད་དགོངས་ཁས་བླངས་ནས། མའོ་ཙེ་ཏུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་དུ་བདམས་པ་དང་། པའོ་ཀུའུ་དང་ལི་ཏེ་ཡི་དམག་དོན་ཐད་ཀྱི་ཆེས་མཐོའི་བཀོད་འདོམས་དབང་ཆ་བླངས།    

2 དོན་སྙིང་།

ཙུན་དབྱི་གྲོས་ཚོགས་སྟེང་ཝང་མིང་གི་གཡོན་ལྷུང་ནོར་འཁྲུལ་གྱིས་ཀྲུང་དབྱང་དབང་དུ་བསྒྱུར་བ་དེ་མཇུག་བསྒྲིལ་བར་བྱས་ཤིང་། དོན་དངོས་ཐོག་མའོ་ཙེ་ཏུང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གསར་བའི་ཡང་དག་གི་མགོ་ཁྲིད་དངོས་སུ་ཚུགས་པ་རེད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐེངས་དང་པོར་རང་ཚུགས་རང་བདག་གིས་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་སྤྱད་དེ་རང་ཉིད་ཀྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོགས་ཐག་བཅད་པ་དང་། འོས་འཚམ་སྒོས་ཏང་ནང་ཡུན་རིང་དུ་གནས་པའི་ཕྱོགས་འགལ་སེལ་བས། ཀྲུང་གོ་གུང་ཁྲན་ཏང་དེ་བྱིས་བློའི་ངང་ཚུལ་ནས་བསམ་ཤེས་སུ་གྱུར་བའི་མཚོན་རྟགས་ཤིག་ཡིན། ཐེངས་དེའི་གྲོས་ཚོགས་ཀྱིས་ཉེན་ཁ་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་ཏང་དང་དམར་དམག གསར་བརྗེ་སོགས་བསྐྱབས་པས། ཏང་གི་ལོ་རྒྱུས་ཐོག་ཤི་གསོན་ཆགས་འཇིག་ལ་ཐུག་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་ཏུ་གྱུར། ཙུན་དབྱི་གྲོས་ཚོགས་ཀྱི་རྗེས་སུ། དམར་དམག་ལེགས་སྒྲིག་བྱས་པའི་འཐབ་འཛིང་གི་ནུས་ཤུགས་མཐོ་རུ་ཕྱིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-08-03

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།