མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིག་པ་དང་མཚན་ཉིད་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྔ་བཞིའི་ལས་འགུལ་གྱི་རྗེས་སུ། ཡར་ཐོན་ཅན་གྱི་ལོ་རྒྱུས་རིག་པ་བ་ཁ་ཤས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་དངོས་གཙོའི་ལོ་རྒྱུས་ཀྱི་ལྟ་བ་སྤྱད་ནས་ཀྲུང་གོའི་ལོ་རྒྱུས་ལ་ཞིབ་འཇུག་དང་། ཀྲུང་གོའི་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་གནང་མགོ་བརྩམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马克思主义的历史学和哲学
ཕྱི་ཡིག་གི་མིང་།
History and philosophy of Marx doctrine
མི་སྣ།
ལི་ཏ་ཀྲའོ། ཀུའོ་མོ་རུའོ།
1 ངོ་སྤྲོད། 

ལྔ་བཞིའི་ལས་འགུལ་གྱི་རྗེས་སུ། ཡར་ཐོན་ཅན་གྱི་ལོ་རྒྱུས་རིག་པ་བ་ཁ་ཤས་ཀྱིས་མར་ཁེ་སི་རིང་ལུགས་ལ་འཚོལ་ཞིབ་བྱེད་མགོ་བརྩམས། ལོ་ཏ་ཀྲའོ་ནི་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིག་པའི་སྲོལ་འབྱེད་མཁན་ཡིན། ཁོང་གི་ལོ་རྒྱུས་རིག་པའི་གནད་བཤད་ནི་རང་རྒྱལ་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིག་པའི་སྤྱི་བཤད་དང་པོ་ཡིན་ལ། ཀུའོ་མོ་རུའོ་ཡི་ཀྲུང་གོའི་གནའ་རབས་སྤྱི་ཚོགས་ཞིབ་འཇུག་ནི་མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་གནའ་རབས་སྤྱི་ཚོགས་ལ་དབྱེ་ཞིབ་བགྱིས་པའི་ལོ་རྒྱུས་རིག་པའི་གསུང་རྩོམ་དང་པོ་ཡིན། དེ་ལས་གཞན་ཧྥན་ཝུན་ལན་དང་། ལིའུ་ཀྲེན་ཡུས། ཅན་པོ་ཙན། ཧོའུ་ཝའེ་ལུའུ་སོགས་ཀྱང་སྐད་གྲགས་ཆེ་བའི་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིག་པ་བ་ཡིན་པ་དང་། ཁོང་རྣམ་པས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ཀྱི་ལོ་རྒྱུས་རིག་པ་གསར་གཏོད་དང་གོང་དུ་སྤེལ་བར་མཛད་རྗེས་བཞག ལྔ་བཞིའི་ལས་འགུལ་གྱི་སྔ་རྗེས་སུ། མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་དེ་ཀྲུང་གོར་ཁྱབ་སྤེལ་བྱུང་མགོ་བརྩམས་པ་དང་། མྱུར་དུ་ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློའི་མཛུབ་སྟོན་དུ་གྱུར། ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་གནང་མཁན་གྲས་ཀྱི་ལི་ཏ་ཀྲའོ་ཡིས་དེ་སྔ་ལྔ་བཞིའི་ལས་འགུལ་གྱི་དུས་སྐབས་སུ། བདག་གི་མར་ཁེ་སི་རིང་ལུགས་ཀྱི་ལྟ་ཚུལ་བྱ་བའི་རྩོམ་ཡིག་གྲགས་ཅན་སྤེལ་ཏེ། མར་ཁེ་སི་རིང་ལུགས་ཀྱི་ལྟ་ཚུལ་ཁ་ཤས་མཚམས་སྦྱོར་བྱས། ལོ་རབས20པར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་སྔ་མའི་མགོ་ཁྲིད་པ་ཆུས་ཆིའུ་པའེ་ཡིས་རྩོམ་ཡིག་མང་པོ་བྲིས་ཏེ་མར་ཁེ་སི་རིང་ལུགས་ཀྱི་དངོསམགཙོའི་རྩོད་སྒྲུབ་རིག་པའི་གཞུང་ལུགས་རྒྱུད་རིམ་ལྡན་པའི་སྒོ་ནས་མཚམས་སྦྱོར་བྱས། སྤྱི་ལོ1937ལོར། མའོ་ཙེ་ཏུང་གིས་ལག་ལེན་གྱི་རྣམ་བཤད་དང་འགལ་བའི་རྣམ་བཤད་སྤེལ་ཏེ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་ཀྱི་རྣམ་བཤད་དང་རྩོད་སྒྲུབ་རིག་པ་གོང་དུ་སྤེལ་བ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-31

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།