ནཱ་ཕོ་ལུན་གྱི་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནཱ་ཕོ་ལུན་གྱི་དམག་འཁྲུག
ནཱ་ཕོ་ལུན་གྱི་དམག་འཁྲུག་ནི་སྤྱི་ལོ1793ལོ་ནས་སྤྱི་ལོ1815ལོའི་བར་གཙོ་བོ་ནཱ་ཕོ་ལུན་གྱིས་སྣེ་ཁྲིད་དེ་ཡོ་རོབ་གླིང་གི་ཧྥ་རྒོལ་མནའ་འབྲེལ་རྒྱལ་ཁབ་ལ་ཁ་གཏད་པའི་དམག་འཁྲུག་རབ་དང་རིམ་པར་བརྗོད་ཅིང་། དང་ཐོག་ནཱ་ཕོ་ལུན་དམག་འཁྲུག་གི་ཁ་ཕྱོགས་ས་གཙོ་བོ་ནི་ཕྱི་ཡོང་གི་ཐེ་གཏོགས་ལ་ངོ་རྒོལ་བྱས་ཏེ་ཧྥ་རན་སིའི་གསར་བརྗེའི་འབྲས་བུར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་མོད། ཕྱིས་སུ་རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱས་ཏེ་ཡོ་རོབ་གླིང་དུ་བཙན་དབང་འཛིན་པའི་དམག་འཁྲུག་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拿破仑战争
ཕྱི་ཡིག་གི་མིང་།
Napoleonic Wars
ས་གནས།
ཡོ་རོབ་གླིང་།
དུས་ཚོད།
སྤྱི་ལོ(1803.5.13 - 1815.11.20)
དམག་འཁྲུག་ནང་ཞུགས་མཁན།
ཧྥ་རན་སི། ཡོ་རོབ་གླིང་གི་ཧྥ་རྒོལ་མནའ་འབྲེལ།
མཇུག་འབྲས།
ཧྥ་རན་སི་ཕམ་པ། ཡོ་རོབ་གླིང་གི་ཧྥ་རྒོལ་མནའ་འབྲེལ་གྱི་རྒྱལ་བ།
བཀོད་འདོམས་པ་གཙོ་བོ།
ནཱ་ཕོ་ལུན་སྐུ་ཕྲེང་དང་བོ། ཡཱ་ལི་ཧྲན་ཏཱ་སྐུ་ཕྲེང་དང་པོ། ཆའོ་ཀྲི་སྐུ་ཕྲེང་གསུམ་པ། ཝེ་ལིང་ཏུན་སོགས།
མགོ་བརྩམས་པའི་མཚོན་རྟགས།
སྤྱི་ལོ1803ལོའི་ཟླ5བའི་ཚེས13ཉིན་ལ་དབྱིན་ཇིའི་ཧྥ་རན་སིར་དམག་བརྡ་བཏང་བ།
གཡུལ་སའི་ཁྱབ་ཁོངས།
ཡོ་རོབ་གླིང་། མེ་གླིང་བྱང་མ། ཧྥེ་གླིང་། ཡ་གླིང་སོགས།
1 ངོ་སྤྲོད།

ནཱ་ཕོ་ལུན་གྱི་དམག་འཁྲུག་ནི་སྤྱི་ལོ1793ལོ་ནས་སྤྱི་ལོ1815ལོའི་བར་གཙོ་བོ་ནཱ་ཕོ་ལུན་གྱིས་སྣེ་ཁྲིད་དེ་ཡོ་རོབ་གླིང་གི་ཧྥ་རྒོལ་མནའ་འབྲེལ་རྒྱལ་ཁབ་ལ་ཁ་གཏད་པའི་དམག་འཁྲུག་རབ་དང་རིམ་པར་བརྗོད་ཅིང་། དང་ཐོག་ནཱ་ཕོ་ལུན་དམག་འཁྲུག་གི་ཁ་ཕྱོགས་ས་གཙོ་བོ་ནི་ཕྱི་ཡོང་གི་ཐེ་གཏོགས་ལ་ངོ་རྒོལ་བྱས་ཏེ་ཧྥ་རན་སིའི་གསར་བརྗེའི་འབྲས་བུར་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་མོད། ཕྱིས་སུ་རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱས་ཏེ་ཡོ་རོབ་གླིང་དུ་བཙན་དབང་འཛིན་པའི་དམག་འཁྲུག་ཞིག་ཏུ་གྱུར། སྤྱི་ལོ1796ལོའི་ཟླ3པར་ནཱ་ཕོ་ལུན་གྱིས་དབྱི་ཐ་ལིར་རྒྱང་འདུལ་བྱས་ཏེ་ཐེངས་དང་བོར་ཧྥ་རྒོལ་དམག་འཁྲུག་ཏུ་རྒྱལ་ཁ་ཐོབ་སྟེ་ཕུ་ལུ་ཧྲི་དང་ཨུ་རུ་སུ་བཅས་ཕམ་པར་བརྒྱབ་པ་མ་ཟད། 《ཐེར་ཤི་ཐི་ཞི་ཆིངས》བཞག་ཅིང་། དེ་ལས་ནཱ་ཕོ་ལུན་གྱིས་རྒྱལ་ཁབ་གཞན་གྱི་མངའ་ཁོངས་བཙན་བཟུང་དང་བགོ་བཤའ་བརྒྱབ་སྟེ། ཡོ་རོབ་གླིང་གི་བཙན་རྒྱལ་ཆེན་མོ་འཛུགས་རྒྱུའི་ཧམ་སེམས་མཚོན་ཡོད།

དེའི་རྗེས་སུ་ནཱ་ཕོ་ལུན་གྱིས་ཕོར་ཐུ་གལ་དང་སི་ཕེན་བཏུལ་བ་མ་ཟད། སྤྱི་ལོ1809ལོར་ཐེངས་ལྔ་བའི་ཧྥ་རྒོལ་མནའ་འབྲེལ་ཕམ་པར་བརྒྱབ་སྟེ་ཧྥ་ལན་ཞི་བཙན་རྒྱལ་དེ་བར་སྐབས་ཤིག་རིང་དར་བའི་རྩེར་སོན། ཡིན་ནའང་ནཱ་ཕོ་ལུན་བཙན་རྒྱལ་གྱི་ནང་ཁུལ་དུའང་དཀའ་ངལ་རབ་དང་རིམ་པ་ཡོད་པས་ཡོ་རོབ་གླིང་གི་ས་ཁུལ་སོ་སོ་ནས་ཧྥ་རན་སིའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་མི་རིགས་ལས་འགུལ་བསླངས་ཤིང་། སྤྱི་ལོ1812ལོར་ཨུ་རུ་སུ་རྒྱང་འདུལ་བྱེད་སྐབས་ཕམ་ཁ་བྱུང་བ་དང་། སྤྱི་ལོ1813ལོར་ཧྥ་རྒོལ་མནའ་འབྲེལ་ཐེངས་དྲུག་པའི་དམག་འཁྲུག་ཁྲོད་ནཱ་ཕོ་ལུན་ཕམ་པར་བརྒྱབ་སྟེ་ཧྥ་རན་སི་བཙན་རྒྱལ་འཐོར་ཞིག་ཏུ་འགྲོ་མགོ་ཚུགས། སྤྱི་ལོ1814ལོར་ཧྥ་རྒོལ་མཉམ་འབྲེལ་དམག་ཕ་རི་སིར་འཛུལ་བ་དང་ནཱ་ཕོ་ལུན་ཁྲི་ལས་མར་མི་འབབ་ཐབས་མེད་དུ་གྱུར་ཅིང་། ཧྥ་རན་སི་བཙན་རྒྱལ་མེད་པར་བཏང་ངོ་། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།