དགག་སྒྲུབ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགག་པ་དང་སྒྲུབ་པ་གཉིས་མདོ་སྡེ་པ་ལྟར་ན་རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བའི་ཆོས་དེ་དགག་པའི་མཚན་ཉིད། མཚན་གཞི་ནི་བུམ་པ་མི་རྟག་པ་དང་ནམ་མཁའ་ལྟ་བུའོ། ། དེ་ཡང་རང་དངོས་སུ་རྟོགས་པ་བློ་སྟེ་བུམ་པ་མི་རྟག་པར་རྟོགས་པའི་བློ་བུམ་པ་མི་རྟག་པའི་དགག་བྱ་བུམ་པ་རྟག་པ་ཡིན་པ་དངོས་སུ་བཅད་ནས་བུམ་པ་མི་རྟག་པ་རྟོགས་དགོས་པས། བུམ་པ་མི་རྟག་པ་དགག་པ་ཡིན་ཞེས་བརྗོད་པ་ཡིན། ། དེ་བཞིན་ནམ་མཁའ་དངོས་སུ་རྟོགས་པའི་བློས་ནམ་མཁའ་རང་གི་དགག་བྱ་ཐོགས་རེག་དེ་བློ་ངོར་དངོས་སུ་བཅད་ནས་ནམ་མཁའ་རྟོགས་དགོས་པས་ནམ་མཁའ་དགག་པ་ཡིན། དགག་པ་ལ་དབྱེ་ན། མ་ཡིན་དགག་དང༌། མེད་དགག་གཉིས་ཡོད། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་མ་ཡིན་པའི་ཆོས་དེ། སྒྲུབ་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་དང༌། ཀ་བ་ལྟ་བུའོ། ། བུམ་པ་དེ་རང་དངོས་སུ་རྟོགས་པའི་བློས་དགག་བྱ་གང་ཡང་དངོས་སུ་བཅད་ནས་རྟོགས་མི་དགོས་པར་བུམ་པ་དེ་རང་གི་བཟུང་བྱར་བསྒྲུབས་ནས་བཟུང་བ་ཡིན་པས། བུམ་པ་དེ་སྒྲུབ་པ་ཡིན་ཞེས་བརྗོད་དོ། །
1 ​རྒྱས་འགྲེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-23

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།