སི་ཕན་གྱི་ནང་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཕན་གྱི་ནང་འཁྲུག་ནི་སྤྱི་ལོ1936ལོ་ནས་སྤྱི་ལོ1939ལོའི་སི་ཕན་སྤྱི་མཐུན་སྲིད་གཞུང་གི་དམག་དཔུང་དང་ཧྥ་ཤི་སིའི་དམག་མིའི་བར་གྱི་དམག་འཁྲུག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西班牙内战
འཐབ་འཁྲུག་དུས་ཡུན།
སྤྱི་ལོ1936.7.17-1939.4.1
འཐབ་འཁྲུག་ལ་ཞུགས་པའི་ཕྱོགས་ཁག
སི་ཕན་སྤྱི་མཐུན་རྒྱལ་ཁབ་གཉིས་པ། སི་ཕན་གྱི་རྒྱལ་དམངས་དམག
མཇུག་འབྲས།
སི་ཕན་གྱི་རྒྱལ་དམངས་དམག་གིས་རྒྱལ་ཁ་བླངས།
1 ​ངོ་སྤྲོད།

སི་ཕན་གྱི་ནང་འཁྲུག་ནི་སྤྱི་ལོ1936ལོ་ནས་སྤྱི་ལོ1939ལོའི་སི་ཕན་སྤྱི་མཐུན་སྲིད་གཞུང་གི་དམག་དཔུང་དང་ཧྥ་ཤི་སིའི་དམག་མིའི་བར་གྱི་དམག་འཁྲུག་ཅིག་ཡིན།

སྤྱི་ལོ1936ལོའི་ཟླ2པའི་ཚེས16ཉིན་མི་དམངས་དཔུང་ཁག་ལ་འདེམས་བསྐོ་ལས་རྒྱལ་ཁ་ཐོབ་ནས་མཉམ་འབྲེལ་སྲིད་གཞུང་བཙུགས། ཟླ7པའི་ཚེས18ཉིན་སི་ཕན་གྱི་དམག་དཔོན་ཧྥུ་རན་ཁོས་ངོ་ལོག་ཟིང་འཁྲུག་བསླངས་པ་དང་། ཤི་ཐི་ལི་དང་མུ་སོ་ལི་ཉི་གཉིས་ཀྱིས་དམག20དཔུང་རོགས་སུ་བཏང་ནས་ངོ་ལོག་ལ་རྒྱབ་སྐྱོར་བྱས། རྒྱལ་སྤྱིའི་ཡར་ཐོན་ནུས་པའི་སི་ཕན་གྱི་མཉམ་འབྲེལ་སྲིད་གཞུང་ལ་སྣེ་ཁྲིད་པ་དང་རྒྱལ་སྤྱིའི་དཔུང་སྦྲེལ་རུ་ཁག་ས་སི་ཕན་མི་དམངས་དང་ལྷན་དུ་ཧྥ་ཤི་སིར་ངོ་རྒོལ་བྱས་པ་རེད། ཡིན་ཡང་། སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་དང་ཧྥ་རན་ཁོའི་དམག་དཔུང་བར་དྲག་ཞན་གྱི་ཧེ་བག་ཆེ་བ་ལ་སྤྱི་མཐུན་ཕྱོགས་ཀྱི་མི་ཡང་ངོ་ལོག་པར་གྱུར་བས། སྤྱི་ལོ1939ལོའི་ཟླ3པའི་ཚེས27ཉིན་མཱ་ཏི་ལི་དགྲ་ལ་ཤོར་ཞིང་སྤྱི་མཐུན་རྒྱལ་ཁབ་མགོ་རྟིང་སློག་ནས་ཧྥུ་རན་ཁོའི་སྒེར་གཅོད་དབང་བསྒྱུར་མགོ་བརྩམས་པ་རེད།


བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། འཛམ་གླིང་ལོ་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-11

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།