ཞ་རྒྱལ་རབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞ་རྒྱལ་རབས།
ཞ་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་རྒྱལ་རབས་དང་པོ་རེད། བཤད་རྒྱུན་ལྟར་ན་ཡུས་ཀྱིས་ཚོ་བའི་གོ་གནས་ཀྱི་འདེམས་སྒུག་འོས་མི་ལ་ཀའོ་ཐོ་དང་པོ་ཡུས་ཞེས་པའི་མི་གཉིས་འདམས་ཀྱང་། ཚེ་ལས་འདས་རྗེས་ཁོའི་བུ་ཆི་ཟེར་བ་དེས་རྒྱལ་པོའི་གོ་གནས་བཟུང་ཏེ་ཞ་རྒྱལ་རབས་བཙུགས་པར་བཤད། ཞ་རྒྱལ་རབས་ཀྱིས་ཆེས་ཐོག་མའི་རྒྱལ་རྒྱལ་ཁབ་ལས་ཁུངས་ཀྱི་རྣམ་པ་དང་། དབང་སྒྱུར་བའི་འདོད་བློ་མཚོན་པའི་དམག་མི་དང་ཁྲིམས་ལུགས། བཙོན་ཁང་སོགས་བཙུགས། ཞ་རྒྱལ་རབས་ཀྱི་དུས་མགོར་རྒྱལ་པོའི་སྲིད་ཧྲའོ་ཁང་གི་དུས་སུ་ད་གཟོད་ཕྱིར་བླངས་པ་རེད། རྗེས་སུ་ཞ་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཅིང་། ཅེ་རྒྱལ་པོའི་དུས་སུ་ཧྲང་ཐང་ཟེར་བ་དེས་བསྣུབས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏朝
ཕྱི་ཡིག་གི་མིང་།
The Xia Dynasty
བསྡུས་མིང་།
ཞ།
ཁོངས་གཏོགས་གླིང་ཆེན།
ཡ་གླིང་།
སྲིད་དབང་ལམ་ལུགས།
གོང་མའི་ལམ་ལུགས།
རྒྱལ་ཁབ་ཀྱི་གཙོ་འཛིན།
སི་ཆི། སི་ཐའེ་ཁང་། སི་ཧྲའོ་ཁང་། སི་ཅེ།
རྒྱལ་ས།
ཀྲེན་ཞུན། དབྱང་ཁྲེང་། ཨན་དབྱི། ལུན་ཁྲེང་།
མི་རིགས།
ཧྭ་ཞ་མི་རིགས།
རྒྱལ་ཁབ་གསར་འཛུགས་ཀྱི་གོང་མ།
ཡུས། ཆི།
རྒྱལ་རབས་མཐའ་མ།
ཅེ།
1 ངོ་སྤྲོད།

ཞ་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་རྒྱལ་རབས་དང་པོ་རེད། བཤད་རྒྱུན་ལྟར་ན་ཡུས་ཀྱིས་ཚོ་བའི་གོ་གནས་ཀྱི་འདེམས་སྒུག་འོས་མི་ལ་ཀའོ་ཐོ་དང་པོ་ཡུས་ཞེས་པའི་མི་གཉིས་འདམས་ཀྱང་། ཚེ་ལས་འདས་རྗེས་ཁོའི་བུ་ཆི་ཟེར་བ་དེས་རྒྱལ་པོའི་གོ་གནས་བཟུང་ཏེ་ཞ་རྒྱལ་རབས་བཙུགས་པར་བཤད། ཞ་རྒྱལ་རབས་ཀྱིས་ཆེས་ཐོག་མའི་རྒྱལ་རྒྱལ་ཁབ་ལས་ཁུངས་ཀྱི་རྣམ་པ་དང་། དབང་སྒྱུར་བའི་འདོད་བློ་མཚོན་པའི་དམག་མི་དང་ཁྲིམས་ལུགས། བཙོན་ཁང་སོགས་བཙུགས། ཞ་རྒྱལ་རབས་ཀྱི་དུས་མགོར་རྒྱལ་པོའི་སྲིད་ཧྲའོ་ཁང་གི་དུས་སུ་ད་གཟོད་ཕྱིར་བླངས་པ་རེད། རྗེས་སུ་ཞ་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་གྱུར་ཅིང་། ཅེ་རྒྱལ་པོའི་དུས་སུ་ཧྲང་ཐང་ཟེར་བ་དེས་བསྣུབས་པ་རེད། ཞ་རྒྱལ་རབས་ཀྱི་མངའ་ཁོངས་ལ་ནུབ་ཕྱོགས་ནས་དེང་གི་ཧོ་ནན་ཞིང་ཆེན་ནུབ་ཁུལ་དང་ཧྲན་ཞི་ཞིང་ཆེན་ནུབ་ཁུལ་གྱི་མཚམས། ཤར་ནས་ཧོ་ནན་ཞིང་ཆེན་དང་ཧྲན་ཏུང་ཞིང་ཆེན་གྱི་མཚམས། བྱང་ནས་ཧོ་པེ་ཞིང་ཆེན་ནང་ཁུལ། ལྷོ་ནས་ཧོ་པེ་ཞིང་ཆེན་དང་འདྲེས་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་ཧོ་ནན་ཞིང་ཆེན་ཡན་ཧྲི་རྫོང་དུ་འར་ལི་ཐུའུ་རིག་གནས་རྗེས་ཤུལ་རྙེད་པ་དང་། རྗེས་ཤུལ་ཁྲོད་དུ་ལི་ཆས་དང་ཕོ་བྲང་བཟོ་བསྐྲུན་གྱི་རྨང་གཞིའི་རྩིག་པའི་ཤུལ་ཡོད། གནའ་དཔྱད་པས་སའི་ཆགས་རིམ་ལ་བལྟས་ནས་ལོ་ཚིགས་བརྟག་པ་ལྟར་ན་འར་ལི་ཐུའུ་རིག་གནས་ནི་ཞ་རིག་གནས་ལ་གཏོགས་པར་འདོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།