ས་ཁམས་ཤེས་རྟོགས་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཁམས་ཤེས་རྟོགས་ཆེན་མོ།
ས་ཁམས་ཤེས་རྟོགས་ཆེན་མོ་ནི་དུས་རབས15བ་ནས་དུས་རབས18པའི་བར་ཡོ་རོབ་གླིང་རྒྱལ་ཁབ་ཁ་ཤས་ཀྱི་མཚོ་འགྲུལ་བ་དང་ཉེན་ཞིབ་པ་དག་གིས་ཐད་ཀར་ཤར་ཕྱོགས་སུ་བསྐྱོད་པའི་གྲུ་ལམ་གསར་བ་གཏོད་པའི་ཆེད་དུ། སྐབས་དེའི་ཡོ་རོབ་གླིང་གི་མི་རྣམས་སོང་མ་མྱོང་བའི་མཚོ་ཁུལ་དང་སྐམ་སར་འཚོལ་དཔྱད་བྱས་པའི་མཚོ་འགྲུལ་གྱི་བྱེད་སྒོ་རབ་དང་རིམ་པ་དེ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地理大发现
ཕྱི་ཡིག་གི་མིང་།
Uncharted Waters/The Great Voyage Age
མིང་གཞན།
གྲུ་ལམ་གསར་བ་གཏོད་པ།
དུས་ཚོད།
དུས་རབས15བ་ནས་དུས་རབས17པའི་བར།
ས་གནས།
ཡོ་རོབ་གླིང་།
རྒྱུ་རྐྱེན།
གསེར་དངུལ་གྱི་དགོས་མཁོ་ཇེ་ཆེར་སོང་བ།
འབྱུང་གཞི།
སྤྱི་ལོ1789ལོའི་རིམ་གསུམ་གྲོས་ཚོགས་འཚོགས་པ།
མཚོ་འགྲུལ་མཁས་པ།
ཏི་ཡཱ་ཧྲི། མའེ་ཀྲོའུ་ལུན། ཀུ་ལུན་པུའུ། ཁུའུ་ཁུ་སོགས།
དོན་སྙིང་གཙོ་བོ།
ཡོ་རོབ་གླིང་མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།
ཤུགས་རྐྱེན་གཙོ་བོ།
འཛམ་གླིང་ཁྲོམ་ར་གྲུབ་པར་རྨང་གཞི་བསྐྲུན་པ།
1 ངོ་སྤྲོད།

ས་ཁམས་ཤེས་རྟོགས་ཆེན་མོ་ནི་དུས་རབས15བ་ནས་དུས་རབས18པའི་བར་ཡོ་རོབ་གླིང་རྒྱལ་ཁབ་ཁ་ཤས་ཀྱི་མཚོ་འགྲུལ་བ་དང་ཉེན་ཞིབ་པ་དག་གིས་ཐད་ཀར་ཤར་ཕྱོགས་སུ་བསྐྱོད་པའི་གྲུ་ལམ་གསར་བ་གཏོད་པའི་ཆེད་དུ། སྐབས་དེའི་ཡོ་རོབ་གླིང་གི་མི་རྣམས་སོང་མ་མྱོང་བའི་མཚོ་ཁུལ་དང་སྐམ་སར་འཚོལ་དཔྱད་བྱས་པའི་མཚོ་འགྲུལ་གྱི་བྱེད་སྒོ་རབ་དང་རིམ་པ་དེ་ལ་ཟེར། དུས་རབས15བར། ཡོ་རོབ་གླིང་ནུབ་མའི་ཚོང་ཟོག་དཔལ་འབྱོར་གྱི་འཕེལ་རྒྱས་དང་བསྟུད་ནས་ཚོང་རའི་ཐོག་གསེར་དངུལ་གྱི་དགོས་མཁོ་ཧ་ཅང་ཆེ་བར་གྱུར་ཡང་། སྔོན་གྱི་ཡོ་རོབ་གླིང་དང་ཡ་གླིང་གི་ཚོང་ལམ་རྙིང་པ་དེ་ཐུར་ཁེ་བས་ཚོད་འཛིན་བྱས་པ་མ་ཟད་ལྕི་ཁྲལ་འཁུར་དགོས་པས། རྒྱལ་ཁབ་སོ་སོའི་དབང་སྒྱུར་བ་དང་ཚོང་བ་དག་གིས་ཤར་ཕྱོགས་སུ་བསྐྱོད་པའི་གྲུ་ལམ་གསར་པ་ཞིག་གཏོད་པར་རེ་བ་འཆང་གི་ཡོད། སྤྱི་ལོ1487ལོར་ཏི་ཨ་སིས་མཚོ་གྲུ་རུ་ཁག་གི་སྣེ་ཁྲིད་དེ་ཧྥེ་གླིང་ནུབ་མཚོའི་འགྲམ་དེད་ནས་ལྷོ་རུ་བསྐྱོད་པ་དང་། སྤྱི་ལོ1488ལོར་ཆེས་ཐོག་མར་ཧྥེ་གླིང་ལྷོ་སྣེའུ་དྲག་རླུང་ཟུར་དུ་འབྱོར། སྤྱི་ལོ1497ལོར་ཏཱ་ཀ་མས་ཏི་ཨ་སི་ཡིས་བཏོད་པའི་མཚོ་ལམ་བརྒྱུད་དེ་མུ་མཐུད་མདུན་དུ་བསྐྱོད་པ་དང་། ཕྱི་ལོར་རྒྱ་གར་དུ་སླེབས། སྤྱི་ལོ1492ལོར་སི་པེན་རྒྱལ་བོའི་རོགས་སྐྱོར་ལ་བརྟེན་ནས་ཁི་ལོན་པུ་ཡིས་མཚོ་གྲུ་རུ་ཁག་ཁྲིད་དེ་ནུབ་རྒྱ་མཚོ་ཆེན་མོ་འཕྲེད་ཀྱིས་བཅད་དེ་མེ་གླིང་དུ་སླེབས་པ་དང་། ནུབ་ཕྱོསག་ཀྱི་མེ་གླིང་སྐམ་ས་གསར་པ་རྙེད་མཁན་ཐོག་མར་གྱུར། སྤྱི་ལོ1519ལོ་ནས1522ལོར་མར་ཇེ་ལན་གྱིས་སི་པེན་རྒྱལ་བོའི་བཀའ་མངགས་ལྟར་མཚོ་གྲུ་རུ་ཁག་ཁྲིད་ནས་ནུབ་རྒྱ་མཚོ་ཆེན་མོ་བརྒལ་ཏེ་ཐེངས་དང་པོར་འཛམ་གླིང་སྐོར་བའི་མཚོ་འགྲུལ་ལེགས་པར་གྲུབ། དེ་ལྟར། ཡོ་རོབ་གླིང་ནས་ནུབ་ཏུ་ནུབ་རྒྱ་མཚོ་ཆེན་མོ་བརྒལ་བ་དང་ཤར་དུ་ཧྥེ་གླིང་བསྐོར་ཏེ་ཤར་ཕྱོགས་སུ་སླེབས་པའི་གྲུ་ལམ་གསར་བ་བཏོད། སྤྱི་ལོ1642ལོ་ནས་སྤྱི་ལོ1643ལོར་ཧོ་ལན་གྱི་མི་ཐ་སི་མན་གྱིས་ཨོ་སི་ཁྲུ་རི་ཡ་དང་། ནེའུ་ཛི་ལན། ཐ་སི་མ་ཉི་ཡ་བཅས་ལ་མཚོ་འགྲུལ་བྱས་པ་དང་། སྤྱི་ལོ1728ལོར་ཏན་མག་གི་མི་པའེ་ལིན་གྱིས་ཡ་གླིང་དང་མེ་གླིང་སྐམ་སའི་བར་གྱི་མཚོ་འགག་བརྒལ།

ས་ཁམས་ཤེས་རྟོགས་ཆེན་མོས་སྐམ་ས་ཕན་ཚུན་བར་གྱི་ཁ་བྲལ་གྱི་བཀག་སྡོམ་རྣམ་པ་མཐུག་སྒྲིལ་བར་བྱས་ཤིང་། འཛམ་གླིང་གི་གླིང་ཆེན་དག་གཅིག་ཏུ་སྤྲེལ་ཏེ་འཛམ་གླིང་ཚོང་ར་རྒྱ་བསྐྱེད། ས་ཁམས་ཤེས་རྟོགས་ཆེན་མོས་ད་དུང“གོ་ལ་ཟླུམ་གཟུགས་སྨྲ་བའི”བདེན་དངོས་རང་བཞིན་ར་སྤྲད་པ་དང་། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་ལའང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།