ལམ་ལུང་མ་ཎི་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཎི་ཁང་འདི་ནི་སྤྱི་ལོ1987ལོར་སྡེ་དཔོན་རིག་འཛིན་རྒྱལ་དང་བསོད་ནམས་གཉིས་ཀྱི་རིང་ལ་ལས་དཔོན་གཙོ་བོ་སྤྲུལ་བའི་སྐུ་ཨ་ལགས་ཕུན་ཚོགས་དང་རིག་འཛིན་རྒྱལ། ཡུལ་ལྷ། དཔའ་ཧྲེ། དཔལ་ལྡན། བསོད་ནམས་རྒྱལ། ལྕགས་ཐར་བཅས་ཀྱིས་འགན་ཁུར་ཏེ་མ་ཎི་ཁང་གསར་བཞེངས་གནང་སྟེ་གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་རྒྱ་གར་མཁའ་གྲུབ་ཡོངས་ཀྱི་དགོངས་བཅུད་བསྟན་འགྱུར་ཆེན་མོ་གཉིས་ལ་ན་བཟའ་དང་གདོང་སྡེར་ཆ་ཚང་བཅས་ཕུལ་ཏེ་བཞུགས་སུ་གསོལ། སྐུ་རྟེན་ལ་རྗེ་སྟོང་སྐུ་དང་སྒྲོལ་མའི་བརྒྱ་ཐང་། བླ་མཆོད་ཚོགས་ཞིང་། གདུགས་དཀར། ཐུགས་རྗེ་ཆེན་པོ། དཔལ་ལྡན་ལྷ་མོ་བཅས་ཀྱི་ཞལ་ཐང་བཞུགས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
兰木龙嘛呢康
བཞེངས་ལོ།
སྤྱི་ལོ1987ལོར་བཞེངས།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཨིར་སྟི་ཡུལ་ཚོ།
གནས་ཡུལ།
ཨིར་སྟི་ཡུལ་ཚོ་ལམ་ལུང་སྡེ་བར་ཡོད།
1 ངོ་སྤྲོད།

ལམ་ལུང་སྡེ་བ་ནི་སྤྱི་ལོ1965ལོར་ཨིར་སྟི་ལས་ལོགས་སུ་བཀར་རྗེས་རང་སྡེའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་སྡེ་འབངས་ཡོངས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་སྤྱི་ལོ1987ལོར་སྡེ་དཔོན་རིག་འཛིན་རྒྱལ་དང་བསོད་ནམས་གཉིས་ཀྱི་རིང་ལ་ལས་དཔོན་གཙོ་བོ་སྤྲུལ་བའི་སྐུ་ཨ་ལགས་ཕུན་ཚོགས་དང་རིག་འཛིན་རྒྱལ། ཡུལ་ལྷ། དཔའ་ཧྲེ། དཔལ་ལྡན། བསོད་ནམས་རྒྱལ། ལྕགས་ཐར་བཅས་ཀྱིས་འགན་ཁུར་ཏེ་མ་ཎི་ཁང་གསར་བཞེངས་གནང་སྟེ་གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་རྒྱ་གར་མཁའ་གྲུབ་ཡོངས་ཀྱི་དགོངས་བཅུད་བསྟན་འགྱུར་ཆེན་མོ་གཉིས་ལ་ན་བཟའ་དང་གདོང་སྡེར་ཆ་ཚང་བཅས་ཕུལ་ཏེ་བཞུགས་སུ་གསོལ། སྐུ་རྟེན་ལ་རྗེ་སྟོང་སྐུ་དང་སྒྲོལ་མའི་བརྒྱ་ཐང(སྦྱིན་བདག་སྒྲོལ་མ་ཚེ་བརྟན་དང་དམ་ཆོས) བླ་མཆོད་ཚོགས་ཞིང་། གདུགས་དཀར། ཐུགས་རྗེ་ཆེན་པོ། དཔལ་ལྡན་ལྷ་མོ(དམ་ཆོས)བཅས་ཀྱི་ཞལ་ཐང་བཞུགས་པ་དང་། ཆོས་དུས་ལ་རྒྱ་ལོ་བཅོ་ལྔ། གཉིས་པའི་བཅུ་གཅིག དྲུག་པའི་མ་ཎི། དགུ་པའི་ཉེར་གཉིས། བཅུ་བའི་ལྔ་མཆོད། བཞི་པའི་སྨྱུང་གནས་སོགས་དུས་ལྟར་ཚོགས་བཞིན་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།