ངོ་ཚ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ངོ་ཚ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཡུལ་སྲོལ། )

ཁྲེལ་དང་ངོ་ཚ་ནི་འཇིག་རྟེན་མིའི་རིགས་ཚང་མས་བརྩི་སྲུང་བྱ་དགོས་པ་ཞིག་ཡིན་པ་ལྟར་བོད་རིགས་སྤྱི་དང་ལྷག་པར་འབྲོག་ཡུལ་གྱི་མི་སྡེ་དག་གིས་དོ་སྣང་ཧ་ཅང་ཆེན་པོའི་སྒོ་ནས་བརྩི་བསྲུང་བྱེད་ཀྱི་ཡོད་པ་རེད། ཁོ་བོའི་མཐོང་ཕྱོགས་སུ་འཇིག་རྟེན་མིའི་རིགས་ཚང་མས་ཁྲེལ་དང་ངོ་ཚ་ལ་འཛེམ་བག་བྱེད་ཀྱིན་ཡོད་པའི་གནས་ཚུལ་འདྲ་བར་སྣང་ཡང་ཡུལ་གྲུ་སོ་སོ་དང་མི་རིགས་སོ་སོའི་སྤྱོད་ཚུལ་དང་གོམས་གཤིས་སོགས་རྣམ་པ་ཐ་དད་པ་མང་དུ་ཡོད་པར་བརྟེན། གང་ཞིག་ཁྲེལ་དང་ངོ་ཚའི་གཞི་ཡིན་པ་དང་། གང་ཞིག་བག་ཡོད་ཡ་རབས་ཀྱི་སྤྱོད་གཞི་ཡིན་པ་སོགས་གཞི་རྩ་ངོས་འཛིན་སྟངས་ཀྱང་མི་འདྲ་བར་ཡོད་པར་སེམས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
害羞(害臊)
རིགས་དབྱེ།
ཡུལ་སྲོལ།
1 ངོ་སྤྲོད།

ཁྲེལ་དང་ངོ་ཚ་ནི་འཇིག་རྟེན་མིའི་རིགས་ཚང་མས་བརྩི་སྲུང་བྱ་དགོས་པ་ཞིག་ཡིན་པ་ལྟར་བོད་རིགས་སྤྱི་དང་ལྷག་པར་འབྲོག་ཡུལ་གྱི་མི་སྡེ་དག་གིས་དོ་སྣང་ཧ་ཅང་ཆེན་པོའི་སྒོ་ནས་བརྩི་བསྲུང་བྱེད་ཀྱི་ཡོད་པ་རེད། ཁོ་བོའི་མཐོང་ཕྱོགས་སུ་འཇིག་རྟེན་མིའི་རིགས་ཚང་མས་ཁྲེལ་དང་ངོ་ཚ་ལ་འཛེམ་བག་བྱེད་ཀྱིན་ཡོད་པའི་གནས་ཚུལ་འདྲ་བར་སྣང་ཡང་ཡུལ་གྲུ་སོ་སོ་དང་མི་རིགས་སོ་སོའི་སྤྱོད་ཚུལ་དང་གོམས་གཤིས་སོགས་རྣམ་པ་ཐ་དད་པ་མང་དུ་ཡོད་པར་བརྟེན། གང་ཞིག་ཁྲེལ་དང་ངོ་ཚའི་གཞི་ཡིན་པ་དང་། གང་ཞིག་བག་ཡོད་ཡ་རབས་ཀྱི་སྤྱོད་གཞི་ཡིན་པ་སོགས་གཞི་རྩ་ངོས་འཛིན་སྟངས་ཀྱང་མི་འདྲ་བར་ཡོད་པར་སེམས་སོ།། དེ་ཡང་དཔེར་ན་འབྲོག་མིའི་བཟའ་ཚོ་གཅིག་ལ་མཚོན་ན། བཟའ་ཚོ་དེའི་ཕ་མ་སོགས་རྒན་རིམ་དག་གིས་ཐོས་ཡུལ་དུ་བུ་དང་བུ་མོ་དག་གིས་རང་གཞན་སུ་ལའང་ཁྱོ་ཤུག་བརྩེ་དགའི་ཀྱལ་ཀ་དང་ཀུ་རེ་སོགས་བྱེད་སྲོལ་མེད་ཅིང་། དེ་དང་འདྲ་བ་མིང་སྲིང་ལྷན་དུ་གནས་པའི་དྲུང་དུའང་སུས་ཀྱང་ཁྱོ་ཤུག་གི་གཏམ་གླེང་སོགས་ངོ་ཚ་འོས་པའི་གླེང་མོལ་བྱེད་སྲོལ་མེད་པ་རེད། གལ་ཏེ་མི་ཞིག་གིས་ངོ་ཚར་མ་འཛེམས་པར་རང་སྣང་གང་དྲན་བྱུང་རྒྱལ་དུ་བཤད་པ་ཡིན། དེར་ཡོད་ཀྱི་མིང་སྲིང་དག་ཁོང་ཁྲོ་བའམ། ཡང་ན་གཏམ་གྱི་གྲལ་ནས་ཐོན་ཏེ་ཕྱོགས་སོ་སོར་འགྲོ་བ་དང་། མི་དེའི་བྱ་བ་ནི་ངོ་ཚ་བསྲེ་ཞེས་བྱ་བ་ཧ་ཅང་ངན་པར་བརྩི་ཞིང་། སླད་ཕྱིན་ཆད་བཟའ་ཚོ་དེའི་བུ་དང་བུ་མོ་དག་གིས་ངོ་ཚ་བྲལ་བའི་མི་དེ་དང་གཏམ་གྱི་འབྲེལ་བ་དེ་ཙམ་བྱེད་སྲོལ་མེད་པ་རེད།

འབྲོག་མིའི་གཉེན་ཉེ་ཁྱོ་ཤུག་གི་འབྲེལ་བ་ནི་ཕྱོགས་ཕན་ཚུན་གྱི་ཕ་མ་དག་གིས་འདུ་བྱེད་དགོས་ཤིང་། གལ་ཏེ་བུ་དང་བུ་མོ་དག་གིས་ཕྱོགས་ཕན་ཚུན་གྱི་ཕ་མའི་བཀའ་མ་ཁྲོལ་བར་རང་མོས་སུ་གཉེན་སྒྲིག་བྱས་པ་ཡིན་ན་བྱི་སྡོངས་ཞེས་བྱ་བ་ཁྲེལ་དང་ངོ་ཚ་མེད་པའི་སྤྱོད་ངན་ཞིག་ཏུ་འགྱུར་གྱི་ཡོད་པ་རེད།  འབྲོག་མི་དག་གིས་ཉེ་ཚན་ནི་མི་རབས་དྲུག་བརྒྱུད་ཀྱི་བར་དུ་བརྩི་ཞིང་། ཕན་ཚུན་གཉེན་སྒྲིག་བྱེད་འོས་པའང་མི་རབས་དྲུག་བརྒྱུད་ཀྱི་ཉེ་ཚན་མ་ཡིན་པ་ཞིག་དགོས་ཀྱི་ཡོད་པ་རེད། གལ་ཏེ་ཉེ་ཚན་འགའ་ཞིག་མི་རབས་དྲུག་བརྒྱུད་མ་བརྒལ་བའི་གོང་དུ་གཉེན་གསར་བྱས་པ་ཡིན་ན། དེ་ནི་ཐན་ཞེས་བྱ་བ་སྟེ་ངོ་ཚ་ཧ་ཅང་ཆེ་བར་བརྩི་ཞིང་། འབྲོག་མི་དག་གི་ལྷན་སྐྱེས་ཀྱི་བསམ་པར་སྤྱོད་ཚུལ་དེས་ནི་ཡུལ་ཁམས་དེར་བཀྲ་མི་ཤིས་པར་བྱེད་དེ། མི་ཕྱུགས་ལ་ནད་ཡམས་དང་གོད་ཁ་འབྱུང་བ་དང་། ངོ་ཚ་བསྲེས་པ་ལས་ཆད་པའི་མི་བརྒྱུད་དེ་ནི་ནལ་ཞེས་བྱ་བ་སྟེ་མིའི་རིགས་སྡུག་པོ་དང་མི་གཙང་བ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་རེད། འབྲོག་མི་དག་གིས་ལྷ་གསོལ་བྱེད་པའི་སྐབས་སུ་ནལ་གྱི་རིགས་ཅན་དག་གིས་བསངས་ཤིང་དང་བསངས་རྫས་འབུལ་མི་ཆོག་ཅིང་། གལ་ཏེ་ཕུལ་བ་ཡིན་ན་ཡུལ་ལྷ་ལ་མནོལ་གྲིབ་ཕོག་ནས་ཉམས་པར་འགྱུར་བ་དང་། འབྲོག་མིའི་ཕྲུ་གུ་བཙས་པའི་ཚེ་ནལ་གྱི་རིགས་ཅན་དག་དྲུང་དུ་འགྲོ་མི་ཆོག་པ་དང་ཕྲུ་གུ་ལ་ལག་པས་རེག་མི་ཆོག་ཅིང་། གལ་ཏེ་ཕྲུ་གུར་རེག་པ་ཡིན་ན། ཕྲུ་གུ་ལ་ནལ་གྲིབ་ཕོག་ནས་འཚོ་དཀའ་བའམ། ཡང་ན་ཕྲུ་གུའི་ངག་ལྐུགས་པའམ། རིག་པ་མི་གསལ་བ་སོགས་འགྱུར་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། མདོར་ན་ནལ་ཞེས་པ་དེ་མཚན་མ་ཧ་ཅང་ངན་པར་བརྩི་ཞིང་འབྲོག་མི་ཀུན་གྱིས་སྤང་བྱའི་གཞི་ཞིག་ཡིན་པར་བརྟེན། འབྲོག་ཡུལ་དེ་དག་ཏུ་ནལ་གྱི་མི་རྒྱུད་ནི་སྲིད་མཐའ་ཙམ་ལས་མེད་པའམ་ཤིན་ཏུ་དཀོན་པ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-02

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།