ལྷ་ཁང་ཐང་སྔགས་ཁང་དབང་ཆེན་གྲུབ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རབ་བྱུང་བཅུ་བཞི་བའི་དཀྱིལ་ཏེ་སྤྱི་ལོ1828-1850ལོའི་བར་སྐབས་ཙམ་ལ། ཞབས་དཀར་ཚོགས་དྲུག་རང་གྲོལ་རྨ་ཆེན་གངས་བསྐོར་དུ་ཕེབས་པའི་ཕྱིར་ལམ། གང་ཟག་ཐ་མལ་ཚུལ་གྱིས་མ་ཎི་ཁང་འདིར་ཞག་བཞུགས་མཛད་སྐབས། སྡེ་བའི་མིང་ལ་ལྷ་ཁང་ཐང་དང་ཁྱོད་ཀྱི་མིང་ལ་རྒྱལ་མཚན་ཟེར་བས་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གསུངས་ཤིང་མ་ཎི་པ་ལ་བསྔགས་བརྗོད་ཚད་མེད་བྱས། རྨ་རྒྱལ་སྤོམ་རས་ཕུལ་བའི་དབུ་ཞྭ་མནབས་ཤིང་སྨོན་ལམ་རྣམ་དག་བཏབ་སྟེ་ཕེབས། ཕྱིས་སུ་མ་ཎི་བས་མ་ཎི་ཁང་རྒྱ་བསྐྱེད་དེ་སྔགས་པ་རྣམས་རྩ་འཛུགས་བྱས། རབ་བྱུང་བཅོ་ལྔ་བའི་མགོ་སྟེ། སྤྱི་ལོ1867-1877ལོའི་བར་སྐབས་ཙམ་ལ་སྔར་གྱི་སྨོན་ལམ་གྱི་མཐུས་ཞབས་དཀར་བའི་རྣམ་སྤྲུལ་སྐུ་ཞབས་རྒྱ་ཡན་རང་གྲོལ་སྡེ་འདིར་ཕེབས་ནས་སྔགས་འཆང་རིག་འཛིན་པ་གཙོ་བྱས་སྐྱེ་བོ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་གསང་ཆེན་བསྟན་པའི་དབུ་འཕང་དགུང་དུ་འདེགས་པའི་རྟེན་འབྲེལ་བྱུང་། སྐབས་དེར་ཁོང་གི་ཐུགས་བཀོད་བཞིན་སྔགས་འཆང་འགས་ཁུར་བཞེས་ཏེ་འདུ་ཁང་གྱན་ལྔ་བཅུ་ཅན་བཟོ་བཀོད་ཕུན་སུམ་ཚོགས་པ་ལེགས་གྲུབ་བྱུང་། དེའི་རྗེས་སུ་ཁམས་སངས་རྒྱས་རྡོ་རྗེ་དང་ཏིང་ཀྱཱ་སྐུ་ཕྲེང་གསུམ་པ་བདུད་འདུལ་རྡོ་རྗེ་སོགས་ཡུལ་གྲུ་འདིར་ཕེབས་ཏེ་གདུལ་བྱ་སོ་སོའི་འདོད་མོས་བཞིན་དབང་ལུང་ཁྲིད་གསུམ་གྱི་ཟབ་ཆོས་མང་པོ་ཕངས་མེད་དུ་བསྩལ། ཏིང་ཀྱཱ་བདུད་འདུལ་རྡོ་རྗེ་མཆོག་ལ་སྔགས་སྡེ་འདི་ཉིད་འཛིན་སྐྱོང་གནང་བར་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་ནས་བརྩེ་བས་བསྐྱངས། དབང་གྲགས་བསྟན་སྐྱོང་འཁོར་བཅས་བཀའ་བསྒོས་དམ་བཞག་གིས་དུས་ཀྱི་མཐའ་འདིར་གསང་སྔགས་བསྟན་པའི་སྲུང་མར་མངའ་གསོལ། བཙན་ཁང་དབང་གྲགས་འབར་བའི་ཕོ་བྲང་བཞེངས། གསར་དུ་གྲུབ་པའི་འདུ་ཁང་ལ་དབང་ཆེན་གྲུབ་པའི་དགའ་ཚལ་ཞེས་པའི་མཚན་གསོལ།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ།
གནས་ཡུལ།
ཟེ་བ་གྲོང་རྡལ་གྱི་ལྷ་ཁང་ཐང་སྡེ་བར་ཡོད།
1 ངོ་སྤྲོད།

སྔགས་ཁང་འདི་ནི་ཁྲི་ཀ་རྫོང་སྲིད་གཞུང་ནས་ནུབ་བྱང་དུ་སྤྱི་ལེ་ཉེར་གཉིས་ཀྱིས་ཆོད་པའི་ལྷ་ཁང་ཐང་སྡེ་བར་ཆགས་ཡོད། གནས་འདིར་དང་ཐོག་རབ་བྱུང་བཅུ་གསུམ་པའི་དུས་སུ་མ་ཎི་ཁང་ཞིག་ཡོད་ལ། མ་ཎི་འཁོར་ཆེན་དེའི་བདག་གཉེར་བའི་མིང་ལ་རྒྱལ་མཚན་ཟེར་བས། མི་ཚང་མས་དེ་ལ་རྒྱལ་མཚན་མ་ཎི་ཞེས་འབོད། རབ་བྱུང་བཅུ་བཞི་བའི་དཀྱིལ་ཏེ་སྤྱི་ལོ1828-1850ལོའི་བར་སྐབས་ཙམ་ལ། ཞབས་དཀར་ཚོགས་དྲུག་རང་གྲོལ་རྨ་ཆེན་གངས་བསྐོར་དུ་ཕེབས་པའི་ཕྱིར་ལམ། གང་ཟག་ཐ་མལ་ཚུལ་གྱིས་མ་ཎི་ཁང་འདིར་ཞག་བཞུགས་མཛད་སྐབས། སྡེ་བའི་མིང་ལ་ལྷ་ཁང་ཐང་དང་ཁྱོད་ཀྱི་མིང་ལ་རྒྱལ་མཚན་ཟེར་བས་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གསུངས་ཤིང་མ་ཎི་པ་ལ་བསྔགས་བརྗོད་ཚད་མེད་བྱས། རྨ་རྒྱལ་སྤོམ་རས་ཕུལ་བའི་དབུ་ཞྭ་མནབས་ཤིང་སྨོན་ལམ་རྣམ་དག་བཏབ་སྟེ་ཕེབས། ཕྱིས་སུ་མ་ཎི་བས་མ་ཎི་ཁང་རྒྱ་བསྐྱེད་དེ་སྔགས་པ་རྣམས་རྩ་འཛུགས་བྱས། རབ་བྱུང་བཅོ་ལྔ་བའི་མགོ་སྟེ། སྤྱི་ལོ1867-1877ལོའི་བར་སྐབས་ཙམ་ལ་སྔར་གྱི་སྨོན་ལམ་གྱི་མཐུས་ཞབས་དཀར་བའི་རྣམ་སྤྲུལ་སྐུ་ཞབས་རྒྱ་ཡན་རང་གྲོལ་སྡེ་འདིར་ཕེབས་ནས་སྔགས་འཆང་རིག་འཛིན་པ་གཙོ་བྱས་སྐྱེ་བོ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་གསང་ཆེན་བསྟན་པའི་དབུ་འཕང་དགུང་དུ་འདེགས་པའི་རྟེན་འབྲེལ་བྱུང་། སྐབས་དེར་ཁོང་གི་ཐུགས་བཀོད་བཞིན་སྔགས་འཆང་འགས་ཁུར་བཞེས་ཏེ་འདུ་ཁང་གྱན་ལྔ་བཅུ་ཅན་བཟོ་བཀོད་ཕུན་སུམ་ཚོགས་པ་ལེགས་གྲུབ་བྱུང་། དེའི་རྗེས་སུ་ཁམས་སངས་རྒྱས་རྡོ་རྗེ་དང་ཏིང་ཀྱཱ་སྐུ་ཕྲེང་གསུམ་པ་བདུད་འདུལ་རྡོ་རྗེ་སོགས་ཡུལ་གྲུ་འདིར་ཕེབས་ཏེ་གདུལ་བྱ་སོ་སོའི་འདོད་མོས་བཞིན་དབང་ལུང་ཁྲིད་གསུམ་གྱི་ཟབ་ཆོས་མང་པོ་ཕངས་མེད་དུ་བསྩལ། ཏིང་ཀྱཱ་བདུད་འདུལ་རྡོ་རྗེ་མཆོག་ལ་སྔགས་སྡེ་འདི་ཉིད་འཛིན་སྐྱོང་གནང་བར་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་ནས་བརྩེ་བས་བསྐྱངས། དབང་གྲགས་བསྟན་སྐྱོང་འཁོར་བཅས་བཀའ་བསྒོས་དམ་བཞག་གིས་དུས་ཀྱི་མཐའ་འདིར་གསང་སྔགས་བསྟན་པའི་སྲུང་མར་མངའ་གསོལ། བཙན་ཁང་དབང་གྲགས་འབར་བའི་ཕོ་བྲང་བཞེངས། གསར་དུ་གྲུབ་པའི་འདུ་ཁང་ལ་དབང་ཆེན་གྲུབ་པའི་དགའ་ཚལ་ཞེས་པའི་མཚན་གསོལ། འདུ་ཁང་གཡོན་གྱི་ཁོང་གི་སྒར་གཞིས་འཕྲིན་ལས་ཡིད་དགའ་ཞེས་པའང་དུས་དེར་བཞེངས། དེའི་རྗེས་སུ་སྐྱབས་མགོན་བདེ་ཆེན་རྒྱལ་པོས་ལེགས་པར་བསྐྱངས། འདི་ཉིད་ཞབས་དཀར་པའི་རྣམ་སྤྲུལ་སྐུ་གཞོགས་རྒྱ་ཡན་རང་གྲོལ་ལ་སྤྲུལ་སྐུ་གཉིས་བྱོན་པའི་སྒོ་མེ་སྐྱབས་མགོན་ཡིན་པར་གྲགས། འདི་ཉིད་སྤྱི་ལོ1918ལོར་སྐུ་འཁྲུངས་ཤིང་མཚན་གཞན་ལ་ཨ་ལགས་གངས་ཏེ་ཡང་ཟེར། སྤྱི་ལོ1955ལོར་སྔོན་གྱི་སྔགས་ཁང་གི་རྨང་གཞིའི་སྟེང་རྒྱ་བསྐྱེད་དེ་འདུ་ཁང་གྱན་བདུན་མ་ཅན་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་པ་སོགས་བརྩེ་གཟིགས་གནང་། སྤྱི་ལོ1958ལོར་ཁྲི་མོན་དུ་གཤེགས། གཞན་ཡང་སྔ་འགྱུར་རིང་ལུགས་འཛིན་པའི་སྐྱེས་ཆེན་དམ་པ་ཁམས་སྟག་ཤམ་དང་། དགུ་རོང་སྣ་ཚོགས་རང་གྲོལ། རྡོ་བ་ཆོས་ཀྱི་དབང་ཕྱུག དགུ་རོང་རྒྱལ་སྲས། ཁམས་སྐུ་ཆེ་ཆུང་སོགས་དམ་པ་མང་པོས་ཞབས་ཀྱིས་བཅགས་ཏེ། དབང་ལུང་ཁྲིད་གསུམ་གྱི་ཆོས་ཆར་མང་དུ་ཕབ་ནས་སྐྱེ་འགྲོ་རྣམས་སྨིན་གྲོལ་ལ་བཀོད་ཅིང་སྡེ་འདི་ལ་བརྩེ་གཟིགས་ཆེན་པོ་གནང་ངོ་།།

རྟེན་དང་བརྟེན་པའི་སྐོར་ལ། འདུ་ཁང་ནང་དུ་སློབ་དཔོན་རིན་པོ་ཆེའི་སྐུ་མི་ཚད་ཙམ་དང་གཡས་གཡོན་དུ་ཞི་ཁྲོ། རྟ་མགྲིན། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་ཀྱི་སྨན་སྐུ། ཞི་ཁྲོའི་དཀྱིལ་འཁོར་སོགས་ཀྱི་གྱན་ཐང་དང་གུ་རུའི་འཁྲུངས་རབས་ཀྱི་ཐང་ག་ཉི་ཤུ། གསུང་རྟེན་ལ་ཀློན་ཆེན་མཛོད་བདུན་དང་སྙིང་ཐིག་ཡ་བཞི། སྙིང་ཐིག་དུམ་གཉིས་སོགས་གླེགས་བམ་གང་མང་དང་། ཐུགས་རྟེན་ལ་ལྷ་ཁང་གི་མཐའ་སྐོར་དུ་མཐོ་ཚད་ལ་ཁྲུ་སུམ་ཅུ་ལྷག་གི་བྱང་ཆུབ་མཆོད་རྟེན་བདུན་དང་ལྷ་བབ་མཆོད་རྟེན་གཅིག་བཅས་མཆོད་རྟེན་བརྒྱད་ཡོད་པ་ཚང་མར་ལོ་རྒྱུས་ཧ་ཅང་རིང་བོ་ཡོད་པར་གྲགས། ལྷག་པར་དུ་ལྷ་ཁང་ར་ནང་གི་བྱང་ཆུབ་མཆོད་རྟེན་དེ་གནའ་སྔ་མོའི་དུས་ཏེ་མངའ་བདག་ཁྲི་རལ་གྱི་དུས་སུ་བཞེངས་ཤིང་གནས་དེར་དགེ་འདུན་གྱི་སྡེ་ཆུང་བའི་ལྷ་ཁང་ཞིག་ཡོད་པས་ཡུལ་འདིའི་མིང་ལའང་ལྷ་ཁང་ཐང་ཞེས་གྲགས་པ་ངག་རྒྱུན་དུ་མཆིས། ང་བརྒྱད་ལོར་མཆོད་རྟེན་དེ་ཡང་རྨང་ནས་བཤིག ཕྱིས་སུ་སྐུ་གསུང་ཐུགས་རྟེན་རྣམས་ལྷན་དུ་བསྡུས་ཏེ་བྱང་ཆུབ་མཆོད་རྟེན་ཆེན་མོ་དེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་སླར་ཡང་བསྐྲུན། གཞན་ཏིང་ཀྱཱ་བདུད་འདུལ་རྡོ་རྗེའི་གཟིམ་ཁང་དེ་ཕྱིས་སུ་སྲས་བདེ་ཆེན་རྒྱལ་པོས་ཞིག་གསོ་བྱས་ནས་དེར་བཞུགས་པས་སྐྱབས་མགོན་སྒར་བ་ཟེར་བ་དེ་དང་། དེའི་ཉེ་འགྲམ་གྱི་ཞེ་ཆེན་སྒར་བར་ཡང་སྐུ་གསུང་ཐུགས་རྟེན་མང་པོ་དང་དབང་དྲག་འབར་བའི་ཕོ་བྲང་དུའང་རྟེན་མང་པོ་བཞུགས་སོ།།

ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་པོ་ལག་བསྟར་བྱས་རྗེས་དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར་སྤྱི་ལོ1981ལོར་སྡེ་འདིའི་ཆོས་སྒོ་ཕྱེ་བའི་ཆོག་མཆན་དངོས་སུ་གནང་སྟེ་དོ་དམ་ལྷན་ཚོགས་གསར་འཛུགས་བྱས་སྔོན་གྱི་འདུ་ཁང་དང་བཙན་ཁང་ལ་གནོད་སྐྱོན་བྱུང་བ་ཉམས་གསོ་དང་ནང་རྟེན་གསར་དུ་བཞེངས་པར། གུ་རུ་མཚན་བརྒྱད་དང་འཇམ་དབྱངས། ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། གསང་བདག་དང་བཀའ་བརྒྱད། རྟ་མགྲིན། གེ་སར་རྒྱལ་པོ་བཅས་ཀྱི་འབག་སྐུ་གྱན་ཚད་རེ་དང་། འོད་དཔག་མེད། སྒྲོལ་མ། གདུགས་དཀར། ཟངས་མདོག་དཔལ་རིའི་ཞིང་བཀོད་སོགས་གྱན་ཐང་དང་། གུ་རུ་མཚན་བརྒྱད་དང་འོད་དཔག་མེད་ཀྱི་ཐང་ག ཆོས་སྐྱོང་སོ་སོའི་ཞལ་འབག་དང་འཆམ་ལྭ་སོགས་མཆོད་རྫས་ཀྱི་བྲེ་བྱག་མང་བོ་བཞུགས། སྤྱི་ལོ1987ལོར་དད་གཏོང་གི་ཕྱག་རྒྱ་ཡངས་པའི་སྦྱིན་བདག་དབང་འབུམ་རྒྱལ་དང་སྔགས་འཆང་བློ་ལྡན་གཉིས་ཀྱིས་མཐུན་རྐྱེན་སྦྱར་བར་བརྟེན། འདུ་ཁང་གི་མདུན་ཕྱོགས་སུ་བྱང་ཆུང་མཆོད་རྟེན་ལེགས་ཤོས་ཤིག་བཞེངས་གྲུབ་བྱུང་། སྤྱི་ལོ1988ལོའི་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྔགས་ཁང་འདི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བཞག

ལོ་རེའི་ཆོས་ཐོག་གི་རིམ་པ་ལ། ཟླ་དང་པོར་བླ་མ་གསང་འདུས་ཀྱི་ཆོ་ག་དང་དེའི་ཚེས་དགུའི་ཉིན་འབག་འཆམ། འདིའི་ཕྱག་རྒྱུན་ནི་རབ་རྒྱལ་བགྲང་བྱ་བཅོ་ལྔའི་ཡས་མས་སུ་ཁམས་ཞེ་ཆེན་དགོན་པའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་དང་དེ་གའི་འཆམ་དཔོན་གཉིས་སྡེ་འདིར་ཕེབས་ཏེ་ཟླ་གསུམ་རིང་འཆམ་ཁྲིད་བྱས་ནས་བཙུགས་པ་ཡིན། བཞི་བར་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་དང་བཞི་བའི་མ་ཎི། ལྔ་བར་བདེ་ཆེན་ཞིང་སྒྲུབ། བཅུ་བར་བཀའ་བརྒྱད་དང་ཞི་ཁྲོ། དེའི་ཚེས་དགུ་དང་བཅུ་གཉིས་ལ་ཆོས་སྐྱོང་རྣམས་ཀྱི་འཆམ་བཅས་པའི་ཆོས་ཐོག་རྣམས་སླར་གསོ་བྱས་ཏེ། སྔགས་པ་ལྔ་བཅུ་ལྷག་བཞུགས་པས་སྒྲིག་ལམ་རང་ཁུར་སྒོས་ཆོས་སྤྱོད་རྣམས་ཡར་ལྡན་དུ་སྤེལ་བཞིན་པའི་སྐབས་ལགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།