དཀྱིལ་འཁོར་བྲི་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《རྡོ་རྗེ་འཕྲེང་བ》དང《མི་ཏྲ་བརྒྱ་རྩ》ལ་སོགས་པ་གསང་སྔགས་ཀྱི་གཞུང་ནས་བཤད་པའི་ལྷ་ཡི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་ནས་བྲི་བ་དང་ཆུ་ཚོན་ལ་བརྟེན་ནས་བྲི་བ། དེ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་སྐབས་ལྷ་གནས་སོ་སོར་ལྷ་སྐུ་མི་འགོད་པར་ཕྱག་མཚན་དང་ས་བོན་གྱི་ཡི་གེ་གང་རིགས་བཀོད་པ་དང༌། རས་བྲིས་ཀྱི་དཀྱིལ་འཁོར་ལ་ལྷ་སྐུ་བཀོད་པའི་ཕྱག་སྲོལ་ཡོད།
1 རྒྱས་འགྲེལ།

《རྡོ་རྗེ་འཕྲེང་བ》དང《མི་ཏྲ་བརྒྱ་རྩ》ལ་སོགས་པ་གསང་སྔགས་ཀྱི་གཞུང་ནས་བཤད་པའི་ལྷ་ཡི་དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་ནས་བྲི་བ་དང་ཆུ་ཚོན་ལ་བརྟེན་ནས་བྲི་བ། དེ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་སྐབས་ལྷ་གནས་སོ་སོར་ལྷ་སྐུ་མི་འགོད་པར་ཕྱག་མཚན་དང་ས་བོན་གྱི་ཡི་གེ་གང་རིགས་བཀོད་པ་དང༌། རས་བྲིས་ཀྱི་དཀྱིལ་འཁོར་ལ་ལྷ་སྐུ་བཀོད་པའི་ཕྱག་སྲོལ་ཡོད། དེ་ཡང་ཐོག་མར་དཀྱིལ་འཁོར་སོ་སོའི་ཆ་ཚད་ངེས་པ་ཅན་གྱི་ཐིག་རྩ་བློར་བཟུང་ནས་སློབ་དཔོན་གྱི་དྲུང་དུ་ལག་ཁྲིད་དང་སློབ་སྦྱོང༌། རྒྱུགས་ལེན། དངོས་སྦྱོང་བཅས་སློབ་ཁྲིད་ཀྱི་རིམ་པ་རྣམས་བརྒྱུད། གཞི་ནས་དཀྱིལ་འཁོར་བྲི་བའི་ལས་ཀར་དངོས་སུ་ཞུགས་ཆོག་པ་ཡིན། ཐིག་རྩའི་སྐོར་རྒྱས་བསྡུས་སྣ་ཆོགས་ཡོད་པའི་ནང་ནས་ཐིག་རྩ་དང༌། ཚོན་འབྱེད། ཚོན་བཟོ། བློས་བསླང་བཅས་ཆ་ཚང་འཇུག་པ་བདེ་བ་ནི། རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོས་མཛད་པའི《ཐིག་གི་ལག་ལེན་རིམ་པ་གསལ་བར་བཤད་པ་བཟོ་རིག་མཛེས་པའི་ཁ་རྒྱན》ལྷ་ས་དཔར་མར་ཤོག་གྲངས85ཡོད་པ་དེ་ཡིན། འདིའི་ནང་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་དང༌། མཆོད་གཡོག་གིས་ངེས་པར་དུ་ཤེས་པར་བྱ་དགོས་པའི་ཐིག་རྩ་ལག་ལེན་དང་བཅས་པ་གོ་བདེ་ཞིང་ཞིབ་ཅིང་ཕྲ་བར་གསུངས་ཡོད་པས། འདིའི་ནང་དོན་ངོ་སྤྲོད་ནི་ཐིག་རྩ་ཞེས་པའི་སྐབས་སུ་གསལ་བས་དེར་གཟིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-05-22

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།