རྒྱ་གར་གྱི་རིགས་རྒྱུད་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱ་གར་གྱི་རིགས་རྒྱུད་ལམ་ལུགས།
རྒྱ་གར་གྱི་རིགས་རྒྱུད་ལམ་ལུགས་ནི་རྒྱ་གར་སྤྱི་ཚོགས་སུ་གནས་པའི་སྤྱི་ཚོགས་གྲལ་རིམ་མམ་ཚོགས་ཁག་ལམ་ལུགས་ཤིག་ཡིན་པ་དང་། རིགས་རུས་ནི་རྒྱ་གར་གྱི་ཡ་ལི་ཨན་པ་རྣམས་གྲལ་རིམ་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བ་ཞིག་ཡིན་ཞིང་། དེ་ནི་གཙོ་བོ་རིགས་རྒྱུད་ལམ་ལུགས་སྤྱད་དེ་ཡ་ལི་ཨན་མི་དང་དེ་མིན་གྱི་མངའ་འོག་ཏུ་བསྡུས་པའི་ས་ཁུལ་གྱི་མི་ཚོགས་བར་གྱི་དབྱེ་བ་འབྱེད་ཆེད་ཡིན། ཤ་མདོག་དང་སྐྱེ་ཁུངས་བཅས་ལ་གཞིགས་ནས་སྤྱི་ཚོགས་སུ་རིགས་རིམ་པ་བཞི་རུ་ཕྱེས་ཡོད་དེ། བྲམ་ཟེའི་རིགས་དང་རྒྱལ་རིགས། རྗེ་རིགས། དམངས་རིགས་བཅས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
印度种姓制度
ཕྱི་ཡིག་གི་མིང་།
India caste system
རིགས་དབྱེ།
བྲམ་ཟེའི་རིགས་དང་རྒྱལ་རིགས། རྗེ་རིགས། དམངས་རིགས།
ཁྱབ་ཁོངས།
རྒྱ་གར་དང་ཡ་གླིང་ལྷོ་མའི་ས་ཁུལ་གཞན་དག
ཤུགས་རྐྱེན།
རྒྱ་གར་གྱི་གྲལ་རིམ་བར་གྱི་འགལ་བ་ཇེ་དྲག་ཏུ་བཏང་བ།
ངོ་བོ།
འདྲ་མཉམ་མིན་པའི་གྲལ་རིམ་ལམ་ལུགས།
1 ངོ་སྤྲོད།

《ཐང་ཆེན་པོའི་ནུབ་ཡུལ་གྱི་རེག་ཟིག》ཏུ། རྒྱ་གར་ལ་རིགས་རིས་སམ་ཚོ་རུས་ཡོད་ཅེས་བཀོད་ཡོད་ལ། ལེགས་སྦྱར་སྐད་དུ་ཝར་ན(Varna)ཞེས་བརྗོད་ཅིང་། ཕྱིས་སུ་ཀ་ཏི་ཞེས་ཀྱང་འབྲི།

.jpg.jpgརྒྱ་གར་གྱི་རིགས་རྒྱུད་ལམ་ལུགས་ནི་རྒྱ་གར་སྤྱི་ཚོགས་སུ་གནས་པའི་སྤྱི་ཚོགས་གྲལ་རིམ་མམ་ཚོགས་ཁག་ལམ་ལུགས་ཤིག་ཡིན་པ་དང་། རིགས་རུས་ནི་རྒྱ་གར་གྱི་ཡ་ལི་ཨན་པ་རྣམས་གྲལ་རིམ་སྤྱི་ཚོགས་སུ་བར་བརྒལ་བྱེད་པའི་བརྒྱུད་རིམ་ཁྲོད་བྱུང་བ་ཞིག་ཡིན་ཞིང་། དེ་ནི་གཙོ་བོ་རིགས་རྒྱུད་ལམ་ལུགས་སྤྱད་དེ་ཡ་ལི་ཨན་མི་དང་དེ་མིན་གྱི་མངའ་འོག་ཏུ་བསྡུས་པའི་ས་ཁུལ་གྱི་མི་ཚོགས་བར་གྱི་དབྱེ་བ་འབྱེད་ཆེད་ཡིན། ཤ་མདོག་དང་སྐྱེ་ཁུངས་བཅས་ལ་གཞིགས་ནས་སྤྱི་ཚོགས་སུ་རིགས་རིམ་པ་བཞི་རུ་ཕྱེས་ཡོད་དེ། བྲམ་ཟེའི་རིགས་དང་རྒྱལ་རིགས། རྗེ་རིགས། དམངས་རིགས་བཅས་སོ། ། དེ་ལས་གོ་གནས་མཐོ་ཤོས་ནི་བྲམ་ཟེའི་རིགས་ཡིན་ཞིང་། དེ་ནི་ལྷ་དབང་བདག་ཏུ་བཟུང་བའི་མཆོད་གཉེར་བ་ཡིན་པ་དང་། ཕལ་ཆེ་བ་མི་རྒྱུད་དཀར་པོ་ཡིན། དེའི་འཕྲོ་མ་རྒྱལ་རིགས་ཡིན་ཞིང་། དེའི་ཁོངས་སུ་རྒྱལ་བོ་དང་བློན་པོ་སོགས་ཡོད། རྗེ་རིགས་ནི་རིམ་པ་གསུམ་པ་ཡིན་ཞིང་། དེ་ནི་གཙོ་བོ་ཞིང་བ་དང་ལག་ཤེས་བཟོ་ལས་བ། ཚོང་བ་བཅས་ཡིན་པ་དང་། ཁོ་ཚོར་ཁྲལ་འཇལ་བའི་འོས་འགན་ཡོད། དམངས་རིགས་ནི་དབང་འོག་ཏུ་བསྡུས་པའི་མི་དང་འོག་རིམ་གྱི་ལས་ཀ་བྱེད་མཁན་དག་ཡིན། རིམ་པ་སོ་སོའི་བར་གྱི་མཐོ་དམན་གྱི་དབྱེ་བ་གསལ་ཞིང་ལམ་ལུགས་ཧ་ཅང་ནན་མོ་ཞིག་ཆགས་ཡོད། ཡ་གླིང་ནུབ་མ་རུ་ཧིན་རྡུའི་ཆོས་ལུགས་པའི་སྡོད་དམངས་སོ་སོའི་ཁྲོད་དུ་རིགས་རུས་ཀྱི་ལམ་ལུགས་གནས་ཡོད་ལ། རིགས་རུས་ཀྱི་གནད་དོན་དེ་ད་ལྟའང་སྔར་བཞིན་རྒྱ་གར་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-03

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།