སོམ་ཆུའི་གཡུལ་འགྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོམ་ཆུའི་གཡུལ་འགྱེད།
འཛམ་གླིང་འཁྲུག་ཆེན་དང་པོའི་དུས་སུ་ཧྥ་རན་སིར་ཆེས་ཉམ་ཐག་པའི་གཡུལ་འགྱེད་གཉིས་ཏེ་མཱ་ཨུན་ཆུའི་གཡུལ་འགྱེད་དང་སོམ་ཆུའི་གཡུལ་འགྱེད་གཉིས་བྱུང་བ་རེད། སྤྱི་ལོ1916ལོའི་སོམ་ཆུའི་གཡུལ་འགྱེད་ནི་འཁྲུག་ཆེན་དང་པོའི་ཆེས་ཉམ་ཐག་པའི་གཡུལ་འགྱེད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
索姆河战役
འཐབ་འཁྲུག་དུས་ཡུན།
སྤྱི་ལོ(1916.6-1916.11)
འཐབ་འཁྲུག་ཞུགས་པའི་རྒྱལ་ཁབ།
ཧྥ་རན་སི། དབྱིན་ཇི། འཇར་མན།
མཇུག་འབྲས།
འཇར་མན་གྱིས་རྒྱལ་ཁ་བླངས།
1 ངོ་སྤྲོད།

འཛམ་གླིང་འཁྲུག་ཆེན་དང་པོའི་དུས་སུ་ཧྥ་རན་སིར་ཆེས་ཉམ་ཐག་པའི་གཡུལ་འགྱེད་གཉིས་ཏེ་མཱ་ཨུན་ཆུའི་གཡུལ་འགྱེད་དང་སོམ་ཆུའི་གཡུལ་འགྱེད་གཉིས་བྱུང་བ་རེད། སྤྱི་ལོ1916ལོའི་སོམ་ཆུའི་གཡུལ་འགྱེད་ནི་འཁྲུག་ཆེན་དང་པོའི་ཆེས་ཉམ་ཐག་པའི་གཡུལ་འགྱེད་ཡིན།

སོམ་ཆུའི་གཡུལ་འགྱེད་ནི་དབྱིན་ཧྥ་དམག་དཔུང་གིས་ཧྥ་རན་སིའི་བྱང་ཕྱོགས་ཀྱི་སོམ་ཆུའི་ས་ཁུལ་ནས་འཇར་མན་གྱི་དམག་དཔུང་ལ་ཕར་རྒོལ་བྱས་པའི་དམག་འཁྲུག་ཅིག་ཡིན་ལ་འཛམ་གླིང་ལོ་རྒྱུས་ཐོག་གི་ཐན་ཁེ་སྤྱད་པའི་དམག་འཁྲུག་ཐོག་མའང་ཡིན། འཁྲུག་ཆེན་འདི་སྤྱི་ལོ1916ལོའི་ཟླ6པའི་ཚེས24ཉིན་མགོ་བརྩམས་ཤིང་ཟླ11པར་མཇུག་རྫོགས། སོམ་ཆུའི་གཡུལ་འགྱེད་ནས་ཕྱོགས་གཉིས་ཀའི་མི་ཁྲི143ལྷག་གི་ཚེ་སྲོག་ཤོར་ལ་དབྱིན་ཇི་ལ་ཁྲི45དང་ཧྥ་རན་སིར་ཁྲི34ལྷག འཇར་མན་ལ་ཁྲི53ལྷག་ཤི་ཡོད། དབྱིན་ཧྥ་དམག་དཔུང་གིས་འཇར་མན་དམག་དཔུང་གི་འགོག་སྲུང་ས་ཁུལ་བརྒལ་འདོད་པའི་དམིགས་ཡུལ་མ་འགྲུབ་རུང་། འཇར་དམག་གིས་སོམ་ཆུར་རྒོལ་བར་ཚོད་འཛིན་བྱས་ཡོད་ལ་འཇར་དམག་གི་སྟོབས་ཤུགས་ཟད་དུ་བཅུག་ཡོད་དོ།།

བརྡ་འགྲེལ་གདོང་འཛར།

ལོ་རྒྱུས། འཛམ་གླིང་ལོ་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།