མཱར་ཝེ་ཡ་སི་གླིང་ཚོམས་ཀྱི་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཱར་ཝེ་ཡ་སི་གླིང་ཚོམས་ཀྱི་དམག་འཁྲུག
འཁྲུག་ཡུན་ཉིན74ལས་མེད་པའི་དབྱིན་ཇི་དང་ཨ་གན་ཐིང་གཉིས་ཀྱི་མཱར་གླིང་གི་དམག་འཁྲུག་དེ་ནི་དམག་བརྡ་མ་བཏང་བའི་དམག་འཁྲུག་ཅིག་དང་། དུས་རབས20པའི་དེང་རབས་ཅན་གྱི་དམག་འཁྲུག་ཐོག་མའང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马尔维纳斯群岛战争
འཐབ་འཁྲུག་དུས།
སྤྱི་ལོ1982ལོ།
འཐབ་འཁྲུག་ཞུགས་པའི་རྒྱལ་ཁབ།
དབྱིན་ཇི། ཨ་གན་ཐིང་།
མཇུག་འབྲས།
དབྱིན་ཇིས་རྒྱལ་ཁ་བླངས།
1 ​ངོ་སྤྲོད།

འཁྲུག་ཡུན་ཉིན74ལས་མེད་པའི་དབྱིན་ཇི་དང་ཨ་གན་ཐིང་གཉིས་ཀྱི་མཱར་གླིང་གི་དམག་འཁྲུག་དེ་ནི་དམག་བརྡ་མ་བཏང་བའི་དམག་འཁྲུག་ཅིག་དང་། དུས་རབས20པའི་དེང་རབས་ཅན་གྱི་དམག་འཁྲུག་ཐོག་མའང་ཡིན། 

མཱར་ཝེ་ཡ་སི་གླིང་ཚོམས་ཀྱི་དམག་འཁྲུག་ནི་སྤྱི་ལོ1982ལོར་དབྱིན་ཇི་དང་ཨ་གན་ཐིང་གཉིས་ཀྱིས་ནུབ་རྒྱ་མཚོའི་མཱར་ཝེ་ཡ་སི་གླིང་ཚོམས་ཀྱི་བདག་དབང་རྩོད་པའི་དམག་འཁྲུག་ཅིག་ཡིན། སྤྱི་ལོ1833ལོར་དབྱིན་ཇིས་གླིང་ཚོམས་འདི་བཟུང་རྗེས་དབྱིན་ཇི་དང་ཨ་གན་ཐིང་གཉིས་ཀྱིས་གྲོས་མོལ་གང་མང་བྱས་རུང་ཐག་གཅོད་མ་ཐུབ། ཟླ4བའི་ཚེས2ཉིན་ཨ་གན་ཐིང་གི་དམག4000ཐོག་མར་གླིང་ཚོམས་ལ་འབྱོར་བ་དང་། ཆའོ་ཀྲུ་ཡ་གླིང་ལྷོ་མ་བཟུང་ཞིང་དམག་འཁྲུག་བསླངས། ཚེས5ཉིན་དབྱིན་དམག་གིས་ནུབ་རྒྱ་མཚོ་ལྷོ་མར་དམག་དཔུང་བཏང་བ་དང་། ཟླ4བའི་ཚེས30ཉིན་མཱར་ཝེ་ཡ་སི་གློང་ཚོམས་མཐའ་བསྐོར་ནས་འཁྲུག་པ་དྲག་པོ་བརྒྱབ། ཟླ6པའི་ཚེས14ཉིན་དབྱིན་དམག་གིས་མཱར་ཝེ་གླིང་ཚོམས་ཀྱི་གྲོང་གཙོ་བོ་སི་ཐན་ཐི་གྲུ་ཁ་བཟུང་ནས་ཨ་གན་ཐིང་དམག་གི་རྒོལ་བ་ནས་བཀག་ཅིང་དམག་འཁྲུག་མཇུག་རྫོགས། ཐེངས་འདིར་དབྱིན་དམག1200དང་ཨ་གན་ཐིང་གི་དམག་ཁྲི1.37ལྷག་ཤི་རྨས་དང་བཙོན་འཇུག་བྱས་པ་རེད།


བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། འཛམ་གླིང་ལོ་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།