དཀྱིལ་འཁོར་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདི་ལ་གྲངས་འདྲེན་ཚུལ་མི་འདྲ་བ་བཞི་ཙམ་ཡོད་པ་སྟེ། གཅིག གསང་སྔགས་སྔ་འགྱུར་གྱི་གཞུང་རྣམས་ལས། 1.གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར། 2.ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་རྡུལ་ཚོན། རས་བྲིས་ཚོམ་བུའི་དཀྱིལ་འཁོར། 3.འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་བཅས་སུ་འདྲེན་པ་དང༌། གཉིས། 1.བསྐྱེད་པ་མ་ཧཱ་ཡོ་གའི་ཕྱི་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། 2.ལུང་ཨ་ནུ་ཡོ་གའི་ནང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར། 3.མན་ངག་ཨ་ཏི་ཡོ་གའི་གསང་བ་རྟོག་ཚོགས་ཆོས་ཀྱི་དཀྱིལ་འཁོར་ཞེས་སུ་འདྲེན་པ་ཡང་སྣང༌། གསུམ། གཞུང་འགའ་ཞིག་ནང༌། 1.ལུས་ལྷའི་དཀྱིལ་འཁོར། 2.ངག་སྔགས་ཀྱི་དཀྱིལ་འཁོར། 3.སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་འདྲེན་པར་གསུངས། བཞི། དགེ་ལུགས་ཕྱོགས་ཀྱི་སྔགས་གཞུང་རྣམས་སུ། 1.ཕྱི་རྡུལ་ཚོན། རས་བྲིས། ཚོམ་བུའི་དཀྱིལ་འཁོར། 2.ནང་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར། 3.གསང་བ་བསམ་གཏན་གྱི་དཀྱིལ་འཁོར་བཅས་སུ་འདྲེན་པར་གསུངས་པ་སོགས་གསུང་ཚུལ་མི་འདྲ་ཡང་དོན་ལ་འགལ་བ་མེད།།
1 རྒྱས་འགྲེལ།

འདི་ལ་གྲངས་འདྲེན་ཚུལ་མི་འདྲ་བ་བཞི་ཙམ་ཡོད་པ་སྟེ། གཅིག གསང་སྔགས་སྔ་འགྱུར་གྱི་གཞུང་རྣམས་ལས། 1.གཞི་ལྷུན་གྲུབ་རྩ་བའི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར། 2.ལམ་གཟུགས་བརྙན་ཐབས་ཀྱི་དཀྱིལ་འཁོར་རྡུལ་ཚོན། རས་བྲིས་ཚོམ་བུའི་དཀྱིལ་འཁོར། 3.འབྲས་བུ་རྣམ་དག་རང་བཞིན་གྱི་དཀྱིལ་འཁོར་བཅས་སུ་འདྲེན་པ་དང༌། གཉིས། 1.བསྐྱེད་པ་མ་ཧཱ་ཡོ་གའི་ཕྱི་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། 2.ལུང་ཨ་ནུ་ཡོ་གའི་ནང་སྒྱུ་མ་ལུས་ཀྱི་དཀྱིལ་འཁོར།  3.མན་ངག་ཨ་ཏི་ཡོ་གའི་གསང་བ་རྟོག་ཚོགས་ཆོས་ཀྱི་དཀྱིལ་འཁོར་ཞེས་སུ་འདྲེན་པ་ཡང་སྣང༌། གསུམ། གཞུང་འགའ་ཞིག་ནང༌། 1.ལུས་ལྷའི་དཀྱིལ་འཁོར། 2.ངག་སྔགས་ཀྱི་དཀྱིལ་འཁོར། 3.སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་འདྲེན་པར་གསུངས། བཞི། དགེ་ལུགས་ཕྱོགས་ཀྱི་སྔགས་གཞུང་རྣམས་སུ། 1.ཕྱི་རྡུལ་ཚོན། རས་བྲིས། ཚོམ་བུའི་དཀྱིལ་འཁོར། 2.ནང་རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར། 3.གསང་བ་བསམ་གཏན་གྱི་དཀྱིལ་འཁོར་བཅས་སུ་འདྲེན་པར་གསུངས་པ་སོགས་གསུང་ཚུལ་མི་འདྲ་ཡང་དོན་ལ་འགལ་བ་མེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-07-06

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།