ཁུ་ལི་མུའུ་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁུ་ལི་མུའུ་དམག་འཁྲུག
ཁུ་ལི་མུའུ་དམག་འཁྲུག་གི་མིང་གཞན་ལ་ཤར་ཕྱོགས་དམག་འཁྲུག་ཅེས་ཀྱང་བརྗོད་ལ། དེ་ནི་ཧྲ་ཧོང་ཨུ་རུ་སུ་ཡིས་དབྱིན་ཇི་དང་ཧྥ་རན་སི། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་དང་ཕྱི་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་དང་ཡོ་རོབ་གླིང་གི་བདག་དབང་འཕྲོག་རྩོད་བྱེད་པའི་ཆེད་དུ་སྤེལ་བའི་དམག་འཁྲུག་ལ་ཟེར་བ་དང་། གཡུལ་ས་གཙོ་བོ་ནི་ཁུ་ལི་མུའུ་ཡིན་པས་མིང་དེ་ལྟར་ཐོགས། དེ་ནི་ཨུ་རུ་སུ་དང་ཐུར་ཁེ་དམག་འཁྲུག་གི་གྲུབ་ཆ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
克里木战争
མིང་གཞན།
ཁུ་ལི་སྨི་ཡ་དམག་འཁྲུག
ས་གནས།
ཁུ་ལི་མུའུ་ཕྱེད་གླིང་། པཱ་ཨར་ཀན་ཕྱེད་གླིང་། ལི་ཧའེ་རྒྱ་མཚོ། པོ་ལོའུ་ཏུ་ཧའེ་རྒྱ་མཚོ།
དུས་ཚོད།
སྤྱི་ལོ1853ལོའི་ཟླ7པ་ནས་སྤྱི་ལོ1855ལོའི་ཟླ12པའི་བར།
དམག་འཁྲུག་ནང་ཞུགས་མཁན།
ཨུ་རུ་སུའི་དམག དབྱིན་ཧྥ་མཉམ་འབྲེལ་དམག
མཇུག་འབྲས།
དབྱིན་ཧྥ་མཉམ་འབྲེལ་དམག་གིས་རྒྱལ་ཁ་བླངས་པ།
བཀོད་འདོམས་པ་གཙོ་བོ།
ཧྥེ་ཚི་ལོའུ་དབྱི•སཱ་མོ་སའེ། ཨའེ་མཱ་པུའུ་ལི•རང•ཡཱ་ཁུ•ཕེ་ལི་ཞི་ཡེ།
1 ངོ་སྤྲོད།

ཁུ་ལི་མུའུ་དམག་འཁྲུག་གི་མིང་གཞན་ལ་ཤར་ཕྱོགས་དམག་འཁྲུག་ཅེས་ཀྱང་བརྗོད་ལ། དེ་ནི་ཧྲ་ཧོང་ཨུ་རུ་སུ་ཡིས་དབྱིན་ཇི་དང་ཧྥ་རན་སི། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་དང་ཕྱི་ཕྱོགས་ཀྱི་མི་སེར་སྤེལ་ཡུལ་དང་ཡོ་རོབ་གླིང་གི་བདག་དབང་འཕྲོག་རྩོད་བྱེད་པའི་ཆེད་དུ་སྤེལ་བའི་དམག་འཁྲུག་ལ་ཟེར་བ་དང་། གཡུལ་ས་གཙོ་བོ་ནི་ཁུ་ལི་མུའུ་ཡིན་པས་མིང་དེ་ལྟར་ཐོགས། དེ་ནི་ཨུ་རུ་སུ་དང་ཐུར་ཁེ་དམག་འཁྲུག་གི་གྲུབ་ཆ་ཞིག་ཀྱང་ཡིན། སྤྱི་ལོ1853ལོར། ཨུ་རུ་སུ་ཨོ་སི་མན་ཐུར་ཁེ་བཙན་རྒྱལ་ལ་བཙན་འཛུལ་བྱས་པ་དང་། ཨོ་སི་མན་གྱི་དམག་ལ་ཕམ་ཁ་ཆེན་པོ་བྱུང་།

སྤྱི་ལོ1854ལོར། དབྱིན་ཇི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་ཐད་ཀར་དམག་སྟེ་ཨུ་རུ་སུ་དང་འཐབ་མོད། དབྱིན་ཇི་དང་ཧྥ་རན་སི་གཉིས་ཀྱི་དམིགས་ཡུལ་ནི་ཨོ་སི་མན་ཐུར་ཁེ་རྒྱལ་ཁབ་ཀྱི་ལག་ནས་རང་ཉིད་ཀྱི་ཁེ་ཕན་རག་ཕྱིར་ཡིན་པ་མ་གཏོགས་དམག་འཁྲུག་གི་གཞི་རྒྱ་ཆེར་བསྐྱེད་འདོད་མེད་པས། དམག་འཁྲུག་གི་གཡུལ་སའང་ཁུ་ལི་མུའུ་ཕྱེད་གླིང་གི་ཉེ་འགྲམ་མ་གཏོགས་རྒྱ་བསྐྱེད་མ་བྱུང་བ་རེད། སྤྱི་ལོ1856ལོར་ཨུ་རུ་སུ་ཕམ་པ་དང་། 《ཕ་རི་སིའི་ཞིང་ཆིངས》མི་འཇོག་ཐབས་མེད་བྱུང་། ཁུ་ལི་མུའུ་དམག་འཁྲུག་ཁྲོད་དུ་ཨུ་རུ་སའི་དམག་འབུམ3ལྷག་དང་ཧྥ་རན་སིའི་དམག་འབུམ1ལྷག དབྱིན་ཇིའི་དམག་ཁྲི6བཅས་རྐྱེན་ལམ་དུ་ཤོར་བ་དང་། ཨུ་རུ་སུའི་རྒྱལ་སྤྱིའི་གོ་གནས་མར་ཆགས་ཤིང་ནུབ་བསྐྱོད་ཀྱི་ལམ་བུར་བཀག་འགོག་ཐེབས། ཁུ་ལི་མུའུ་དམག་འཁྲུག་གི་རྗེས་སུ་དབྱིན་ཇི་དང་ཧྥ་རན་སིའི་སྟོབས་ཤུགས་རྒྱ་ཆེར་གྱུར་བ་རེད། ཐེངས་འདིའི་དམག་འཁྲུག་གིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་གནོན་བྱས་པ་མ་ཟད། ཨུ་རུ་སུའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སུ་ཡོད་པའི་སྤྱི་ཚོགས་ཀྱི་གནོད་སྐྱོན་གང་མང་ཞིག་ཕྱིར་མངོན་ཏེ། ཨུ་རུ་སུའི་ཞིང་བྲན་ལམ་ལུགས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བྱས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-04

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།