མེང་ཙི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མེང་ཙི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མི་སྣ།)

མེང་ཙི།
མེང་ཙི(ཕལ་ཆེར་སྤྱི་ལོ་སྔོན་གྱི372ལོ་ནས་སྤྱི་ལོ་སྔོན་གྱི289ལོ)ཡི་མིང་ལ་ཁུ་ཟེར་ཞིང་ཀྲན་གོའི་དུས་དཀྱིལ་གྱི་བསམ་བློ་དང་རུའུ་ལུགས་པའི་ཚབ་བྱེད་མི་སྣ་གཙོ་བོ་ཡིན། ཁོང་གིས་ཁུང་ཙིའི་གཞུང་ལུགས་དར་སྤེལ་བཏང་བ་དང་། ཁུང་ཙི་ལྟར་དུ་ཆི་དང་ཝེ། སུང་། ལུའུ་རྒྱལ་ཕྲན་སོགས་ལ་སླེབས་ཀྱང་བསམ་བློར་མཐོང་ཆེན་མ་ཐོབ། ཁོང་གི་ལྟ་བ་ནི་མིའི་རང་གཤིས་སྐྱེས་པ་ཉིད་ནས་བཟང་བོ་ཡིན་ལ་རང་སེམས་ལ་ཚོད་འཛིན་གྱིས་ཐོག་མའི་རང་གཤིས་རྒྱུན་འཁྱོངས་དགོས་པ་དང་། ཆབ་སྲིད་ཐོག་དམངས་མཆོག་རྗེ་དམན་གྱི་ལྟ་ཚུལ་བཏོན་ཅིང་བྱམས་ཀྱིས་སྐྱོང་ནས་དམངས་སེམས་ཐོབ་དགོས་པ། རྒྱལ་པོས་སྐྱོན་ཆེན་པོ་བཟོས་པ་དང་བློན་པོའི་ཁ་ཏར་མ་ཉན་ཚེ་བློན་པོས་དབང་འཕྲོག་ན་ཆོག་པའི་ལྟ་བ་བཏོན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孟子
ཕྱི་ཡིག་གི་མིང་།
Mencius
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན་གྱི372ལོ—སྤྱི་ལོ་སྔོན་གྱི289ལོ།
འཁྲུངས་ཡུལ།
ཙིའུ་ཁྲེང་།
མི་རིགས།
རྒྱ་རིགས།
འཐུས་ཚབ་བརྩམས་ཆོས།
《孟子》
བྱས་རྗེས།
རུའུ་ལུགས་ཀྱི་ཚབ་བྱེད་མི་སྣ། ཡཱ་ཧྲེང་།
1 ངོ་སྤྲོད།

མེང་ཙི(ཕལ་ཆེར་སྤྱི་ལོ་སྔོན་གྱི372ལོ་ནས་སྤྱི་ལོ་སྔོན་གྱི289ལོ)ཡི་མིང་ལ་ཁུ་ཟེར་ཞིང་ཀྲན་གོའི་དུས་དཀྱིལ་གྱི་བསམ་བློ་དང་རུའུ་ལུགས་པའི་ཚབ་བྱེད་མི་སྣ་གཙོ་བོ་ཡིན། ཁོང་གིས་ཁུང་ཙིའི་གཞུང་ལུགས་དར་སྤེལ་བཏང་བ་དང་། ཁུང་ཙི་ལྟར་དུ་ཆི་དང་ཝེ། སུང་། ལུའུ་རྒྱལ་ཕྲན་སོགས་ལ་སླེབས་ཀྱང་བསམ་བློར་མཐོང་ཆེན་མ་ཐོབ། ཁོང་གི་ལྟ་བ་ནི་མིའི་རང་གཤིས་སྐྱེས་པ་ཉིད་ནས་བཟང་བོ་ཡིན་ལ་རང་སེམས་ལ་ཚོད་འཛིན་གྱིས་ཐོག་མའི་རང་གཤིས་རྒྱུན་འཁྱོངས་དགོས་པ་དང་། ཆབ་སྲིད་ཐོག་དམངས་མཆོག་རྗེ་དམན་གྱི་ལྟ་ཚུལ་བཏོན་ཅིང་བྱམས་ཀྱིས་སྐྱོང་ནས་དམངས་སེམས་ཐོབ་དགོས་པ། རྒྱལ་པོས་སྐྱོན་ཆེན་པོ་བཟོས་པ་དང་བློན་པོའི་ཁ་ཏར་མ་ཉན་ཚེ་བློན་པོས་དབང་འཕྲོག་ན་ཆོག་པ། རྒྱལ་པོ་གདུག་ཅན་ཅེ་དང་ཀྲོའུ་ཡི་རྒྱལ་ཁབ་འཇིག་པའི་རྒྱུ་མཚན་ནི་དམངས་ལ་མནར་གཅོད་དང་གདུག་རྩུབ་བྱས་པས་དམངས་སེམས་མ་ཐོབ་པ་ཡིན་པར་འདོད། གཞན་ད་དུང་ཞིང་བར་ས་ཞིང་ངེས་ཅན་ཞིག་སྦྱིན་པ་དང་ཁྲིམས་དང་ཁྲལ་ཡང་མོར་གཏོང་དགོས་པར་འདོད། ཁོང་རང་ཉིད་ཀྱི་ལྟ་བ《མེང་ཙི》ཡི་ནང་དུ་བསྡུས་ཡོད་པ་དང་རྗེས་རབས་པས་འཕགས་མཆོག་གཉིས་པ་ཞེས་འབོད་ཅིང་། གོ་གནས་ཁུང་ཙིའི་འཕྲོར་བཞག་ནབ་བླ་རུ་བཀུར་ཞིང་། ཁོང་གིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་བྱས་རྗེས་ཆེན་པོ་བཞག


བརྡ་འགྲེལ་གདོང་འཛར།

མི་སྣ། ལོ་རྒྱུས་མི་སྣ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-30

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།