ཆིབས་བསྒྱུར་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལོ་ལྟར་བོད་ཟླ་བཞི་པའི་ནང་ཚེས་ཆ་བཟང་བ་ཞིག་ལ་ཏཱ་ལའི་བླ་མ་མཆོག་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་སྔར་སྲོལ་བདུད་རྩི་སྨན་ཆབ་ཀྱི་འཕྲོད་བཞེས་སུ་ཆིབས་བསྒྱུར་གནང་སྲོལ་ཡོད་པ་དེ་ཡིན་ཅིང༌། དེའི་མཛད་རིམ་ནི་སྔ་དྲོ་རྩེ་ཕོ་བྲང་ནས་འཛོམས་བརྡ་མ་བཏང་ཙམ་ལ་གཟིམ་དྲེལ་ཞལ་ངོ་དང་ལག་དོ་བཅས་གྱོན་པ་སྣམ་སེར་ཐིག་གཟིག་ལྤགས་གོང་སྦྱར་གཟབ་མཆོར་གྱིས་སྐུའི་ཉེར་ཆས་གདན་ཞུའི་གཟིམ་སྐམ་གསེར་དངུལ་ལྟིར་ཚག་ཕྲ་ལྡན་ཤན་བཅས་ཡོད་པའི་གཟིམ་དོད་རྣམས་ཆིབས་བསྒྱུར་གོང་ཚུད་ཐོན་དགོས་པ་དང༌། ཆིབས་ཞབས་སུ་གུང་བཀའ་བློན་ནས་དྲུང་གཏོགས་ཡན་གྱི་གཏན་བཞུགས་དྲུང་རིགས་སེར་སྐྱ་ཡོངས་རྫོགས་དང༌། སེ་འབྲས་དགའ་གསུམ་གྱི་སྤྲུལ་སྐུ་ཆེ་ཁག་དང་འབྲིང་ཁག་ཡོངས་རྗོགས་དང༌། དེ་བཞིན་མཁན་པོ་ལས་སྣེ། ཧར་གདོང་དང་བསམ་བློ་ཁང་ཚན་དགེ་རྒན་སོགས་རང་རང་གོ་བབས་གྱོན་ཆས། ཞྭ་ལས་གོས་གཟབ་མཆོར་ལྡན་པ་དང་བཅས་ཆིབས་ཞབས་སུ་བཅར་བའི་སྐབས་ཕེབས་གདོང་ལག་སྟོད་པ་ནས་རྟ་ཐོག་སྲིད་པ་ཧོ་དང༌། རྟ་དར་གྲངས་མང༌། གར་རོལ་བ། སྐུའི་གཟིམ་འཇོ་གདན་ཞུའི་ཆིབས་ཆེན་རྟི་སྦི་ལྕགས་རྣམས་ལ་གསེར་སྐ་ལྕགས་དཀྲོལ་གོང་དོམ་སོགས་ཆ་ཚང་སྔར་གྱིགསེར་ཚག་རྙིང་མ་ཕྲ་ལྡན་ཞེ་ཅིག་བརྒྱབ་པའི་ཐོག་སྐུའི་གཟིམ་འབོག་དང༌། གཟིམ་ཁེབས། ཧོར་གོས་སྟག་ཤུན་དང༌། ཧོར་སྤུ་མ་འཛར་ལྡན། གཟིམ་སྡེམ་གསེར་ཚག་ཕྲ་ལྡན་གྱི་ཐ་ཐོར་ར། དེ་བཞིན་འཇའ་ས་གསེར་ཐམ་ཡོདཔའི་གཟིམ་སྒམ་རྣམས་གཟིམ་འགག་བར་དྲུང་ཆེ་དང༌། དེ་ནས་ཤོད་དྲུང་ཞབས་གསར་བ་ནས་ཆིབས་སྟེང་བར་རྒྱབ་འཁུར་གདན་ཞུ་དང་འབྲེལ་ཆིབས་འཁྲིད་ཞུས། བཀའ་ཤག་ཤོད་པས་རྟ་ལམ་སྐོར་མོའི་ཐུར་བབས་མཚམས་ནས་ཆིབས་ཧྲག་གྲལ་ཐོ་ཀློག་པ་ནང་གསལ་ལྟར་གདན་གསུམ་བླ་ལས་དང༌། རྩེ་སྐོར་གཞུང་ཞབས་རྣམས་ཕེབས་གདོང་དུ་བསྟར་བསྒྲིགས་ཀྱིས་བཅར། གོང་ས་མཆོག་ཕེབས་བྱམས་ཆེན་མོར་ཆིབས་བསྒྱུར་སྐབས་ཕེབས་བྱམས་འགོ་པ་དང༌། ཕེབས་བྱམས་གདན་ཞུ་བ། ཕེབས་གདོང་བྱང་འཐེན་པ། དམག་སྐར་ཁག་གི་ཞལ་ངོ༌། ཕེབས་མཇུག་ཏུ་སྲིད་བློན་དང༌ཡོངས་འཛིན་རྣམ་གཉིས། ཕེབས་བྱམས་ཀྱི་ཟུར་བཞིར་བཀའ་བློན་རྣམ་པ་དང་སྐུ་སྲུང་མདའ་དཔོན། སྐུའི་ཉེ་འཁྲིད་དུ་ཤོད་སྐོར་ཡོངས་རྫོགས་བཅས་བསྟར་བསྒྲིགས་དང༌། ཆིབས་ཧྲག་གི་གཡས་གཡོན་དུ་རྩེ་མཁན་མགྲོན་ཆེ་བ་དང༌། རྩེ་མགྲོན། རྩེ་གཟིམ་འགག་སོགས་ནས་ཆིབས་ཧྲག་ལ་ལྟ་རྟོགས་ཀྱི་བཀོད་བྱུས། ཕེབས་ལམ་གཡས་གཡོན་དུ་གླིང་ཕན་ཚུན་གྱི་དགེ་འདུན་རྣམས་ནས་སེར་སྦྲེང་མཚར་དུ་དངར་བ། བྲོ་པ་གཞས་མའི་སྡེ་ཁག དཔའ་བོ། དཔའ་མོ། སྣང་རྩེ་བཀྲ་ཤིས་ཞོལ་པ་བཅས་ནས་གུས་བཏུད་ཀྱི་བསྟར་བསྒྲིགས་ཐོག་གླུ་དབྱངས་ལེན། སྲུང་སྐྱོབ་དམག་སྒར་ཁག་གི་འགོ་དམག་རྣམས་ཕེབས་ལམ་བསྟར་བསྒྲིགས། དམག་སྤྱི་དང༌། མདའ་དཔོན་སོ་སོའི་བརྡ་བསྟུན་གུས་བཏུད་ཞུས། མི་དམངས་གྲངས་ལས་འདས་པ་གཟབ་མཆོར་གྱི་ཞལ་མཇལ་དང་འབྲེལ་སྤོས་བསང་ཀྱི་དུད་པའི་ལྷ་ལམ་དཀྲིགས། ཕེབས་ལམ་དུ་གད་བདར་གཙང་མའི་སྟེང་གཡས་གཡོན་དུ་རྡོ་དཀར་གྱི་བསྟར་ཕྲེང་དང༌། ས་ཐིག་དཀར་སེར་ཉིས་གཤིབས། དབུས་སུ་གཡུང་ལག་དང༌། རྟགས་བརྒྱད་སོགས་བཀྲ་ཤིས་རི་མོས་ཕྱུག་པ་བྱས་པའི་ཐོག གོང་ས་ཆེན་པོ་མཆོག་སྐུ་འཁོར་དང་བཅས་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་ཞབས་སོར་བདེ་འཁོད་ཀྱིས་ཉི་འོད་དུ་དྲུང་བཞེས་ཐོག་ཕེབས་སྟོན་དཀར་སྤྲོ་དང་འབྲེལ་བའི་ཚང་མར་མཇལ་ཁ་བསྩལ་ཏེ་མཛད་སྒོ་གྲོལ། ནོར་གླིང་ཕོ་བྲང་གི་ཕྱི་རོལ་དུ་གླུ་གར་བ་ཚང་མས་ཞལ་ཕུད་གཟིགས་འབུལ་ཞུས་ཏེ་རང་ཁུངས་སོ་སོར་ཕྱིར་ལོག་འགྲོ་བ་བཅས་དེ་ཉིན་མཛད་སྒོ་གྲོལ།
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།