ཡའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡའོ།
ཡའོ་ནི་ཀྲུང་གོའི་གནའ་རབས་ལོ་རྒྱུས་གཏམ་རྒྱུད་ཁྲོད་དུ་རུས་ལ་ཧྥང་ཞུན་དང་མིང་ལ་ཐའོ་ཐང་ཧྲི་ཞུ་བའི་ཚོ་དཔོན་ཞིག་སྟེ། ལོ་རྒྱུས་སྟེང་ཐང་ཡའོ་ཞེས་ཀྱང་འབོད། རྒྱ་རིགས་ཀྱི་རུའུ་དང་མོ་གྲུབ་མཐའ་གཉིས་ཀྱི་ཡིག་ཆ་ནང་ཡའོ་ནི་གནའ་རབས་ཀྱི་ལྷ་དབང་ཡིན་པ་བསྟན་པར་མ་ཟད། རུའུ་ལུགས་ཀྱིས་དེ་བས་བརྩི་མཐོང་བྱས་ནས་ཡའོ་ཡི་ཆེ་བ་བརྗོད་པའི་རྣམ་ཐར《ཧྲང་ཧྲོ་ཡའོ་ཏན》ཞེས་པ་བརྩམས་ནས་ཆེད་དུ་བསྟོད་བསྔགས་མཛད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
མིང་གཞན།
ཐང་ཡའོ། ཏི་ཡའོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི2377ལོ་ནས་སྤྱི་ལོ་སྔོན་གྱི2259ལོ།
འཁྲུངས་ཡུལ།
ཐང་གོ།
ཡབ།
ཏི་ཁུའུ།
ཡུམ།
ཁྲེང་ཧྥེང་ཧྲི།
དུས་སྐབས།
དུས་རབས་སྔ་མའི་སྐབས།
བྱས་རྗེས།
གོ་གནས་གཞན་སྤྲོད་ལམ་ལུགས་ཀྱི་སྲོལ་བཏོད་པ། ཆུ་སྐྱོན་འགོག་སེལ་བྱས་པ་སོགས་མང་།
1 ངོ་སྤྲོད།

ཡའོ་ནི་ཀྲུང་གོའི་གནའ་རབས་ལོ་རྒྱུས་གཏམ་རྒྱུད་ཁྲོད་དུ་རུས་ལ་ཧྥང་ཞུན་དང་མིང་ལ་ཐའོ་ཐང་ཧྲི་ཞུ་བའི་ཚོ་དཔོན་ཞིག་སྟེ། ལོ་རྒྱུས་སྟེང་ཐང་ཡའོ་ཞེས་ཀྱང་འབོད། རྒྱ་རིགས་ཀྱི་རུའུ་དང་མོ་གྲུབ་མཐའ་གཉིས་ཀྱི་ཡིག་ཆ་ནང་ཡའོ་ནི་གནའ་རབས་ཀྱི་ལྷ་དབང་ཡིན་པ་བསྟན་པར་མ་ཟད། རུའུ་ལུགས་ཀྱིས་དེ་བས་བརྩི་མཐོང་བྱས་ནས་ཡའོ་ཡི་ཆེ་བ་བརྗོད་པའི་རྣམ་ཐར《ཧྲང་ཧྲོ་ཡའོ་ཏན》ཞེས་པ་བརྩམས་ནས་ཆེད་དུ་བསྟོད་བསྔགས་མཛད་ཡོད། བཤད་རྒྱུན་དུ་ཡའོ་ཡིས་ཞི་ཧུ་ལ་བཀའ་ཕབ་ནས་དུས་ཚིགས་ལ་བརྟག་དཔྱད་ཀྱིས་ལོ་ཐོ་གསར་དུ་བཟོ་རུ་བཅུག་པ་དང་། ལོ་ན་རྒས་པའི་དུས་སུ་ཧྲུན་ཞེས་པ་སྲིད་ཚབ་ཏུ་བདམས་ནས་རྗེ་བོར་རུང་མི་རུང་ལ་བརྟག་དཔྱད་བྱས་པ་རེད། ཁོང་ཚེ་ལས་འདས་རྗེས་ཧྲུན་ཚོ་དཔོན་ལ་བསྐོས། ཡའོ་དང་ཧྲུན་ནི་དམག་དོན་དམངས་གཙོའི་དུས་སྐབས་སུ་ཚོ་ཤོག་གི་དམག་བདག་ཡིན་པ་ལས་རྗེས་སུ་བྱུང་བའི་བཙན་པོ་དང་མི་འདྲ། དེ་ལས་གཞན་ད་དུང་གནས་བརྟན་བཅའ་བདེའི་ཆེད་དུ་ཡའོ་ཡིས་འབྲུ་རྡོག་ཡག་ཤོས་བདམས་ནས་མི་གཙང་བ་བསལ་ཏེ་ཆུ་གཙང་མས་བསྙལ་བས་ཆང་གསར་གཏོད་བྱས་པ་དང་། འཚོ་བ་དང་སྲིད་ཀྱི་ཕྱོགས་ནས་གྲོན་ཆུང་དང་རྒྱལ་ཁབ་ལ་ཕན་པའི་བསམ་འཆར་སོགས་ལ་ཞིབ་ཏུ་ཉན་པ་མ་ཟད། རྒྱལ་ཁབ་ལ་རེ་བ་དང་བསམ་འཆར་འདོན་མཁན་གྱིས་སྲིད་གཞུང་རྙེད་ཆེད་སྲང་ལམ་གཙོ་ཤས་སུ་ལམ་སྟོན་མཁན་ཀྱང་བཞག་པ་རེད། ལོ་རྒྱུས་ནང་བཀོད་པ་ལྟར་ན་ཡའོ་ལ་མཛངས་མི་དགུའམ་བཅུ་ཡོད་པ་རེད། ཁོས་ཤེས་ལྡན་འཇོན་མེད་དུ་གཏོང་བར་བསམ་ནས་མི་འཇོན་ཐང་ཅན་ལ་གོ་གནས་སྤྲད་པ་མ་ཟད། ད་དུང་ལ་ལུང་མང་པོར་བརྒྱུད་ནས་མི་ཤེས་ལྡན་ཅན་འཚོལ་དུ་ཕྱིན་པ་དང་། ཆབ་སྲིད་ཀྱི་ཡོ་གཟུ་ལ་འདྲི་རྩད་བྱས་ནས་མི་འཇོན་ཐང་ཅན་གོ་གནས་སུ་བསྐོ་འཇོག་བྱེད་པ་རེད།


བརྡ་འགྲེལ་གདོང་འཛར།

མི་སྣ། ལོ་རྒྱུས་མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།