ཉལ་ཐའི་དམག་འཁྲུག་ཐེངས་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1856ལོའི་སྟོན་ཀར། དབྱིན་ཇིའི“ཡ་ལུའོ”རྟགས་ཅན་གྱི་གྲུ་གཟིངས་ཀྱི་དོན་རྐྱེན་ལ་ཁ་གཡར་ནས། མངོན་སུམ་འཛེམ་མེད་དུ་དམག་གྲུ་དྲངས་ནས་ཀོང་ཀྲོའུ་མཁར་ལ་བཙན་འཛུལ་བྱས། ཧྥ་རན་སིས་མ་ཧྲིན་ཧྥུའུ་དོན་རྐྱེན་ལ་ཁ་གཡར་ནས་དབྱིན་ཇི་དང་མཉམ་དུ་དམག་འདྲེན་པར་ཡིད་འཐད་བྱུང་སྟེ། དབྱིན་ཇི་དང་ཧྥ་རན་སིས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་ཀུན་ནས་བསླངས། ཐེངས་དེའི་བཙན་འཛུལ་དམག་འཁྲུག་ནི་དོན་དངོས་སུ་ཉལ་ཐའི་དམག་འཁྲུག་གི་མཇུག་མཐུད་ཡིན་པས། དེར“ཉལ་ཐའི་དམག་འཁྲུག་ཐེངས་གཉིས་པ”ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
第二次鸦片战争
ཕྱི་ཡིག་གི་མིང་།
Second Opium War
ས་གནས།
ཀོང་ཀྲོའི་མཁར།
དུས་ཚོད།
སྤྱི་ལོ1857ལོའི་ཟླ་12པ།
1 ​རྒྱབ་ལྗོངས།

ཀྲུང་གོ་ནང་ཁུལ་ནས་ཁེ་ཕན་མཐོ་རུ་འདེགས་ཆེད།དབྱིན་ཇི་དང་ཨ་མེ་ར་ཁ།ཧྥ་རན་སི་གསུམ་གྱིས་ཆིངས་ཡིག་དག་བཅོས་བྱེད་དགོས་པའི་རེ་བ་བཏོན།འོན་ཀྱང་ཆིང་སྲིད་གཞུང་གིས་ཁས་མ་བླངས།

2 དུས་ཚོད།

སྤྱི་ལོ1856ལོའི་ཟླ10བ་ནས་སྤྱི་ལོ1860ལོའི་བར།དབྱིན་ཧྥ་མཉམ་འབྲེལ་གྱིས་ཉལ་ཐའི་དམག་འཁྲུག་ཐེངས་གཉིས་པ་བསླངས་འགོ་བརྩམས།སྤྱི་ལོ1860ལོར།དབྱིན་ཧྥ་མཉམ་འབྲེལ་དམག་གིས་པེ་ཅིན་ལ་བཙན་འཛུལ་བྱས་ཏེ་ཡོན་མིན་གླིང་ག་མེར་བསྲེགས།

3 མཇུག་འབྲས།

1 སྤྱི་ལོ1858ལོའི་སྔ་གཞུག་དུ་བཙན་ཤེད་གྱིས་ཆིང་སྲིད་གཞུང་ལ་རང་རང་ས་ནས་ཐེན་ཅིན་ཆིངས་ཡིག་བཞག་པ་དང་།  དེའི་ནང་དོན་གཙོ་བོ་ལ་ཕྱི་རྒྱལ་གྱི་གཞུང་ཚབ་པ་པེ་ཅིན་དུ་བཅའ་སྡོད་བྱེད་ཆོག་པ།  ཉིའུ་ཀྲོང་དང་། ཏན་ཧྲུའེ། ཧན་ཁོའུ། ནན་ཅིན་སོགས་གྲུ་ཁ10ཡི་སྒོ་འབྱེད་པ།  ཕྱི་རྒྱལ་གྱི་དམག་གྲུ་དང་ཚོང་གྲུ་འབྲི་ཆུའི་གྲུ་ཁ་སོ་སོ་རུ་རང་མོས་ངང་བསྐྱོད་ཆོག་པ།  ཕྱི་གླིང་བ་ཀྲུང་གོའི་ནང་ལོགས་ས་ཁུལ་དུ་ཡོང་ནས་ཡུལ་སྐོར་དང་ཚོང་གཉེར། ཆོས་སྤེལ་སོགས་བྱེད་ཆོག་པ།

2 སྤྱི་ལོ 1860ལོར་དབྱིན་ཧྥ་མཉམ་འབྲེལ་དམག་གིས་ཡང་བསྐྱར་བཙན་ཤེད་ཀྱིས་ཆིང་སྲིད་གཞུང་ལ་པེ་ཅིན་ཆིངས་ཡིག་བཞག   དེའི་ནང་དོན་ལ་ཆིང་སྲིད་གཞུང་གིས་ཐེན་ཅིན་ཆིངས་ཡིག་གི་གོ་ཆོད་ཁས་ལེན་པ།  ཐེན་ཅིན་ཚོང་འགྲུལ་གྲོང་ཁྱེར་དུ་ཁ་སྣོན་པ། ཅིའུ་ལུང་སིའི་མངའ་ཁོངས་ཀྱི་ཁུལ་གཅིག་སིལ་བུར་བཅད་ནས་དབྱིན་ཇིར་སྤྲོད་པ། ཀྲུང་གོའི་ལས་བཟོ་བ་རྒྱལ་ཁབ་ཕྱི་ལ་འགྲོ་ཆོག་པ། དབྱིན་ཧྥ་རྒྱལ་ཁབ་གཉིས་ལ་སྤྲོད་པའི་གསབ་དངུལ་དངུལ་སྒོར་སྲང་ས་ཡ8རེར་འཕར་བ།

3 ཨ་མེ་རི་ཁ་དང་ཨུ་རུ་སུ་གཉིས་ཀྱིས་ཆིང་སྲིད་གཞུང་ལ་བཙན་གྱིས་འདྲ་མཉམ་མིན་པའི་ཆིངས་ཡིག་གང་མང་བཞག  ཨུ་རུ་སུའི་སྐབས་དེ་དང་བསྟུན་ནསཀྲུང་གོའི་བྱང་རྒྱུད་ས་ཁུལ་གྱི་ས་མང་པོ་ཞིག་བཙན་འཕྲོག་བྱས།

4 ཤུགས་རྐྱེན།

ཀྲུང་གོའི་མི་སེར་སྤེར་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་ཅན་དུ་འགྱུར་ཚུལ་སྔར་ལས་ཇེ་མགྱོགས་སུ་བཏང་།ཀྲུང་གོའི་མངའ་ཁོངས་ཀྱི་ས་ཆ་རྒྱ་ཆེན་པོའི་བདག་དབང་ཤོར་བར་མ་ཟད། ཆིང་རྒྱལ་རབས་ཀྱི་དབང་སྒྱུར་མཁན་ཚོའི་ཕྱི་གླིང་བཙན་འཛུལ་བར་རྒྱབ་རྟེན་བཅོལ་བས། ཁོ་ཚོ་ཕྱི་གླིང་བའི་ཟུར་གཏོགས་རྒྱལ་ཁབ་དང་ལག་ཆར་གྱུར་མགོ་ཚུགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-10

གསར་སྤེལ་མཁན། :ཁྲི་དཀོན་མཆོག་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།