རྒྱལ་སྤྱིའི་མནའ་འབྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྤྱིའི་མནའ་འབྲེལ་ནི་འཁྲུག་ཆེན་དང་པོའི་རྗེས་ནས་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། མིང་གཞན་ལ་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པ་དང་བསྡུས་མིང་ལ་རྒྱལ་འབྲེལ་ཡང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国际联盟
ཕྱི་ཡིག་གི་མིང་།
League of Nations
1 ​ངོ་སྤྲོད།

རྒྱལ་སྤྱིའི་མནའ་འབྲེལ་ནི་འཁྲུག་ཆེན་དང་པོའི་རྗེས་ནས་བཙུགས་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། མིང་གཞན་ལ་རྒྱལ་སྤྱིའི་མཉམ་འབྲེལ་ཚོགས་པ་དང་བསྡུས་མིང་ལ་རྒྱལ་འབྲེལ་ཡང་ཟེར། སྤྱི་ལོ1920ལོར་དངོས་སུ་བཙུགས་པ་དང་སྔ་ཕྱིར་རྒྱལ་ཁབ63བཞུགས་ཤིང་སྤྱི་ཁྱབ་པུའུ་སུའེ་ཙེར་གྱི་ཇེ་ནེ་ཝེ་རུ་བཙུགས་ཡོད། ཨ་རིའི་ཙུང་ཐུང་ཝིས་སོན་གྱིས་ཧུར་ཐག་གིས་རྒྱལ་སྤྱིའི་མནའ་འབྲེལ་དར་སྤེལ་དུ་བཏང་རུང་། ཕ་རི་སི་ཚོགས་ཆེན་གྱི་མཇུག་འབྲས་ཨ་རིར་མི་ཕན་པས་གྲོས་ཁང་གིས་ཆིངས་ཡིག་ལ་མིང་རྟགས་མ་བཀོད་པ་མ་ཟད། མནའ་འབྲེལ་ལའང་མ་ཞུགས། དེར་བརྟེན་མནའ་འབྲེལ་ལ་དབྱིན་ཧྥ་གཉིས་ཀྱིས་ཚོད་འཛིན་བྱས་པ་དང་། དེ་ནི་བཙན་རྒྱལ་རིང་ལུགས་ཀྱི་འགེབས་སྲུང་གལ་ཆེན་ཞིག་ཡིན། སྤྱི་ལོ1946ལོའི་ཟླ4པའི་ཚེས19ཉིན་འཐོར་ལ་དེའི་རྒྱུ་ནོམ་དང་ཡིག་ཆ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཉེར་བ་རེད། 

བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། འཛམ་གླིང་ལོ་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།