མཱོ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཱོ་ལུགས།
མཱོ་ལུགས་ནི་ཀྲན་གོའི་དུས་མགོར་ལུའུ་རྒྱལ་ཕྲན་གྱི་མི་མཱོ་ཀྲི་ཞེས་པས་སྲོལ་ཕྱེས། ཆིན་གྱི་དུས་སུ་མཱོ་ལུགས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བས་རུའུ་ལུགས་མིན་ཚེ་མཱོ་ལུགས་ཡིན་ཞེས་པའི་བཤད་ཚུལ་བྱུང་། ལོ་རྒྱུས་སྟེང་མཱོ་ལུགས་ལ་སྔ་གཞུག་གཉིས་སུ་དགར་ཚུལ་ཡོད་དེ། མཱོ་ལུགས་སྔ་མ་ནི་མཱོ་ཀྲི་རང་ཉིད་འཚོ་སྐབས་སུ་གྲུབ་པའི་ལུགས་ཡིན་པ་དང་། མཱོ་ལུགས་རྗེས་མ་ནི་ཁོ་ཚེ་ལས་འདས་རྗེས་སློབ་མས་གྲུབ་པའི་ལུགས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
墨家
ཕྱི་ཡིག་གི་མིང་།
Mohists
སྲོལ་འབྱེད་མཁན།
མཱོ་ཙིའམ་མཱོ་ཏི།
དུས་སྐབས།
ཀྲན་གོ་དུས་སྐབས།
ཚབ་བྱེད་མི་སྣ་གཙོ་བོ།
མཱོ་ཏི་སོགས།
འཐུབ་ཚབ་བརྩམས་ཆོས།
《མཱོ་ཙི》
1 ངོ་སྤྲོད།

མཱོ་ལུགས་ནི་ཀྲན་གོའི་དུས་མགོར་ལུའུ་རྒྱལ་ཕྲན་གྱི་མི་མཱོ་ཀྲི་ཞེས་པས་སྲོལ་ཕྱེས། ཆིན་གྱི་དུས་སུ་མཱོ་ལུགས་ཀྱི་ཤུགས་རྐྱེན་ཤིན་ཏུ་ཆེ་བས་རུའུ་ལུགས་མིན་ཚེ་མཱོ་ལུགས་ཡིན་ཞེས་པའི་བཤད་ཚུལ་བྱུང་། ལོ་རྒྱུས་སྟེང་མཱོ་ལུགས་ལ་སྔ་གཞུག་གཉིས་སུ་དགར་ཚུལ་ཡོད་དེ། མཱོ་ལུགས་སྔ་མ་ནི་མཱོ་ཀྲི་རང་ཉིད་འཚོ་སྐབས་སུ་གྲུབ་པའི་ལུགས་ཡིན་པ་དང་། མཱོ་ལུགས་རྗེས་མ་ནི་ཁོ་ཚེ་ལས་འདས་རྗེས་སློབ་མས་གྲུབ་པའི་ལུགས་ལ་ཟེར། ལུགས་དེའི་བསྟན་བཅོས་ལ《མཱོ་ཙི》ཡོད། མཱོ་ལུགས་ནི་རུའུ་ལུགས་ལ་དགག་པའི་གྲུབ་མཐའ་ཆེས་སྔ་མཱོ་ཡིན་ལ། དེར་སྒྲིག་ལམ་ཧ་ཅང་ཚགས་དམ་པའི་རིག་གཞུང་རུ་ཁག་ཅིག་ཡོད་པ་སྟེ། འགོ་བའི་མིང་ལ་ཙིས་ཙི་ཞེས་འབོད་ཅིང་གཞུང་ལས་སྒྲུབ་བཞིན་པའི་སློབ་མ་རྣམས་ཀྱིས་རུ་ཁག་དེ་ལ་དངུལ་གྱི་ཞལ་འདེབས་སྤྲོད་དགོས་པ་དང་ཆབ་སྲིད་ཀྱི་ལྟ་བ་ཁྱབ་སྤེལ་གཏོང་དགོས། དེ་ལྟར་སྐབས་དེར་ཁྱད་ཆོས་ལྡན་ཞིང་ཤུགས་རྐྱེན་ཆེ་ལ་མཚན་ཉིད་རིག་པའི་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག ཡིན་ནའང་ཧན་གྱི་རྗེས་ནས་ཉམས་རྒུད་དུ་གྱུར།


བརྡ་འགྲེལ་གདོང་འཛར།

མི་སྣ། ལོ་རྒྱུས་མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-11

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།