ཆད་མཐའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆད་མཐའ་འཇོག་ཚུལ་གྲུབ་མཐའ་སྨྲ་བ་རྣམས་མི་འདྲ་བས་དབུ་མ་རང་རྒྱུད་པ་དང༌། སེམས་ཙམ་པ། མདོ་སྡེ་པ། བྱེ་བྲག་སྨྲ་བ་རྣམས་ཀྱི་གང་ཟག་གོ་ཞེས་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་གང་ཟག་ཕུང་པོ་དང་གཅིག་དང་ཐ་དད་ཕུང་པོ་རེ་རེ་བ་དང༌། ཚོགས་པ་དང༌། ཕུང་པོ་དང་འབྲེལ་མེད་དོན་གཞན་གང་ཡིན་བཙལ་ནས་གང་ཟག་གི་མཚན་གཞི་ཞིག་རྙེད་རྒྱུ་མེད་ན་གང་ཟག་མེད་པར་ཐལ་བས། དེ་ལྟར་ཁས་བླངས་ན་ཆད་མཐའ་ལ་གནས་པར་ཁས་བླངས་པ་ཡིན། བྱེ་བྲག་སྨྲ་བ་ནས་རང་རྒྱུད་པའི་བར་གྱིས་རང་བཞིན་གྲུབ་པ། ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། བདེན་པར་གྲུབ་པ། བཏགས་དོན་བཙལ་ནས་རྙེད་རྒྱུ་ཡོད་པ་རྣམས་ཁས་བླངས་ཅིང༌། ཐལ་འགྱུར་བས་དེ་འདྲ་མེད་པར་ཁས་བླངས་པ་ཡིན།
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།