ཨ་མེ་རི་ཁའི་སྤྱི་ལོ1787ལོའི་རྩ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མེ་རི་ཁའི་སྤྱི་ལོ1787ལོའི་རྩ་ཁྲིམས།
སྤྱི་ལོ1787ལོའི་ཨ་མེ་རི་ཁའི་རྩ་ཁྲིམས་ནི་འཛམ་གླིང་ཉེ་རབས་ལོ་རྒྱུས་ཐོག་གི་ཅུང་ཆ་ཚང་བའི་ཡིག་འཁོད་རྩ་ཁྲིམས་དང་པོ་ཡིན་པ་དང་། རྩ་ཁྲིམས་འདིར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་དབང་ཆ་ཡོད་པ་ཐག་བཅད་ཡོད་ལ། རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་ཡོད། དེ་ནི་དབང་གསུམ་དབྱེ་འབྱེད་གཞིར་བཟུང་ནས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་འགན་དབང་དེ་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྡེ་ཁག་གསུམ་ལ་དབྱེ་ཡོད་པ་དང་། དེ་དག་སོ་སོ་སྲིད་འཛིན་དང་ཆེས་མཐོའི་ཁྲིམས་ཁང་། རྒྱལ་ཚོགས་བཅས་ཀྱིས་དབང་འཛིན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美利坚合众国宪法
ཕྱི་ཡིག་གི་མིང་།
United States Constitution
སྤྱི་མིང་།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་རྩ་ཁྲིམས།
གཏན་འཁེལ་དུས་ཚོད།
སྤྱི་ལོ1787ལོའི་ཟླ5བ།
ནུས་ཐོན་དུས་ཚོད།
སྤྱི་ལོ1789ལོའི་ཟླ3པའི་ཚེས4ཉིན།
1 ངོ་སྤྲོད།

སྤྱི་ལོ1787ལོའི་ཨ་མེ་རི་ཁའི་རྩ་ཁྲིམས་ནི་འཛམ་གླིང་ཉེ་རབས་ལོ་རྒྱུས་ཐོག་གི་ཅུང་ཆ་ཚང་བའི་ཡིག་འཁོད་རྩ་ཁྲིམས་དང་པོ་ཡིན་པ་དང་། རྩ་ཁྲིམས་འདིར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་དབང་ཆ་ཡོད་པ་ཐག་བཅད་ཡོད་ལ། རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་ཡོད། དེ་ནི་དབང་གསུམ་དབྱེ་འབྱེད་གཞིར་བཟུང་ནས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་འགན་དབང་དེ་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྡེ་ཁག་གསུམ་ལ་དབྱེ་ཡོད་པ་དང་། དེ་དག་སོ་སོ་སྲིད་འཛིན་དང་ཆེས་མཐོའི་ཁྲིམས་ཁང་། རྒྱལ་ཚོགས་བཅས་ཀྱིས་དབང་འཛིན་བྱས་ཡོད། སྤྱི་ལོ1787ལོའི་རྩ་ཁྲིམས་སུ་སྲིད་འཛིན་དང་དབྱི་ཡོན་འདེམས་བསྐོ་བརྒྱུད་ནས་ཐོན་དགོས་པ་ཐག་གིས་བཅད་ཡོད་པས་དམངས་གཙོའི་རང་བཞིན་ངེས་ཅན་ཡོད་མོད། རྩ་ཁྲིམས་འདིར་སྔར་བཞིན་ཚད་བཀག་རང་བཞིན་ཡང་མངོན་གསལ་ཡོད་དེ། དཔེར་ན་བྲན་གཡོག་ལམ་ལུགས་གནས་ཆོག་པ་དང་། མི་རྒྱུད་ནག་པོ་དང་དབྱིན་ཏི་མན་པ་རྣམས་ལ་མི་རྒྱུད་དཀར་པོ་དང་འདྲ་མཉམ་ཀྱི་ཐོབ་ཐང་ཡོད་པ་ཁས་མི་ལེན་ཞིང་། རྩ་ཁྲིམས་སུ་རྩ་བའི་ཆ་ནས་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་བརྗོད་མེད། སྤྱི་ལོ1789ལོར་འབྱོར་ལྡན་གྲལ་རིམ་དམངས་གཙོའི་ཕྱོགས་ཁག་གི་འབད་བརྩོན་བརྒྱུད་ནས་རྩ་ཁྲིམས་དོན་ཚན་བཅུ་གསར་དུ་བསྣན་ཏེ། མི་དམངས་ལ་སྨྲ་བརྗོད་དང་དཔར་སྐྲུན། ཚོགས་པ་འཛུགས་པ། འདུ་འཛོམས་དང་དད་མོས་སོགས་ཀྱི་རང་དབང་ཡོད་པ་གཏན་ལ་ཁེལ། སྤྱི་ལོ1787ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་ཀྱི་དབང་གིས་ཨ་མེ་རི་ཁ་འདི་ཉིད་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་བ་དང་། སྤྱི་མཐུན་ལམ་ལུགས་དངོས་སུ་བཙུགས་ཏེ་ཨ་མེ་རི་ཁའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།